The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文
མེ་སྟག

སྐྱེས་ཚེས།:: 1983.06.23

རང་གི་ལོ་རྒྱུས།

སྡེ་བ་དང་པོ་གཉིས་ཀྱི་དང་པོ་གཉིས། སྔོན་བསགས་ལས་དབང་དྲག་པོ་མཐུ་བཙན་པས། ། བསིལ་ལྡན་གངས་རིའི་ཞིང་དུ་སྐྱེས་གྱུར་ཀྱང༌། ། མ་བསྡད་འཕགས་པའི་ཡུལ་དུ་གོམ་ཁ་སྒྱུར། ། མེས་པོའི་རྐང་རྗེས་རེ་ཟུང་འཚོལ་བསམ་ཀྱང༌། ། ཤེས་བྱ་འདོད་དགུ་རྒྱས་པའི་སློབ་གླིང་ན། ། བཙན་གྱིས་ལོ་འགའ་ཐོས་བསམ་བྱས་ནའང༌། ། གཞུང་ལུགས་མཐའ་ཡས་རྒྱ་མཚོ་གཏིང་བྲལ་བས། ། བློ་དམན་བདག་གིས་མ་རྟོགས་འགྱོད་པའི་གདུང༌། ། ཁྱད་པར་ཡུལ་སྐད་གོམས་གཤིས་མ་ཤེས་པས། ། སྡེ་བ་དང་པོའི་ཀ་དང་གཉིས་པའི་ཅ། ། ཡུལ་སྐད་ཡ་མ་ཟུང་གི་མིང་ངན་དེས། ། དབུགས་ཀྱི་རྒྱུ་བ་ཐམས་ཅད་སྟོད་དུ་འཚང༌། ། དེར་ཀྱང་མ་འདུག་ཕྱི་གླིང་ཕྱོགས་སུ་བསྐྱོད། ། ཉིན་མཚན་གོ་ལོག་ཞིག་གི་ས་མཐའ་ནས། ། ཡུལ་གྱར་ཁེར་རྐྱང་འཚོ་བ་ལ་རོལ་དུས། ། རང་སེམས་སྲོང་པོར་གནས་པའི་སྐལ་བ་ཐོབ། ། འོན་ཀྱང་སློབ་གྲྭའི་དཔལ་ཡོན་དྲན་པ་དང༌། ། བློ་སེམས་མཐུན་པའི་བརྩེ་གྲོགས་དྲན་དྲག་ནས། ། མཚན་མོ་གཉིད་དུ་ཡུར་དུས་གླེང་མོར་བྱེད། ། ཧར་གྱིས་སད་པའི་སྟོང་བསམ་སྐྱ་མོ་དེས། ། མིག་ཆུའི་ཐིགས་ཕྲེང་བཞོར་བའི་སྔལ་ཡང་རླན། ། མི་ཚེའི་བདེ་སྡུག་ཆུ་ཡི་གཉེར་མ་བརྩེགས། ། འདི་འདྲའི་དཀའ་སྡུག་ཚོར་བ་སྐྱོར་མོ་དེ། ། ནམ་མཁའི་བླ་མའི་སྤྱན་གྱིས་གཟིགས་རོགས་མཛོད། ། ཉམས་མྱོང་གི་བསླབ་བྱ་ཚིག་བཞི། རང་སྣང་གང་ཤར་འདོད་ཡོན་དད་ཆེ་ན། ། རང་ལ་དགོས་པའི་ཤེས་བྱ་ཐུབ་མི་འགྱུར། ། རང་གིས་རང་ལ་གཅེས་པར་མ་སྐྱང་ན། ། རང་གར་ལྷག་པའི་ཉིན་མོ་འགྱོད་པའི་གདུང༌། །



ཁྱེད་ཀྱི་དྲ་གྲོགས།:
tenzinphakpa

གྲོགས་པོར་བརྩི།Was added to friends:
ཏྲེ་ཏིག་འཚོལ།