བོད་ཀྱི་བང་ཆེན། གསར་འགྱུར། ཡ་མཚན་དངོས་བྱུང་། འཛམ་གླིང་ནང་གི་མི་ཐུང་ཤོས་ལ་གཟེངས་རྟགས་སྤྲད་པ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

འཛམ་གླིང་ནང་གི་མི་ཐུང་ཤོས་ལ་གཟེངས་རྟགས་སྤྲད་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

sm111དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་བལ་ཡུལ་ནས་བྷི་བྷི་སའི་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟར་ན། རང་ལོ་༡༨ ལ་སོན་པའི་བལ་པོ་ཁཱ་གྷན་ར་ཐ་པཱ་མཱ་གྷར་ཟེར་བར། འཛམ་གླིང་ནང་གི་མི་གཟུགས་པོ་ཐུང་ཤོས་ཆགས་ཡོད་པ་རེད།


ཁཱ་གྷན་ར་ཐ་པཱ་མཱ་གྷར་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ནས་རྒྱང་ཐག་ཅུང་ཟད་རིང་བའི་བྷག་ལོན་རྫོང་ཁོངས་སུ་སྐྱེས་ཤིང། སྐྱེས་དུས་ནས་ལྗིད་ཚད་སོགས་མིའི་ཚད་ལོངས་མེད་པ་དང། དེ་ནས་རིམ་གྱིས་ལོ་མང་པོ་སོང་རུང་གཟུགས་པོ་འཚར་ལོངས་བྱུང་མེད་པས། ད་ལྟའི་སྐབས་རང་ལོ་༡༨ ལ་སོན་ཡོད་རུང་གཟུགས་པོ་ཚད་གཞི་བྱིས་པ་ལོ་གསུམ་ཙམ་གྱི་ཚད་ལས་མེད་པ་རེད།


sm11འཛམ་གླིང་ཟིན་ཐོ་ལྷན་ཁང་གི་འཐུས་མི་ཁག་གཅིག བལ་ཡུལ་དུ་ཡོང་ནས་ཁཱ་གྷན་ར་ཐ་པཱ་མཱ་གྷར་གྱི་གཟུགས་པོ་དང་ལོ་ཚད་ལ་ཞིབ་འཇུག་བྱས་ཏེ། འཛམ་གླིང་ཟིན་ཐོའི་ནང་མི་གཟུགས་པོ་ཐུང་ཤོས་ཀྱི་གཟེངས་རྟགས་དེ་སྤྲད་ཡོད་པ་རེད། གཟེངས་རྟགས་ཐོབ་མཁན་མཱ་གྷར་གྱིས་གསར་འགོད་པ་ཚོར། ནང་མི་དང་ཁྱིམ་ཚང་སྐྱོ་པོ་ཡིན་པས་ཁང་པ་སྤུས་གཙང་ཞིག་དགོས་མཁོ་ཆེ་བ་དང། དེ་བཞིན་གང་མགྱོགས་ཆང་ས་རྒྱག་འདོད་ཡོད་སྐོར་སོགས་འགྲེལ་བརྗོད་བྱས་ཡོད་པ་རེད།

འཛམ་གླིང་ཟིན་ཐོ་ཟེར་བ་ནི། འཛམ་གླིང་ནང་ཆེས་ངོ་མཚར་ཆེ་བའི་དངོས་བྱུང་གི་ལོ་རྒྱུས་བཟོ་མཁན་དང། དེ་བཞིན་མི་ལ་ལྷན་སྐྱེས་སུ་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས། གཟུགས་པོ་ཧ་ཅང་རིང་བ་དང་ཡང་ན་ཧ་ཅང་ཐུང་བ་སོགས་ལ་ཞིབ་འཇུག་བྱས་ཏེ། མཐར་འཛམ་གླིང་ནང་དངོས་པོ་དང་མི་སོགས་ག་འདྲ་ཡིན་རུང་། བསྡུར་གཤིབ་དང་འགྲན་ཡ་མེད་མཁན་རྣམས་ཁྱབ་བསྒྲགས་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་པ་རེད།

མཐའ་མའི་བསྐྱར་བཅོས། ( '༢༠༡༠, ༡༠, ༢༠' )  

བསམ་ཚུལ།  

 
0 #1 Chokyi ༢༠༡༠-༡༠-༡༩ ༡༤:༠༤
འདི་ཚོ་ཡག་པོ་འད ུག་མ་གཏོགས་ཁོ་ར ང་འདྲ་ཆ་མཚོན་ན་ སྤྱིར་ན་གཟུགས་པ ོ་ཆུང་། དེའི་སྒང་ལ་ཆང་ར ྒྱག་སྙིང་འདོད། འདི་ལྟར་ཁོང་ལ་བ ྱ་དགའ་ཐོབ་སྐད་ག ྲགས་ཅུང་ཆགས་པ་ཡ ིན་བུ་མོ་ག་ཚད་ད གོས་དགོས་ཆགས་ཀྱ ི་རེད་འདོད།
Quote
 

མཆན་སྣོན།


ཉེན་སྲུང་ཨང་རྟགས།
བསྐྱར་སོས།

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow