ཏཱ་ལའི་བླ་མ་ལོ་མཐོན་པོར་འགྲོ་བཞིན་ཡོད། ཚད་ཡོད་ཀྱི་མི་ཚེའི་ནང་རྗེས་འཇུག་གི་ལས་ལ་མངགས་བཅོལ་བྱ་དགོས་ཀྱི་རེད། དེར་བརྟེན། ཏཱ་ལའི་ཡང་སྲིད་ཀྱི་གནས་ཚུལ་འདིར་རྫོགས་མཐའ་མེད་པར་ཟེར་སྒྲོས་ཀྱིས་ཁེངས་ནས་ཡོད། ཡང་སྲིད་དགོས་མིན་དང་ཡང་སྲིད་གང་འདྲ་ཡོང་དགོས་མིན་གཉིས་ཕན་ཚུན་འགལ་ཟླའི་ཚུལ་གྱིས་ཡང་ནས་བསྐྱར་དུ་གནས་ཡོད་། བཤད་མཁན་གྱིས་ནན་ཏན་གྱིས་བཤད་བསམ་ཡང་ཉན་མཁན་གྱིས་སྣང་བ་དེ་ཙམ་འཇོག་མེད། མཐར་གཟའ་འཁོར་སྔོན་ལ་ཏླ་ལའི་བླ་མས་རྒྱ་གར་གྱི་རྡ་སར་ཉིན་གསུམ་རིང་རྒྱུན་མཐུད་ཀྱིས་ཡང་སྲིད་ཀྱི་གནས་དོན་སྐོར་ཞིབ་འཇུག་ཟེར་བའི་ཚོགས་ཆེན་འཚོགས་ཡོད་པ་དང། དེ་ནས་འགལ་རྐྱེན་འགར་བརྒྱུད་རྗེས་གསལ་བསྒྲགས་ཟེར་བ་ཞིག་བཟོས་ཡོད་། ད་ཐེངས་གསལ་པོ་བཤད་ཐུབ་ཡོད་དམ། མ་རེད། བཤད་བཞིན་བཤད་གིན་སྔར་ལས་རྙོགས་འཛིང་ཆེ་རུ་སོང་ཡོད་པ་རེད།
![]()


00:43:53





















