
བོད་གཞུང་གི་སྲི་ཞུ་བ་ན་གཞོན་ཁག་གཅིག་གིས་དང་བླང་ཐོག་ནས། ལྷན་ཁང་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ཀྱི་ལས་བྱེད་རྣམས། ནང་ཕན་ཚུན་མཐུན་ལམ་དང། དེ་བཞིན་གཟུགས་པོའི་ལུས་རྩལ་དང་འབྲེལ་བའི་འཕྲོད་བསྟེན་ལ་དམིགས་ནས། གཞུང་གི་ལྷན་ཁང་ཁག་དང། གངས་སྐྱིད་ཀྱི་ཉེ་འཁོར་གྱི་རྩེད་འགྲན་པ་རྣམས་རུ་ཁག་ཆ་བགོས་ཀྱིས་གངས་སྐྱིད་དུ་བདུན་འགའི་རིང་ལག་རྩེད་སྤོ་ལོ་འགྲན་སྡུར་བྱས་ཡོད་པ་དང།
ཟླ་འདིའི་ཚེས་༣ ཉིན་མཐའ་མའི་རྒྱལ་ཁ་བདེ་སྲུང་རུ་ཁག་ལ་ཐོབ་ནས། ཉིན་དེའི་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཟེངས་རྟགས་སྤྲད་ཡོད་པ་རེད། གཟེངས་རྟགས་ལ་ཧིན་སྒོར་༢༥༠༠ ཡོད་པ་དེ་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་བྱུང་ཡུལ་དུ་ཞལ་འདེབས་བསྡུ་མཁན་༤།༡༤ ཚོགས་པ་དེར་སྤྲོད་རྒྱུ་ཡིན་ཞེས་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་བྱས་སོང།།