The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

བོད་ལ་དགའ་བའི་བུ།


2010.08.30 04:34:07

ནམ་རྒྱུན་ལྟར་གཟའ་ཉི་མའི་དགོང་དྲོར་དམ་བཅའ་ཡོད་པ་བཅའ་ཁྲིམས་མངའ་བདག་མཆོག་གིས་ཉིན་དགུང་ཚོགས་ལ་གསུངས་གནང་སོང་ དེ་སྔོན་གྱི་གཟའ་འཁོར་འགའ་ཤས་ཞིག་དམ་བཅའ་མེད་པ་ནི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་བློ་རྒྱུགས་གྱི་སློབ་ཚན་ཟིན་མ་ཚར་བ་རྣམས་ལ་གོ་སྐབས་ཕུལ་བ་རེད་ལ་སྤྱིར་ན་གུས་ཚོའི་བློ་རྒྱུགས་ཀྱི་ལེ་ཚན་གདན་ས་གཞན་དང་ཐུན་མིན་གྱི་ད་ལོ་དང་ན་ནིང་གི་རྩོད་གཞུང་རྣམས་རྒྱུགས་འབུལ་རྒྱུ་ཡིན་པས་དཀའ་ངལ་ཆེ་ཙམ་དང་དམངས་ཡོངས་ནས་ཚགས་ཚུགས་ཡོང་བའི་ཆེད་དེའི་སྐབས་གོང་རིམ་རྣམས་པས་ཐུགས་འཁུར་ཆེན་པོ་གནང་གི་ཡོད་ དེ་རིང་ནས་བཟུང་ཉིན་གསུམ་བཞིའི་རྗེས་རྒྱུགས་སྤྲོད་ཀྱི་ཉིན་མོ་འཁེལ་བས་འདུས་དམངས་ནས་གྲ་སྒྲིག་ཨང་གསར་གྱི་དངོས་གཞིའི་བྱ་བ་ལ་འཇུག་རྒྱུའི་སྐབས་སྒུག་བཞིན་ཡོད་





2010.07.19 02:07:47

(一)天座七赤在位时间表

第一代  聂赤赞布(约公元前825-前785年)

第二代  木赤赞布(约公元前785-745年)

第三代  丁赤赞布(约公元前745-705年)


བྱང་བུ།: 我国历史



2010.06.26 04:31:23

ཐོག་མར་བང་ཆེན་དྲྭ་རྒྱའི་དྲ་སྒྲིག་པ་ཡོངས་དང་དྲྭ་གྲོགས་ལྷན་རྒྱས་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་གུས་འདྲ་བའི་ཤེས་དམན་པ་ལ་དྲྭ་ངོས་སུ་མཁྱེན་དཔྱོད་ཡངས་པའི་དྲྭ་གྲོགས་རྣམས་ལ་སྤྱན་འབུལ་ཞུ་རྒྱུའི་སྐྱེས་སྟོབས་ཀྱི་རྩལ་ནས་བྱུང་བའི་རྩོམ་འབྲིའི་ཆ་ལག་གང་ཡང་མ་མཆིས་ཀྱང་སྤུན་ལྷག་བསམ་དུང་ཟླ་དཀར་པོའི་ཞེན་བསྐུལ་དང་ངོས་ནས་ཀྱང་སྔར་ཡོད་ཆུ་ཕྲན་ཙམ་གྱི་སྦྱངས་འབྲས་ལ་ཡིད་མ་ཚིམ་པར་ཤེས་ཡོན་ཆ་གང་ཐད་ནས་གོང་མཐོར་གཏོང་རྒྱུའི་སླད་ད་ཐེངས་བང་ཆེན་ཤེས་རིག་གི་རྒྱལ་སྒོ་ཆེན་མོར་ཞུགས་ རེ་བར་དྲྭ་གྲོགས་ལྷན་རྒྱས་ནས་ལེགས་ཉེས་མཛུབ་སྟོན་ཡོང་རྒྱུའི་འདུན་པ་དང་བཅས།





2010.06.26 03:54:55

དུས་རབས་ཉེར་གཅིག་ཚན་རིག་གི་འཇིག་རྟེན།།

དེང་སང་གི་འཛམ་གླིང་འདིར་ཚན་རིག་ཡར་རྒྱས་སུ་འགྲོ་བ་དང་ཕྱོགས་མཚུངས་སྤྱི་ཚོགས་བྱིངས་ཀྱི་འཚོ་བའི་ཁོར་ཡུག་ཀྱང་ཉིན་རེར་ནས་ཉིན་རེར་སྣེ་མང་ཅན་དང་ཡར་རྒྱས་རང་བཞིན་གྱི་ངོ་བོར་འཕོ་འགྱུར་འགྲོ་བཞིན་ཡོད་། འཛམ་གླིང་འདིར་ཚན་རིག་རིག་རིག་གནས་འདི་ཅི་ཙམ་ཡར་རྒྱས་ཕྱིན་པ་དེ་འབྲེལ་གྱིས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བ་ཡང་འཕེལ་རྒྱས་དང་བྲེལ་ཟིང་གི་ངོ་བོར་འགྱུར་བཞིན་ཡོད་། དེས་ན་གློག་ཀླད་ཀྱི་དྲ་ངོས་བེད་སྤྱོད་བྱེད་པ་ནི་རིག་གཞུང་ཞིབ་འཇུག་དང་གནས་ཚུལ་མཁོ་འདོན་ཉམས་མྱོང་བརྗེ་རེས་བཅས་ལ་མྱུར་ཚད་དང་སྤུས་ཚད་གཉིས་ཐད་སླེབས་ཁྱད་དམིགས་བསལ་ལྡན་པ་ཞིག་དང་ང་ཚོའི་བོད་ཀྱི་རིག་གཞུང་ནི་འཛམ་གླིང་སྟེང་ཐུན་མོང་མིན་པའི་རིག་གཞུང་ཁྱད་འཕགས་ཞིག་ཡིན་པ་མ་ཚད་འདིས་འཛམ་གླིང་ཡོངས་ལ་ཞི་བདིའི་ཚེ་སྲོག་བསྐྲུན་པར་འབུར་ཐོན་ནུས་ལྡན་གྱི་ཞབས་འདེགས་ཞུ་བཞིན་ཡོད་། དེརབརྟེན་འཛམ་གླིང་ཡུལ་ལུང་དུ་མའི་ནང་བོད་ཀྱི་ནང་ཆོས་ཤེས་རྟོགས་དང་ཞིབ་འཇུག་གི་གཞི་རྒྱ་ཆེ་རུ་འགྲོ་བཞིན་པ་མ་ཟད་ཉམས་ལེན་དང་སློབ་སྦྱོང་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད་། ལྷག་པར་དེང་དུས་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་སྤྱོད་བེད་ཆེ་ཤོས་ཀྱི་བོད་ཡིག་དྲ་ངོས་དུས་བབ་སོགས་བརྒྱུད་ནས་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་ལ་དམིགས་བསལ་དོན་གཉེར་དང་ཉམས་ཞིབ་གནང་མཁན་དག་དང་ཉམས་པར་སླར་གསོ་མི་ཉམས་གོང་སྤེལ་ཡོང་རྒྱུར་དམིགས་བོད་ཀྱི་སྐད་ཡིག་ཁོ་ནའི་སྟེང་གླེང་སློང་བྱ་རྒྱུའི་སྟོང་ཆ་དང་གོ་སྐབས་བསྐྲུན་པར་ཡི་རངས་དང་སླད་མར་ཡང་ཡག་ཐོག་ཡག་བརྩེགས་ཡོང་བར་འབད་པ་བྱེད།།


བྱང་བུ།: ཐོག་མའི་གཏམ