བོད་ཀྱི་བང་ཆེན། གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། འབར་མའི་དམག་སྤྱི་ཆོས་ཀྱི་མཛད་སྒོར་ཞུགས་འདུག

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

འབར་མའི་དམག་སྤྱི་ཆོས་ཀྱི་མཛད་སྒོར་ཞུགས་འདུག

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
འབར་མའི་ནང་ཆོས་ཀྱི་ལྟེ་གནས་ཤའི་ཝ་ཌ་གྷོན་ལྷ་ཁང་ནང་། ཆོས་ལུགས་ཀྱི་མཛད་སྒོ་ཆེན་པོ་ཞིག་འཚོགས་ཡོད་པ་དང། སྐབས་དེར་འབར་མའི་དམག་སྤྱི་ཆེན་མོས་སྲོལ་རྒྱུན་གྱི་འགྲོ་ལུགས་ལྟར། གླང་ཆེན་དཀར་པོ་ཞིག་ཞོན་ནས་ཆོས་ཀྱི་མཛད་སྒོར་ཞུགས་ཡོད་པས། མི་རྣམས་ཀྱིས་དམག་གཞུང་དབང་འཛིན་པས་འདི་ལྟར་བྱེད་དོན་གང་ཡིན་ཞེས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་ཨི་པཱོ་ཁཱི་དུས་བབས་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། འབར་མིའི་གཞུང་དེ་དམག་གཞུང་དབང་འཛིན་པའི་མངའ་འོག་ཏུ་ཤོར་ནས་ལོ་བཅུ་ཕྲག་གཅིག་ཡོལ་ཟིན་པ་དང། ཉེ་དུས་འབར་མའི་དགེ་འདུན་པ་སྟོང་ཕྲག་མང་པོས་སྣེ་ཁྲིད་ནས། མང་གཙོའི་ཚོགས་པ་སོགས་ཀྱིས་དམག་གཞུང་ལ་ཞི་བའི་གྱེན་ལངས་ཆེན་པོ་བྱེད་སྐབས། འཛམ་གླིང་གི་རྒྱལ་ཁབ་མང་པོས་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར། འབར་མའི་གཞུང་གིས་དྲག་གནོན་ཤུགས་ཆེན་བྱས་ཡོད་པ་དང། དེ་བཞིན་འབར་མའི་ཡུལ་དུ་ཆུ་ལོག་ཆེན་པོ་བྱུང་སྐབས། ཕྱི་ལོག་གི་རོགས་རམས་ཡོངས་རྫོགས་བཀའ་འགོག་བྱས་ནས། འབར་མའི་མི་སེར་ཁྲི་ཚོ་བརྒལ་བ་བཀྲེས་ལྟོགས་དང་ནད་ཡམས་ཀྱིས་རྐྱེན་ལམ་དུ་སོང་ཡོད་པ་རེད།

ད་ཐེངས་ཀྱི་ཆོས་ལུགས་མཛད་སྒོའི་ཐོག་འབར་མའི་དམག་སྤྱི་ཆེན་མོས། གླང་ཆེན་དཀར་པོ་ཞིག་ཞོན་ནས་འཛུལ་ཞུགས་བྱས་པ་དེ། ཡུལ་དེ་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བརྒྱུད་ལམ་དུ་ཁྱབ་བསྒྲགས་དང། བགྲོ་གླེང་ཤུགས་ཆེན་བྱས་ཡོད་པ་རེད། ལ་ལས་སྔོན་དུས་འབར་མ་རྒྱལ་པོའི་རིང་ལུགས་འོག་ཡོད་པའི་སྐབས། རྒྱལ་པོ་ཚོས་རང་ཉིད་ཀྱི་སྟོབས་ཤུགས་ངོམ་ཆེད་དུ་གླང་ཆེན་ཞོན་ནས། ཡུལ་སྐོར་དང་ཆོས་ལུགས་ཀྱི་མཛད་སྒོའི་ནང་ཞུགས་སྲོལ་ཡོད་པ་བཞིན། ད་ཐེངས་དམག་སྤྱི་འདིས་ཀྱང་སྟོབས་ཤུགས་ངོམ་གྱི་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད།

ཡང་ལ་ལས་སྟོན་པ་བཅོམ་ལྡན་འདས་འཁྲུངས་པའི་སྐབས། གླང་ཆེན་ཐོད་དཀར་ཡུམ་གྱི་གཟིམ་ལམ་དུ་བྱུང་བ་སོགས། གླང་ཆེན་དཀར་པོ་ཆོས་ཀྱི་བྱེད་སྒོ་དང་འབྲེལ་བ་ཡོད་ཚུལ་ཡང་བརྗོད་བཞིན་ཡོད་པ་རེད། གང་ལྟར་གྲྭ་བཙུན་དང་མང་གཙོ་དོན་གཉེར་བ། ཆབ་སྲིད་བཙོན་པ་སོགས་དགྲ་རུ་འཛིན་བཞིན་པའི་འབར་མའི་དམག་སྤྱི་ཆེན་མོའི་བྱ་སྤྱོད་འདིར། མི་རྣམས་ཀྱིས་བགྲོ་གླེང་བྱེད་བཞིན་ཡོད་པ་རེད།།



མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༠༨, ༡༦' )  

བསམ་ཚུལ།  

 
0 #1 གསེར་རྟ་ཆོས་དབྱིངས། ༢༠༡༠-༠༨-༡༢ ༡༦:༠༥
འབར་མ་ནི་ནང་པའི ་རྒྱལ་ཁབ་ཅིག་ཡི ན་པའི་ཆ་ནས་དམག་ སྤྱི་ཡང་ཆོས་ཀྱི ་མཛད་སྒོར་ཞུགས་ པ་འདི་བཟང་ཕྱོགས ་ཀྱི་སྤྱོད་པ་ཞི ག་ལ་ངོས་བྱ་རྒྱུ ་ཡིན།
Quote
 

མཆན་སྣོན།


ཉེན་སྲུང་ཨང་རྟགས།
བསྐྱར་སོས།

  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow