ཕྱི་ལོ་༡༩༥༡ ལོར་མོ་རན་གྷ་ཡཱོན་ལ་མཚེ་ཕྲུག་ལུས་སྦྲེལ་བ་ཞིག་སྐྱེས་པ་དང་། སྐྱེས་ཟིན་རྗེས་སྨན་པས་སོ་སོར་དབྱེ་ཐབས་གནང་བ་དང་སྐབས་དེར་གྲུབ་འབྲས་མ་ཐོན་པ་མ་ཟད། ཕྲུ་གུ་གཉིས་ཀྱི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་བྱུང་། ཕ་མ་གཉིས་ལ་བྱེད་ཐབས་བྲལ་ནས་དཀའ་ངལ་ཆེན་པོ་འཕྲད་པ་རེད།
མཚེ་མ་གཉིས་ཀྱི་མིང་ལ་རོན་ནི་དང་ཌོན་ནི་ཟེར་གྱི་ཡོད་ལ། ད་ཆ་ལོ་༥༨ ལ་སླེབས་པ་དང་། ཁོང་གཉིས་ཐེངས་མང་འཆི་གྲབས་བྱས་པས། ད་ལྟ་དངོས་སྒྲུང་གློག་བརྙན་བཟོ་མཁན་ཁག་ཅིག་གིས་པར་བརྒྱབ་ནས་མི་ཚེའི་ལོ་རྒྱུས་དངོས་གློག་བརྙན་གྱི་ལམ་ནས་བཟོ་བཞིན་ཡོད་འདུག།









