The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

ལྕོག་རི་ཕུར་བུ།


2011.09.03 08:51:39

༈ ཨ་མའི་ཁ་ཆེམས།

___________མི་ཚང་ཞིག་གི་གཏམ་རྒྱུད་མགྱོགས་བྲིས་མ།


ཉིན་ཐོ་རི་མོ་བཤུང་སའི་ཕ་ཡུལ་དེ།།

ཚེར་མའི་ཤིང་ལ་འཚར་བའི་མེ་ཏོག་ཅིག།།

ས་ནག་འགྲེལ་བའི་གདོང་གི་ལྕག་ཚན་དེས།།

མིག་ཀོང་ཆུ་ལ་སྟིམས་པའི་འབུད་ཅིག་བྱུང་།།


བྱང་བུ།:



2011.08.24 07:23:30

____ལོ་རྒྱུས་ཀྱི་རུམ་ཁོང་གཞའ་བའི་ཚོར་སྣང་ཐོར་བུ།

 

གནམ་སྒོ་བཀལ་བའི་ཡིག་ཐུམ་རལ་པོ།།

རིིག་ཤེས་རྙིང་པའི་རུས་རྐང་དཔར་དུས།།

ནང་སོར་རྙོག་པའི་རིམས་ནད་རྙིང་པས།།

སྡེ་པའི་ཡོ་ལང་མིག་ལ་འཁྱུག་སོང་།།


བྱང་བུ།:



2011.08.23 05:06:04

<< གསེར་གྱི་ཡིག་འབྲུ་ལ་བྲིས་པའི་བརྒྱུད་རིམ།>>

མཁར་གྱིས་རིགས་རུས་སྐྱོང་བའི་བྱ་ལས་ཏེ་འཆུག་སྟེ།།

བླ་བྲང་རྒྱངས་གཟིགས་མཛད་པའི་ལུང་སྟོན་ཀྱང་བརླག་ན།།

རིགས་ཀྱི་གློ་བ་འཁྲེང་སའི་ཁྱིམ་གཞིས་ཏེ་འཐོར་དུས།།

འོད་ཀྱི་ཐེམ་ཡིག་རྙིང་པ་སློང་མོ་ལ་ཐེན་འདུག།


བྱང་བུ།:



2011.08.18 11:05:21

<< དྲང་བདེན་ལ་སྟོབས་མེད་ན་རྒྱུ་འབྲས་ཟེར་བ་འདི་ཁ་གསོབ་ཙམ་རེད། >>

མ་ཧ་གྷན་དའི་ལྟ་བའི་ཁུག་སོ་ནས།

སྲོག་གི་དབུ་ཁྱུད་བྲིས་པའི་མི་རིགས་ཀྱིས།།

རྒྱལ་ཁབ་ང་རོ་གྱེར་བའི་དུས་སྟོན་ཉིན།།

སྙིང་གི་རྩ་ཁར་འཁྱུག་བའི་གཏམ་དེ་ཐོས།།


བྱང་བུ།:



2011.07.20 12:18:43

ཞི་བདེའི་སེམས་ཀྱི་བྲོ་བ་ཁྱོད་ཀྱིས་བླུད།།

དམ་ཚིག་འོ་མའི་མངར་ཁ་ཁྱེད་ཀྱིས་སྐྲུན།།

དྲང་བདེན་འཛམ་བུའི་མིག་ལ་དཔར་བ་པོ།།

ས་ཆེན་སེམས་པ་ཆེན་པོའི་མཛད་པར་བསྟོད།།


བྱང་བུ།:



2011.07.04 22:16:12

༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ཕུལ་བའི་སེམས་ཚོར་འོ་མའི་མཆོད་པ།

ཡོད་ཚད་དུང་བའི་འཛུམ་གྱིས་བསུས་ཏེ་བྱམས་དང་བརྩེ་བའི་གླེང་གཞི་ཕབ།

སེམས་ཀྱི་འཇིག་རྟེན་མེ་ཏོག་ལམ་ནས་ཁ་དོག་སྟོང་གིས་འོད་སྣང་སྤར།།

དགོད་སྒྲས་ཁེངས་པའི་མི་ཚེའི་གོམ་ཁ་རིག་པའི་ལམ་ནས་གསར་བཏོད་ཀྱིས།།

མཚན་སྙན་དཀར་པོ་འོད་དང་སྡེབས་ཏེ་དྲོད་ཀྱིས་འཇིག་རྟེན་མཚར་སྡུག་བསྐྲུན།།


བྱང་བུ།:



2011.06.20 13:14:01

ང་ཚོའི་སེམས་ཁོང་ན་ནམ་ཡང་འོད་ཆེམ་ཆེམ་དུ་བཞུགས་པའི་ཞབས་རྗེས་གསོན་པོ།

མཛད་འཕྲིན་སྣང་བར་འགྲོགས་པའི་གོ་ལའི་ཁྱོན།།

མཚན་སྙན་རླུང་དང་སྡེབས་པའི་གྲགས་པ་མཆེད།།

ས་ཆེན་ཞི་བདེས་འཁྱུད་པའི་འོད་པོ་ཆེ།།

འཛམ་གླིང་ཕྱག་མཐིལ་སྙོར་བའི་མགོན་དེར་རྒྱལ།།


བྱང་བུ།:



2011.06.16 11:14:23

༈   འདི་ནི་ལོ་རྒྱུས་ཀྱི་ངོ་གདོང་ཡིན།

ལྕགས་ཚ་གྲུ་གུ་ཐང་གི་བྲང་གཞུང་ན།འོད་སྣང་གི་རྡོ་རིང་བསླང་བའི་དཔའ་རྒོད་ཚོའི་རུམ་ཁོང་ན་འཁྱིལ་བའི། མཆི་མའི་གཏམ་རྒྱུད་གླེང་དུས།འཁྱགས་སིལ་སིལ་ཚོར་སྣང་ཞིག་གིས། མིག་ཆུ་བརླན་པས་གཟུགས་པོ་གཤེར་འོང་།

སེམས་ཀྱི་ཟབ་ས་ན། མིག་ཟུང་བགྲད་ས་ན།

ནམ་མཁའ་ཁེབས་ཡངས་ན།

འཇའ་ཚོན་བཞིན་ཤར་དུས། མེ་ཏོག་བཞིན་བཀྲ་དུས།

རུམ་ཁོང་གཅིག་པའི་རྨི་ལམ་ལ་གུ་ཡངས་དང་ཁ་དོག་དལ་གྱིས་འཚེར་དུས།


བྱང་བུ།:



2011.06.13 07:47:30

འཆི་བའི་འདུན་པར་འཆང་བའི་དུར་ས་ནས།

གསོན་ཏེ་འགག་རྩར་སླེབས་པའི་འོད་པོ་ཆེ།

 

‑‑‑‑‑‑ཁ་བྱང་གི་སྙིང་བསྡུས།‑‑‑‑‑

རེ་སྨོན་བྲང་ལ་འཁུམ་སྟེ་རྡོ་སྣེ་བསྲིངས།།

སེམས་ཀྱི་རི་མོ་ལྷོ་མཐའི་བྱེ་ཐང་བྲིས།།

མེད་མུག་སྒུམ་པའི་བརྟུལ་ཞུགས་བར་གསེབ་ནས།

རེ་བ་འདི་ནི་སྟོང་པའི་འཇའ་ཚོན་ཤིག།


བྱང་བུ།:



2011.06.07 13:35:39


མིག་ཟུང་མཐིལ་ནས་རྒྱལ་ཁབ་འཚོལ་བའི་གློ་སྙིང་མཆིན་གསུམ་གྲི་ཁར་བཤམས།།

མུན་ཁུང་སྨག་སར་ཤུགས་ཀྱིས་འཛུལ་བའི་རྐང་རྗེས་མེད་པའི་ལག་རྡུམ་ཚོས།།

སྐལ་བར་བབ་པའི་སེམས་ཀྱི་འཆར་ཡན་དར་ཆེན་བཞིན་དུ་མཐོ་སར་བཏེགས།།

ཚོར་འདུ་བརླག་པའི་མདོ་མེད་དཔུང་གིས་ཁ་དོག་མེད་པའི་གདོང་གཤིས་བགྲེང་།

 


བྱང་བུ།:



2011.04.10 06:09:52

༄༅།ཚུགས་ཀ་ལས་བརྒལ་བའི་སྟངས་ཀ།།

རླུང་བུས་དྲག་ཤུགས་ཀྱིས་འདེད་དུས་ལྗང་མདོག་མ་ཡིན་པའི་ལོ་མ་སེར་པོ་ས་ཆེན་གྱི་ཐལ་རྡུལ་དྲུད་དེ་སྟོང་སངས་ཀྱི་མཐོང་ཀ་རུ་

རྭ་ཅོ་ལྟ་བུའི་དཀྱིལ་འཁོར་སྤྲུལ་དུས་ལྗང་མདོག་ ལོ་མ་དེ་ད་དུང་ཡང་སྔར་མུར་བཞིན་གནས་འདུག།།


བྱང་བུ།:



2010.10.01 12:07:58

༼སྲོང་བཙན་སྒམ་པོའི་ལོ་རྒྱུས་ཞིབ་འཇུག་ལ་ལྟོས་ཏེ་ཕངས་སེམས་བཀན་མོའི་ན་ཟུག༽

སེམས་ཀྱི་རླུང་རྟ་ལབ་ཙེར་གཏོར་བས་ཁ་གཡང་མེ་ཏོག་མགུལ་ལ་སྒྲོན།།

རེ་འདུན་གསར་པའི་དཀྱིལ་འཁོར་བཞེང་དུས་སྨྲ་ངན་གཏམ་གྱི་མིང་བྱང་བཀལ།།

ཅལ་རྒྱུག་གོམས་པའི་ཁྲོམ་ར་འདི་རུ་ངོ་བསྟོད་རི་མོའི་གོང་ཚད་འཕར།།

ཚུགས་ཀ་བོར་བའི་མི་བུ་སྟོང་གིས་སྤྱི་ཚོགས་བྲུ་བའི་ཇུས་ངན་འདིས།།

ཆིག་སྒྲིལ་འོད་སྣང་མཁའ་རུ་བཏེགས་ཀྱང་མུན་པའི་ཟབ་སར་བཙན་གྱིས་འཛུལ།།

ཁ་ཆེམས་རི་མོ་ས་མཐར་འབྲི་དུས་ཁ་རླངས་རྩུབ་མོས་ནག་གསུབ་ཐེབས།།

མུ་ཅོར་གཏམ་གྱི་སྤྱི་ཚོགས་སྤུར་ཏེ་ནང་དམེ་འཁྲུག་པའི་ཆགས་སྒོ་ཕྱེ།།


བྱང་བུ།:



2010.09.28 11:10:00

༆། བལྟ་མི་བཟོད་པའི་ལོ་རྒྱུས་ཀྱི་གསང་ཁ།

འདི་ཡང་འོ་མ་འཕྱུར་སྟངས་ཤིག་གི་སྙན་རྩོམ་ཚོམ་བུ།༽

མི་རིགས་ཁྲག་ལམ་བརྒྱུད་པའི་ཡ་ཁོག་ནས།།

སེམས་དང་མིག་ཆུ་ཐིགས་པས་རི་མོ་བྲིས།།

བདག་སེམས་ཁྱེད་ལ་ཕྱོགས་པའི་བ་མཐའི་གྲམ།།

རེ་བ་རྣལ་མ་ཞིག་གིས་འཚུབ་ཆ་རྒོད།།


བྱང་བུ།:



2010.09.18 12:58:18

སེམས་ཀྱི་འདུན་མ་ལ་ཁའི་རླུང་ལ་བསྐྱུར།།

འཚོལ་བསྙེག་འོད་གོར་ནུབ་རིའི་ཕབ་ཏུ་ཡིབ།།

ལས་དབང་མུན་པས་བཏུམས་པའི་སྔར་གཞུག་ཏུ།།

སྦྲ་ནག་འཚོ་བའི་ཁ་དོག་ནག་གསུབ་ཐེབས།།


བྱང་བུ།:



2010.09.11 22:03:55

ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གྱི་བགྲོ་གླེང་མགོ་ཚུགས་རྒྱུ་ཡིན།

བོད་ཀྱི་གནས་བབ་ལ་ལྟོས་ཏེ་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གླེང་པ།

གླེང་བསླངས་བ།

དེང་སང་མང་པོ་ཞིག་གིས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པ་གླེང་གཞི་བྱུང་དང་འབྱུང་བཞིན་པ་ཡིན་ལ།

དེ་མཚུངས་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་སུའང་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་གླེང་སློང་ཤུགས་ཆེར་བྱུང་བཞིན་ཡོད། ད་ལྟའི་ཆར་ང་ཚོའི་གནས་བབ་ལ་ལྟོས་ཏེ་བཤད་ན།བཙན་བྱོལ་དུ་འབྱོར་ཏེ་རང་གི་རྒྱལ་ཁབ་སླར་གསོའི་ལས་གཞི་འདི་དང་རྒྱལ་ཁབ་གཞན་དག་ལ་ངོམས་སུ་ཆོག་པའི་དངོས་པོ་རིན་ཐང་ཅན་ཞིག་ཡོད་པ་ནི་བོད་ཀྱི་ཆོས་དང་རིག་གཞུང་འདི་ཉག་གཅིག་ལས་གཞན་གང་ཡང་མེད་པར་ཀུན་གྱིས་ཤེས་གསལ་རེད། ང་ཚོ་བོད་གཞིས་བྱེས་གཉིིས་ཀྱིས་དགྲ་གཞུང་ལ་འཐབ་རྩོད་བྱས་དོན་ཡང་འདི་ཁོ་ནའི་ཆེད་དུ་ཡིན་པ་བཤད་མི་དགོས་པའི་གནས་སུ་འཁུམས། དེས་ན་སྔོན་དང་ད་ལྟའི་གནས་བབ་གང་ལ་བལྟས་ཀྱང་དེ་དག་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ནི་ཆོས་བརྒྱུད་ཁག་གི་སློབ་ཐོན་པ་དང་སློབ་གཉེར་བ་དག་རེད་ཅེས་ངས་སྤོབས་པ་ཆེན་པོས་བཤད་ཆོག

གོང་དུ་བགྲངས་པའི་རྒྱུ་མཚན་དེ་དག་ལས་ད་ལྟ་དང་འབྱུང་འགྱུར་བོད་གསར་བསྐྲུན་གྱིས་ཆེད་ཆོས་བརྒྱུད་སྤྱི་འཐུས་ནི་མེད་དུ་མི་རུང་བའི་གནད་འགག་ཅིག་ཏུ་བརྩི་ཆོག

གང་ལགས་ཞེས་ན་ང་ཚོས་ལས་གཞི་དང་འཐབ་རྩོད་ནི་ང་ཚོའི་ཆོས་དང་རིག་གཞུང་འདི་ཉིད་ཀྱི་ཆེད་དུ་ཡིན་པར་བྱིས་པ་ལོ་བརྒྱད་ཅིག་གིས་ཀྱང་ཤེས་གསལ་རེད། དེ་མིན་ང་ཚོ་དགྲ་གཞུང་གི་འོག་ཏུ་འགྲོ་ནའང་ཁྱད་པར་མེད་ཅེས་༸གོང་ས་མཆོག་གིས་ཡང་ཡང་གསུངས་མྱོིང་། འོ་ན་ཆོས་དང་རིག་གཞུང་འཛིན་རྒྱུའི་ཆེད་དུ་ཡིན་ན་དེ་རྐང་འཛིན་བྱེད་མཁན་དག་གི་སྐུ་ཚབ་མཚོན་པའི་འཐུས་མི་ཞིག་ངེས་པར་འདེམས་དགོས་པ་སྨྲོས་མེད་ཅིག་ཏུ་སེམས་ལ།

ལྡོག་ཕྱོགས་ནས་མང་གཙོ་ཁྲིམས་གཞི་ནང་མི་གཅིག་གིས་འོས་གཅིག་མ་གཏོགས་བླུག་མི་ཆོག་པའི་ཁྲིམས་གཞི་ཞིག་ཀྱང་ཡོད་པས་གང་ལྟར་ང་ཚོས་འདི་གཉིས་བར་ན་ལམ་ཁ་ཞིག་ཨེ་རེག་གི་རེ་བ་ཡོད་མེད་སོགས་ལས་འཕྲོས་ནས་རྣམ་པ་ཚོས་བསམ་ཚུལ་ལྷུག་པོར་གནང་པའི་རེ་བ་ཡོད།

 


བྱང་བུ།:



2010.09.09 22:46:51

རིག་པའི་གསང་ཁར་ཡིབ་པའི་ཚོར་སྣང་ཐོར་བུ།།

གྲོགས་འཆི་མེད་དང་སྐལ་འཕྲིན་གཉིས་ཀྱིས་འོ་མ་འཕྱུར་སྟངས་ཀྱི་སྙན་རྩོམ་ཞིག་འབྲི་དགོས་ཞེས་རྩེད་མཚར་ཚུལ་དུ་གསུང་བྱུང་བས་ངས་ཀྱང་མ་ཡིན་ཡིན་མདོག་གིས་སྨྱུ་གུ་གཡུག་ཐེངས་ཤིག་གིས་ཤར་སེང་བྲིས།།

 

མཁའ་དབུགས་རྩུབ་མོས་ལུས་སེམས་རྨང་ནས་དཀྲུགས།།

སེམས་ཀྱི་རླུང་རྟ་མུན་པའི་འོབས་སུ་འཐིམ།།

སེམས་འདུ་རྒྱལ་ཁབ་འགྲིམ་པའི་སྤར་ཁ་ནས།།

གདོང་ལྤགས་རྨ་ཤུལ་བཏབ་བའི་དཔའ་བོ་གང་།





2010.09.06 23:53:07

བཀའ་བློན་ཁྲི་པ་དང་དེའི་ཁྱད་ཆོས་ལ་ལྟ་བའི་མིག

དེང་སང་འདིར་བཙན་བྱོལ་སྤྱི་ཚོགས་ནང་དུ་སྔར་དང་མི་འདྲ་བའི་རྣམ་པ་གསར་པའམ་འགྱུར་བ་གསར་པ་ཞིག་ཡོང་གི་ཡོད། དེས་སྤྱི་ཚོགས་འདི་ངོས་འཛིན་གསར་པ་ཞིག་དང་གྲུབ་འབྲས་གསར་པ་ཞིག་ལ་སུས་ཀྱང་གདམ་ཁ་བྱེད་ཀྱི་ཡོད་ལ་སྒེར་ངོས་ནས་ཀྱང་དེ་ལ་ཡི་རང་ཞུ་ཡི་ཡོད།


བྱང་བུ།:



2010.08.17 09:40:05

བཀུར་འོས་ཁྲིམས་དཔོན་ལགས་སུ་ཞུ་རྒྱུར། གུས་པས་ནག་ཉེས་ངོས་ལེན་གྱིས་འདིར་བཅར་ཡོད།བཀའ་འདྲི་ཞུ་རྒྱུར་དཔར་སྐྲུན་དང་པར་སྐྲུན་ཅེས་གང་བྲིས་ན་ལེགས་ཚུལ་དང་མ་ཟད་སྤར་སྐྲུན་ཞེས་འབྲི་ན་འགྲིག་པ་གསུངས་འདུག་ཀྱང་དེ་ནི་ནོེར་བར་ངེས།གང་ལགས་ཤེ་ན་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་་པར་་་ཡིག་གཟུགས་འབུར་དུ་བརྐོས་པའི་པར་ལ་སྤར་བྲིས་ན་མི་འགྲིག་ཚུལ་ལ་་་ཁ་ཅིག་གིས་སྤར་ཞེས་བྲི་བ་ནི་ནོར་བར་སྨྲ་རྒྱན་ལས་གསུངས་ཤིང་ད་དུང་དཔར་ཞེས་འབྲི་བའང་ཡོད་དོ་ཞེས་གསུངས།དག་ཡིག་གཞན་དུ་དཔར་བའམ་པར་མ་སྟེ་ཞེས་སོགས་ཀྱང་གསུངས་འདུག།ངེད་ནས་ཀྱང་རྒྱུ་མཚན་མེད་པར་བྱིས་པའི་རྩེད་མཚར་བཞིན་མིན།ད་དུང་སྐུ་ཉིད་ཀྱིས་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་སྐ་བ་དཔལ་བརྩེགས་ཀྱི་སྐ་ལ་སྐལ་ཅེས་བྲིས་འདུག་ན་མཁས་པ་ཆེན་པོས་ཐུགས་མཉམ་མ་བཞག་པར་ངེས།

 


བྱང་བུ།:



2010.08.15 23:24:04

༼དུས་ཀྱི་ཡོ་ལང་ལས་འཕྲོས་པའི་གཏམ།།༽

རང་མཚང་དམར་རྗེན་མ།

ལྷགས་རླུང་བསུས་པའི་ཆར་ཞོད་དྭངས་མ་ཞེན་ནག་སྤྲིན་གྱིས་མཁའ་མཐར་གཏོར།།

ལོ་རྒྱུས་འཆའ་པའི་སྲོག་ཟ་དཔུང་གིས་འབྲོང་གཡག་སྟོང་གི་ལྷས་ར་དཀྲུགས།།

ཁུ་བྱུག་མང་པོའི་དབྱངས་རྟ་ཆད་དེ་འབྱུང་པོའི་ཚོགས་ཀྱིས་ཁྱིམ་གཞིས་གླེང་།།

སྦྲ་ནག་གསེབ་ནས་ཐལ་རྡུལ་རླུང་གིས་མྱ་ངམ་ཐང་གི་དབུ་ཁྱུད་བྲིས།།





2010.08.06 14:54:28

ཁ་ཆེམས་དྲོད་མོའི་རླངས་རིས་མ་ཡལ་གོང་།།

བྱད་ཁ་ནག་པོས་སྤྱི་ཚོགས་ལྕགས་ཀྱིས་བྲབས།།

མཐུན་སྣང་གོལ་བུ་ཞིག་པའི་བྲག་ཅལ་ཡིས།།

གདོང་གཤིས་དམར་པོའི་རུས་རྐང་རྨང་ནས་བྲུ།།

འདིར་གཟས་ཁ་ཆེ་བའི་གནད་དོན་མང་པོ་ཞིག་སྤུངས་ཡོང་དུས་བློས་མི་བཟོད་པའི་སེམས་ཚོར་འགའ་མི་འབྲི་ཐབས་མེད་ལ་སོང་།ཕྱི་ལོ་༢༠༠༨ལོ་ནས་བཟུང་རང་རེ་དང་ཤ་ཁྲག་གཅིག་པའི་སྤུན་ཟླ་མང་པོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བོད་ཀྱི་རྩ་དོན་ཆེད་དུ་ཕུལ་ཏེ་རང་ཉིད་ཆས་ཟིན་པའི་ཤུལ་དུ་ཁས་ཆེམས་དྲོད་མོ་དང་རེ་བ་ཡོད་ཚད་འདིར་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོར་བཅོལ་གྱིན་རེ་བ་ལྷག་མ་ཡོད་ཚད་ངེད་ཅག་གིས་འཇུག་སྐྱོངས་བར་ཡིད་ཆེས་བློ་བཀལ་བྱས་ཏེ་ཕྱིན་སོང་།





2010.07.19 10:30:10

༼ལྷ་གསོལ་སར་འདྲེས་གཟས་ཁ་ཆེ་།༽

བྲག་བཅའ་གྲོང་ལ་འུད་ཀྱིས་ཀི་སྒྲ་ཞིག་འཐེན་པས།།

ཞེ་མཐུན་སེམས་ཀྱི་རོལ་དབྱངས་དྭངས་ཀ་ཞིག་མི་འདུག།

མང་མོས་དག་སྣང་སྐྱེས་བུ་ཁ་དམག་གི་བྱིངས་ནས།།

གསོན་པའི་རེ་བ་ཁུར་ཏེ་འགག་རྩ་ལ་སླེབས་འདུག།

གཞིས་བཞུགས་བོད་མིའི་ལས་དབང་མཚོན་ཁ་ནས་བསྒྲེངས་ཏེ།།

ཁྲི་ཕྲག་སྲོག་གི་མར་མེ་གཟིམ་ཁ་ལ་ཉེར་ཡང།།

རང་དབང་ཁོར་ཡུག་འདི་ན་ཕྱོགས་འཐེན་གྱིས་དྲུད་དེ།།

ཚབ་མཚོན་བཀའ་ཁྲི་དེ་ཡང་ཉེན་ཁ་ལ་གཏད་འདུག།


བྱང་བུ།:



2010.07.07 08:35:52

འཛུམ་གྱིས་བསུས་སྟངས་དང་ལྕེ་ལེ་ནར་སྟངས་འདིས་མི་བསད་པ་ཐེངས་ཉུང་མིན།

ལྟ་གྲུབ་མ་འདུམ་རི་གྲོང་གཏམ་གྱིས་སྤུད།།

ལོ་རྒྱུས་འཆམ་པའི་གདོང་གཤིས་ལྷང་ལ་བུད།།

ལྐོག་གྱུར་ཇུས་ངན་འགྲིམ་པའི་དུར་སོ་ནས།།

གསུབ་མེད་ལག་རྗེས་ནག་པོས་གསལ་བཤད་མཐོང་།།

ཁ་བྱང་གི་གསལ་བཤད།

རྟོག་འགྱུ་འཁྲུལ་སྣང་ཐིམ་པའི་ཆེ་རློམ་གྱི་ང་རོས།།

བདེན་དོན་ཁྱུར་མིད་གཏོང་བའི་དམར་སྲོལ་གྱི་བྲན་ལུགས།།

ཞི་བདེའི་ཁོར་ཡུག་རྙོག་པའི་གླང་སྨྱོན་གྱི་གཏུམ་སྤྱོད།།

སེམས་ཀྱི་ལྷིང་འཇགས་དྭངས་མ་ཉེན་ཁ་ལ་གཏད་འདུག།


བྱང་བུ།:



2010.06.28 05:43:13

སྨྱུག་ཐོགས་པ་རྣམས་ཀྱིས་ཁ་ཁོག་པ་གཅིག་གི་བརྒྱུད་ནས་འགལ་མཚམས་ཐེར་འདོན་དང་ཉེས་པའི་གདོང་རིས་སྦར་བཤུས་བྱེད་དེ།རེ་བ་ཡིས་བཏུབ་པའི་བགྲོད་ལམ་ནས་དེ་རིང་གི་གྲ་སྒྲིག་དང་སང་ཉིན་གྲུབ་འབྲས་ལ་ཧོབ་ཐོབ་བརྒྱབ་ཏེ།མངོན་ལ་ཉེ་བའི་ཡངས་པའི་ས་ཁྱོན་དེར་དམ་ཚིག་གཅིག་གི་ཐུ་འོག་ནས་ཕན་ཚུན་བཟོད་བསྲན་དང་ཁྲོ་ཚིག་གི་དྲི་བ་བརྡར་རེས་བྱེད་དེ་ཞེ་འཇམ་པའི་ཁོར་ཡུག་ཏུ་ཆས་འགྲོ།

 


བྱང་བུ།: