རྒྱ་གར་ནས་ཡིན་པའི་ར་ཇོ་དྷེ་ཝི་ལོ་ཧན་ནི་ཕྲུ་གུ་བཙའ་མཁན་གྱི་བུད་མེད་ལོ་ཆེ་ཤོས་ཡིན་པ་རེད། ད་ལོ་ན་ལོ་༧༡ ལ་སོན་ཡོད་པ་དང་། འདས་ལོ་༢༠༠༨ ལོར་ཁོང་ལོ་ན་༧༠ སོན་པའི་སྐབས་ཕྲུ་གུ་དང་པོ་དེ་བཙས་པ་དང་།
དེའི་ཆེད་ཁོང་གིས་ལོ་ངོ་༤༠ ལྷག་ཙམ་རེ་སྒུག་བྱས་ཡོད་པ་རེད། ད་ཆ་ཁོང་གིས་ཕྲུ་གུ་དེ་གསོ་སྐྱོང་གང་ལེགས་བྱེད་ཀྱི་ཡོད་པ་དང་། ཉུང་མཐར་ལོ་གསུམ་ཙམ་རིང་ཕྲུ་གུར་འོ་མ་སྟེར་རྒྱུུ་ཡིན་ཞེས་བརྗོད་ཡོད་པ་རེད།









