དེ་ཡང་ཚེས་༢༧ ཉིན་བྷི་བྷི་སིའི་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་དར་སྲོལ་ཆེ་བའི་ལག་ཐོགས་ཁ་པར་ཨ་ཡི་ཧྤོན་IPHONE གྱི་བཟོ་གྲྭ་གཙོ་བོ་ཐེ་ཝན་ནང་ཡོད་པ་དང། དེ་དང་འབྲེལ་ནས་རྒྱལ་ཁབ་མང་པོའི་ནང་བཟོ་གྲྭ་འདི་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་ཅིང། རྒྱ་གར་ལྷོ་ཕྱོགས་མཱ་དྷ་ར་སིའི་ནང་ལག་ཐོགས་ཁ་པར་འདིའི་བཟོ་གྲྭ་ཞིག་བཙུགས་ཡོད་པའི་ནང་།
བཟོ་པ་༢༥༠ དུས་གཅིག་ནང་ཁ་པར་ལས་རིགས་ཀྱིས་རྐྱེན་བྱས་ཏེ། ངོས་འཛིན་མི་ཐུབ་པའི་ནད་གཞི་ཕོག་ཡོད་པས། དེང་སྐབས་བཟོ་པ་དེ་དག་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། ལག་ཐོགས་ཁ་པར་གྱི་བཟོ་གྲྭ་དེ་གནས་སྐབས་སྒོ་རྒྱག་དགོས་བྱུང་ཡོད་པ་རེད།
སྤྱིར་འཛམ་གླིང་ནང་ལག་ཐོགས་ཁ་པར་འདིའི་བཟོ་པ་ཁྱོན་༨༠༠༠༠༠ ཟིན་གྱི་ཡོད་པའི་ནང་མང་ཆེ་བ་རྒྱ་ནག་ཏུ་ཡོད་པ་དང། ཉེ་དུས་རྒྱ་ནག་ཏུ་ཡོད་པའི་ལག་ཐོགས་ཁ་པར་འདིའི་བཟོ་པ་མང་པོ་རང་ཤི་བརྒྱབ་ཡོད་པས། ས་གནས་སོ་སོས་ཞིབ་འཇུག་བྱེད་སྐབས། ལས་རིགས་འདི་དང་འབྲེལ་ནས་མིའི་གཟུགས་ཁམས་ལ་ནད་གཞི་ཡོང་བའམ། ཀླད་པའི་བྱེད་ལས་ལ་རྒྱུན་ལྡན་མ་ཡིན་པའི་ཤུགས་རྐྱེན་ཕོག་པ་གང་ཡིན་ངོས་འཛིན་བྱེད་དཀའ་ཚུལ་བརྗོད་ཡོད་པ་ལས། རང་ཤི་རྒྱག་དགོས་པའི་རྒྱུ་རྐྱེན་དང་དུས་གཅིག་ནང་བཟོ་པ་མང་པོ་ནད་པ་ཆགས་པའི་རྒྱུ་རྐྱེན། ནད་རིགས་གཞན་གྱི་དཔང་རྟགས་རྙེད་མེད་ཚུལ་ཁྱབ་བསྒྲགས་བྱས་ཡོད་པས། ཐེ་ཝན་ནང་གི་ལག་ཐོགས་ཁ་པར་གྱི་བཟོ་གྲྭའི་དྲིལ་བསྒྲགས་ཡིག་ཆའི་ནང། ལག་ཐོགས་ཁ་པར་འདིའི་བཟོ་པ་མང་པོ་གློ་བུར་དུ་ཤི་བ་དང། དུས་གཅིག་ནང་མི་མང་པོ་ནད་པ་ཆགས་པའི་རྒྱུ་རྐྱེན་དེ་ངེས་པར་དུ་འཚོལ་ཞིབ་བྱེད་དགོས་ཞེས་ཁྱབ་བསྒྲགས་བྱས་ཡོད་འདུག །










བསམ་ཚུལ།
RSS feed for comments to this post.