པའོ་ཞུན་རྒྱ་ཡིག་དྲ་གནས་ཐོག་ཟླ་འདིའི་ཚེས་༡ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཉེས་དུས་རྒྱ་ནག་པེ་ཅིང་ཉེན་རྟོག་པས་ཕྱོགས་ནས་ས་གནས་སོ་སོའི་ཡུལ་སྐོར་སྤྲོ་འཆམ་ཚན་པ་དང་གསོལ་མགྲོན་ཁང་།གཟུགས་པོ་འཁྲུ་སའི་ཚན་པ་སོགས་སུ་བོད་རིགས་དང་ཡུ་གུར་མི་རིགས་ཡོང་ཡིན་ན། ངེས་པར་དུ་ས་གནས་སྤྱི་བདེ་ཚན་ཁག་ལ་སྙན་སེང་ཞུ་དགོས་ཞེས་ཛ་དྲག་གི་བརྡ་ཁྱབ་འགྲེམས་སྤེལ་བྱས་ཡོད་པ་རེད་འདུག
བརྡ་ཁྱབ་དེའི་ནང་ལ་། འཛིན་སྐྱོང་སྡེ་ཚན་ཁག་གི་རེ་བ་ལྟར་། ཉི་མ་དེ་རིང་ནས་བཟུང་། གལ་ཏེ་ས་ཁུལ་ཁག་གི་ཡུལ་སྐོར་སྤྲོ་འཆམ་ཚན་པ་དང་གཟུགས་པོ་འཁྲུ་སའི་ཚན་པ་སོགས་ཀྱི་ནང་དུ་བོད་དང་ཡུ་གུར་མི་རིགས་རྣམས་ཡོང་བའམ། གནས་སྡོད་བྱས་པ་ཤེས་ཚེ་བརྟག་དཔྱད་བྱེད་དགོས་པ་དང་། གོང་གསལ་གི་མི་རིགས་སྡོད་གནས་གང་ཞིག་ཏུ་བསྡད་ཚེ་ངེས་པར་དུ་དོ་ནན་པོ་སྒོ་ནས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་པས་མ་ཚད་ས་གནས་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས།
གཞན་ཡང་ཚོགས་པ་ཁག་གིས་ཡུལ་སྐོར་བ་རྣམས་ཀྱི་ལོ་རྒྱུས་ཐོ་འགོད་བྱེད་སྐབས་མི་རིགས་གང་གི་ཡིན་པ་དེ་ཐོ་འགོད་གཟབ་ནན་བྱེད་དགོས་པ་ཞེས་བྲིས་ཡོད་པ་རེད་འདུག།།










