བོད་ཀྱི་བང་ཆེན། གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། བོད་ཀྱི་རྒྱལ་དར་རིས་ཅན་གྱི་རླངས་འཁོར་བཟོ་བཀོད།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

བོད་ཀྱི་རྒྱལ་དར་རིས་ཅན་གྱི་རླངས་འཁོར་བཟོ་བཀོད།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

toyota-2ཨ་རིའི་ས་ཁུལ་ཨཱ་ལ་ས་ཀ་མངའ་ཁུལ་ནས་ཡིན་པ་དུས་རྒྱུན་བོད་པར་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཁཱལ་ཇོན་སི་ཡིས་བཟོ་བཀོད་གནང་བའི་རླངས་འཁོར་གྱི་ཚོན་མདོག་དེ་བོད་ཀྱི་རྒྱལ་དར་གྱི་རི་མོ་ལྡན་པ་དང། རླངས་ཁོར་གྱི་བློ་གཡས་གཡོན་གཉིས་སུ་བོད་རང་བཙན་ཞེས་ཡི་གེ་འཁོད་པ་དེ་ནི་ཕྱི་ལོ་༢༠༡༠ ལོའི་ནཱ་སི་ཁར་ཞེས་པའི་རླངས་འཁོར་ཚོན་མདོག་འགྲན་སྡུར་ནང་དུ་ཞུགས་རྒྱུ་ཡིན་པ་རེད།



toyotaསྐུ་ཞབས་ཁཱལ་ཇོན་སི་ཡིས་ཕ་ཡུལ་དྲ་རྒྱར་འགྲེལ་བརྗོད་གནང་བ་ལྟར་ན། བོད་ཀྱི་གནས་ཚུལ་ཤེས་རྟོགས་མེད་པའི་མི་གྲངས་སྟོང་ཕྲག་གི་མདུན་དུ་ངོ་སྤྲོད་བྱེད་པའི་ཐབས་ལམ་ཡག་པོ་ཞིག་ཡིན་པའི་སྐོར་དང། ད་དུང་ཁོང་གིས་གློག་ཀླད་ཀྱི་ནང་དུ་ཇུས་འགོད་བྱས་པ་དེ་རྩེ་ཕུད་བཅུའི་གྲས་སུ་འཛུལ་ཞུགས་ཐུབ་ཚེ་དངོས་སུ་མི་མང་ཁྲོད་དུ་མང་ཚོགས་ཀྱིས་དགའ་མོས་ཆེ་ཆུང་གི་འོས་འདེམས་བྱེད་པའི་མཐའ་མའི་འགྲན་སྡུར་ནང་དུ་ཞུགས་ཐུབ་རྒྱུ་དང། མཐའ་མའི་རྒྱལ་ཁ་ཐོབ་མཁན་གྱི་བཟོ་བཀོད་དེ་ཊོ་ཡོ་ཊ་ནཱ་སི་ཁར་རླངས་འཁོར་རྒྱུག་འགྲན་བྱེད་པའི་རླངས་འཁོར་གྱི་ཐོག་ཏུ་དངོས་སུ་ཚོན་མདོག་དེ་བཀོད་ནས། ལོ་འདིའི་ལོ་མཇུག་ཏུ་འགྲན་སྡུར་དངོས་གཞིའི་སྐབས་སུ་ཨ་རིའི་ཨེ་རི་ཛོ་ན་མངའ་སྡེའི་གྲོང་ཁྱེར་ཧྥོ་ནེག་སེ་རུ་བཤམས་སྟོན་བྱེད་རྒྱུ་རེད་འདུག

(འོས་ཤོག་འཕེན་སའི་ཁ་བྱང།) http://www.sponsafier.com/#/gallery/view/356094

རླངས་འཁོར་བཟོ་བཀོད་ཀྱི་བརྒྱུད་རིམ་ནང་དུ། སྡེ་ཚན་བཅུ་ནས་རླངས་འཁོར་གྱི་བཟོ་བཀོད་བཅུ་རེ་བྱས་ནས་རླངས་འཁོར་གྱི་བཟོ་བཀོད་༡༠༠ ཡོད་པ་དེ་རྣམས་ལ་མི་མང་གིས་དྲ་རྒྱའི་བརྒྱུད་འོས་ཤོག་འཕེན་དགོས་ཀྱི་ཡོད་པ་དང། འོས་ཤོག་འཕེན་པའི་དུས་ཚོད་དེ་ཡང་ཉིན་༡༡ ལས་ལྷག་མེད་པ་རེད། གལ་སྲིད་བོད་རང་བཙན་ཞེས་པའི་བཟོ་བཀོད་དེར་རྒྱལ་ཁ་ཐོབ་པ་ཡིན་ན། བརྙན་འཕྲིན་གྱི་བརྒྱུད་ལམ་ཁག་ཏུ་ཐོན་རྒྱུ་མ་ཟད། དེའི་སྐོར་ལ་བགྲོ་གླེང་ལ་སོགས་པ་བྱེད་རྒྱུའི་ཚོད་དཔག་གནང་གི་ཡོད་པ་རེད་འདུག

གནས་ཚུལ་འདི་ལྟ་བུའི་རིགས་ལ་བོད་མི་ཚོའི་ངོས་ནས་དོ་སྣང་བྱེད་དགོས་པ་དང། དེ་ལ་རྒྱབ་སྐྱོར་བྱས་ནས་མཐའ་མའི་རྒྱལ་ཁ་འཐོབ་ཐབས་བྱ་རྒྱུ་ནི་གལ་ཆེན་པོ་ཞིག་རེད་ལ། བོད་མི་རྣམས་ཀྱིས་ངེས་པར་དུ་འོས་ཤོག་འཕེན་དགོས་པ་ཞིག་ཆགས་ཡོད་པ་རེད།།

མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༨, ༡༣' )  

མཆན་སྣོན།


ཉེན་སྲུང་ཨང་རྟགས།
བསྐྱར་སོས།

  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow