གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ཆར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ། བཀའ་བློན་ཁྲི་པ་བཅས་ལྷན་འཛོམས་ཤིག་གནང་ཡོད་པ་དང་།
|
|
|
|
|
|
2012.01.28
06:13:40
|
|||
|
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ཆར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ། བཀའ་བློན་ཁྲི་པ་བཅས་ལྷན་འཛོམས་ཤིག་གནང་ཡོད་པ་དང་།
|
|||
|
2012.01.22
01:47:32
|
|||
|
འདི་ལོ་བོད་ཕྱི་ནང་གང་ས་ནས་དུས་དབང་གི་ཆེད་དུ་ལུས་སྲོག་ཚུན་ཆད་བློས་བཏང་བྱས་ནས་ཕེབས་པའི་ཆོས་ཞུ་བ་ཆེས་མི་ཉུང་བ་ཞིག་རྡོར་གདན་དུ་མཉམ་འཛོམས་བྱུང་ཡོད། སྐབས་དེར་བདག་ལ་མཚོན་ན་གནས་ཚུལ་མང་པོ་ཞིག་ལ་རྒྱུས་ལོན་བྱུང་སོང་། དེ་ཡང་ཐོག་མ་ཁོ་བོ་ཕྱི་ཚེས་༡གི་དགོང་མོར་gayaམེ་འཁོར་བབ་ཚུགས་སུ་ཚོུད་༡༠།༤༥ཐོག་འབྱོར་སོང་།
|
|||
|
2012.01.14
02:24:41
|
|||
|
ས་སྐྱ་༧གོང་མ་མཆོག་གི་བཀའ་སློབ་བོད་མིའི་བླ་སྲོགས།
|
|||
|
2011.12.14
08:58:11
|
|||
|
ཉེར་ཆར་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་དང་སྟབས་སྟུན་མ་འོངས་པའི་ས་སྐྱའི་ཆོས་བརྒྱུད་ཀྱི་འཕེལ་རྒྱས་དང་བརྟན་བརླིང་ཞེས་པའི་བརྗོད་གཞི་ཐོག་ཚོགས་ཆེན་ཞིག་ཚོགས་ཡོད་འདུག དེ་ཡང་གནས་མཆོག་ལུམྦིནཱིའི་སངས་རྒྱས་ཀྱི་མ་ཡུམ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་ཕྱི་ལོ་༢༠༡༡། ལོའི་ཟླ་ ༡༢། ཚེས་པ་༧། ༨། ཉིན་གཉིས་ཀྱི་རིང་ལ་གཙོ་བོ་གདན་ས་ཁག་བཞིའི་འགན་འཛིན་དྲུང་ཆེ་རྣམས་དང༌།
|
|||
|
2011.12.02
02:08:03
|
|||
|
ཕྱི་ལོ་༢༠༠༡༡ལོའི་ཕྱི་ཟླ་༡༢ཚེས་༡ཉིན་བོད་གངས་ཅན་གྱི་ལྗོངས་ལ་ཡོངས་སུ་གྲགས་པའི་ཆོས་བརྒྱུད་ཆེན་པོ་བཞིའི་ཡ་གྱལ་དཔལ་ལྡན་ས་སྐྱ་པའི་སྨོན་ལམ་ཆེན་མོ་དེ་གནས་མཆོག་ལུམ་བྷི་ཚལ་དུ་ཁ་སང་ཕྱི་ཚེས་༡ཉིན་དབུ་འཛུགས་གནང་འདུག ཚོགས་མགོན་དུ་དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་དབུས་པའི་ཕོ་བྲང་རྣམ་གཉིས་ཀྱི་གདུང་སྲས་རྣམ་པ་དང་ངོར་རྫོང་ཚར་གསུམ་གྱི་དབུ་ཁྲིད་བླ་ཆེན་རྣམ་པ་གཙོས་པའི་གྲྭ་བཙུན་རྣམ་པ་གཞན་ཡང་ཕྱོགས་མཐར་ནས་ཕེབས་པའི་ཚོགས་བཅར་བ་དང་
|
|||
|
2011.12.01
09:47:29
|
|||
|
ངོ་དེབ་ནང་ནོར་འབྲང་བློ་བཟང་རྒྱ་མཚོ་དང་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་གཉིས་ཀྱིས་གནས་ཚུལ་སྤེལ་དོན། དེ་རིང་ཕྱི་ལོ་༢༠༡༢ཕྱི་༡༢ཚེས་༡ཉ ིན་གྱི་་དྲོ་བོད་མདོ་ཁམས་ཆབ་མདོ་ཀརྨ་ཤང་གི་ཉེ་འགྲམ་གྱིང་ཐང་ཞེས་པའི་གྲོང་སྡེར་ཀརྨ་དགོན་གྱི་གྲྭ་ཟུར་བསྟན་འཛིན་ཕུན་ཚོགས་ཀྱིས་བོད་བསྟན་སྲིད་ཀྱི་ཆེད་སྐུ་ལུས་་མཆོད་མེར་སྒྲོན་པའི་ཛ་དྲག་གི་གནས་ཚུལ་ཞིག་
|
|||
|
2011.11.25
03:52:17
|
|||
|
གསལ་བསྒྲགས།
|
|||
|
2011.11.23
08:06:33
|
|||
|
རྩེ་ལྔ་རི་བོའི་ཞིག་གི་འདོད་རྒུད་ལ། ། མ་འཁྲེང་བསིལ་ལྡན་ཁ་བའི་དཔུང་གཉེན་དུ། ། རིམ་པར་བྱོན་པའི་སྤུར་རྒྱལ་ལྷ་ཡི་སྲས། ། བརྒྱུད་པར་བཅས་པའི་ཞབས་ཟུང་རྒྱན་དུ་ལེན། །
|
|||
|
2011.11.14
12:49:44
|
|||
|
༸སྐྱབས་གཅིག་འཁོར་ལོའི་མགོན་པོ་དཔལ་༸ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ཁྲི་ལོ་ལྔ་བཅུ་འཁོར་བའི་དགའ་སྟོན་ལ་ཕུལ་བ། ༡༽ངེས་དོན་གྱི་ལྷ་སྲས་ལགས། མི་ལོ་སྟོང་ཕྲག་འགའི་ཡར་སྔོན་ཞིག་ལ་མེས་པོ་ཚོའི་ལས་དབང་གི་རླུུང་རྟའི་ཁ་ཕྱོགས་དང་བསྡོངས་ནས། བདག་མེད་པ་རྟོགས་པའི་ཤེས་རབ་ཀྱི་རང་བཞིན་དྲག་པོ་མེ་དཔུང་ལྟར་མཆེད་ཅིང༌། བྱམས་པ་སྙིང་རྗེས་གྲུབ་པའི་གཤིས་རྒྱུད་ཟབ་མོ་སྲིན་བལ་ལས་འཇམ་པའི་ངེས་དོན་གྱི་རྒྱལ་སྲས་ཤིག
|
|||
|
2011.11.03
00:52:29
|
|||
|
༄༅། །རྒྱལ་གཅེས་རིགས་ཞེན་གྱིས་ཕྱུག་པའི་བོད་ཆོལ་གསུམ་རྒྱ་ཆེའི་མི་མང་སེར་སྐྱ་ལྷན་རྒྱས་མཆོག་ལ། གངས་ཅན་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་བོད་རྒྱལ་ལོ ༢༡༣༨ རབ་བྱུང་ ༡༧ ལྕགས་ཡོས་བོད་ཟླ ༨ ཚེས ༡༦ དང ༡༧ ཕྱི་ལོ ༢༠༡༡ ཟླ ༡༠ ཚེས ༡༢ དང ༡༣ བཅས་ཉིན་གཉིས་རིང་བཞུགས་སྒར་རྡ་ས་མེགྷན་ཆིག་སྒྲིལ་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས་ཏེ། དབུས་རྒྱུན་ལས་གསར་རྙིང་འཕོ་འགྱུར་གྱིས་རྒྱུན་ལས་གསར་པ་མི་གྲངས་བཅུ་གཅིག་མང་མོས་འོས་འདེམས་བྱུང་བ། ཚོགས་གཙོ་མདོ་སྨད་བསྟན་པའི་དངོས་གྲུབ།
|
|||
|
2011.10.28
02:32:41
|
|||
|
ཐུགས་བསྐྱེད་གསེར་གྱིས་བསྐྲུན་པའི་ལྷུན་པོ་ལ། །སྤྲོས་བྲལ་ཉི་ཟླ་ཟླུམ་པོའི་འོད་ཀོར་གསལ། ། ཁ་བའི་འཇིག་རྟེན་བརྩེགས་པའི་གྲུ་ག་ན། །ཐུབ་པའི་རྒྱལ་སྲིད་སྐྱོང་མཁས་ས་སྐྱ་བ། །
|
|||
|
2011.10.04
01:01:15
|
|||
|
རང་ཅག་ཚང་མས་རྒྱུན་ཏུ་དགེ་བའི་རྩ་བ་གསུམ་གྱི་ཀུན་ནས་བླངས་ཏེ། དགེ་སྦྱོར་རྒྱ་ཆེར་སྒྲུབ་ནས་རྒྱལ་བའི་བསྟན་རིན་པོ་ཆེ་ཆ་ལག་དང་བཅས་བ་ཕན་ བདེའི་འབྱུང་གནས་སུ་གོང་ནས་གོང་འཕེལ་བ་བྱེད་དགོས་ཞེས་དཔལ་ས་སྐྱ་གོང་མ་མཆོག་ གིས་འཁྲུངས་སྐར་ལ་གསུང་འཕྲིན་བསྩལ་འདུག དེ་ཡང་ཕྱི་ཟླ་༩ ཚེས་༢༨ ཉིན་བལ་ཡུལ་དུ་བཞུགས་པའི་ས་དགོན་རྣམས་ཀྱིས་དམིགས་བསལ་གོ་སྒྲིག་ཐོག། ཐར་ལམ་དགོན་པར་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་མི་རིགས་སོགས་མི་གྲངས་སྟོང་ ཚོ་བརྒལ་བ་འཛོམས་ནས། ༧ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་དགུང་གྲངས་ ༦༧ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པ་རེད། སྐུ་མགྲོན་གཙོ་བོར་འཁོན་གདུང་ཨ་ནནྡ་རིན་པོ་ཆེ་དང་། ཨ་སངྒ་རིན་པོ་ཆེ།
|
|||
|
2011.09.17
07:40:37
|
|||
|
དབྱར་དུས་སྤང་ཁ་སད་དགུན་དུས་ཀྱི་གྲང་ངར་བསུ་ལ་ཉེ་བའི་དུས་སྐབས་འདིར་ཆེས་ཉན་མི་འདོད་པའི་གསར་འགྱུར་སྟེ་སྐུ་ངོ་འཇུ་ཆེན་ཚང་ལྔ་ལམ་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས། ཁག་ཅིག་གིས་དགུང་གྲངས་བརྒྱད་ཅུར་རྒལ་བའི་བགྲེས་སོང་ཞིག་གཤེགས་པ་ལ་ཡིད་སྐྱོ་དགོས་པའི་གནས་ཚུལ་མིན་ཞེས་རྫིག་གཏམ་བཤད་མཁན་ཡང་འདུག་མོད། འོན་ཀྱང་། སྐྱེ་འཆི་འདུ་བྲལ་དེ་འཁོར་བའི་ཆོས་ཉིད་ཡིན་ནའང་བདག་ནི་སྐུ་གཤེགས་ཁོང་དང་དགའ་གཉེན་གྱི་གྲོགས་འདྲིས་ཀྱི་འབྲེལ་བ་གང་ཡང་མེད་ཀྱང་ཚད་མེད་པའི་བློ་ཕམ་བྱུང་།
|
|||
|
2011.09.07
00:09:54
|
|||
|
ཨོ་སི་ཁྲུ་ལི་ཡ་སི་ནེ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་མང་གཙོའི་ དུས་ཆེན་ཉིན་གཅིག་ཕྱིར་འཐེན་གྱིས་ཟླ་འདིའི་ཚེས་༣ ཉིན་སྲུང་བརྩི་བྱས་པ་དང་། སྐུ་མགྲོན་གཙོ་བོ་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲུང་ཆེ་དངོས་གྲུབ་རྒྱལ་མཚན་གཉིས་ཕེབས་ཡོད་པ་རེད། དེ་དང་སྟབས་བསྟུན་སི་ནེ་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་གསར་རྙིང་གིས་ རྩིས་སྤྲོད་རྩིས་ལེན་བྱེད་སྐབས།
|
|||
|
2011.09.02
07:15:27
|
|||
|
ཟླ་འདིའི་ཚེས་ ༡ ཉིན་རྒྱབ་ནས་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་སྐུ་གྲོངས་བའི་ཡིད་སྐྱོའི་ གནས་ཚུལ་བྱུང་བར་མྱ་ངན་གུས་འདུན་ཆེད་སྦེལ་ཀོབ་ས་གནས་ལུགས་ཟུང་བསམ་འགྲུབ་ གླིང་དང་། བདེ་སྐྱིད་སླར་གསོའི་གཞིས་ཆགས་ལས་ཁང་ཁག་གཉིས་དང་། མཉམ་འབྲེལ་ཁག་གཉིས་བཅས་ཀྱི་སྡེ་ཚན་ཁག་ཡོངས་རྫོགས་ཀྱིས་ལས་མཚམས་བཞགས་པ་དང་། སྡེ་ཚན་སོ་སོའི་ལས་ཁང་དུ་སྔོ་སྨོན་བསགས་ཡོད་པ་རེད།
|
|||
|
2011.08.31
02:06:39
|
|||
|
ཕྱི་ཟླ་༨ ཚེས་༢༧ ཉིན་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཐེངས་འདིའི་ཨོ་སུ་ཁྲུ་ལི་ཡའི་ནང་གཟིགས་སྐོར་གྱི་ཉིན་མཐའ་མར། སི་ནེས་བོད་རིགས་ཚོགས་པའི་ཁྱབ་ཁོངས་འོག་གི་མི་མང་ཚོར་བོད་རྒྱ་གཉིས་ཀྱི་གནད་དོན་དང་རྒྱལ་སྤྱིའི་གནད་དོན་སོགས་ཀྱི་ཐོག་གཏམ་བཤད་གནང་ཡོད་པ་རེད། དེ་རྗེས་ཨོ་སི་ཁྲུ་ལི་ཡར་གནས་སྡོད་དཔལ་འབྱོར་ཚེ་རིང་གིས་དམིགས་བསལ་སྐུ་ཚབ་མཆོག་ལ་མཇལ་དར་ཞིག་ཕུལ་ཏེ།
|
|||
|
2011.08.26
08:09:23
|
|||
|
༄༅། འདི་གར་དཔལ་ལྡན་ས་སྐྱ་ཆོས་སྒར་དུ་ལོ་ལྟར་བཞིན་བོད་ཟླ་༧པའི་ནང་དཔལ་ ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་ཉིན་བཅུ་གཅིིག་རིང་ཚོགས་མུས་བཞིན་འདི་ལོ་ཡང་བོད་ཟླ་༧པའི་ཚེས་༡༡ནས་༢༡་བར་ཚོགས་གཏན་འཁེལ་བ་ལྟར། ཕྱི་ལོ་༢༠༡༡ཟླ་༩ཚེས༡༨རེས་གཟའ་ཉི་མ་ཉིན་རྒྱབ་ཚོུད་༣ཙམ་དཀྱིལ་འཁོར་གཤེགས་གསོལ་བྱིན་རླབས་བུམ་ཆུ་བཅས་གནང་རྒྱུ་ཡིན་ན་དད་ལྡན་རྣམས་ནས་དེ་ལུགས་དགོངས་མངའ་ཞུ། ས་ཆོས་ལས་ཁང་ནས། ༢༠༡༡ཟླ་བ་༨ཚེས་༨དགེ་བར།
|
|||
|
2011.08.07
11:43:45
|
|||
|
ཕ་མས་རེ་བའི་རྒྱང་ལྟ་ཞིག་གིས་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་ཡིན་ཡང་༸གོང་ས་མཆོག་དང་ཆེས་ཉེ་བའི་གནས་དེར། ཡོན་ཏན་ཕུན་སུམ་ཚོགས་ཤིང་མི་རྣམས་བྱམས་བརྩེ་དང་སྤྱོད་ལམ་བཟང་ཞིང་ཞི་བདེ་བག་ཕེབས་དང་མ་འོངས་པའི་རང་གི་བུ་རྒྱུད་ཀྱིས་རེ་བའི་འོད་སྟོང་་བཀྱེ་སའི་ལམ་ཆེན་ཞིག་ཏུ་ངོས་འཛིན་ནས། རི་ཆུ་སྟོང་གི་བར་ཐག་བཅད་དེ་ལེ་དབར་ཁྲི་ཁྲག་གི་སར་ནས། རང་ལས་མཆེད་པའི་བུ་ཕྲུག་ཀྱང་བཙན་བྱོལ་དུ་སློབ་སྦྱོང་དུ་སྐྱལ་བཞིན་ཡོད། འོན་ཀྱང་འདིར་སློབ་གྲྭ་ཁག་ནང་བཙན་གཡེམ་དང་བརྡུང་གཙོག་གཉའ་མནོན་སོགས་ནི། ཁོང་ཚོ་དཔོག་མི་ཐུབ་པའི་ཆེས་གསང་བའི་ཚུལ་དུ་གནས་ཡོད།
|
|||
|
2011.08.06
23:43:11
|
|||
|
དེ་རིངབོད་ཀྱི་བང་ཆེན་གྱིས་གནས་ཚུལ་སྤེལ་བ་ལྟ་ན་ཟླ་འདིའི་ཕྱི་ཚེས་༥ ཉིན་གྱི་མཚན་མོ་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་བུ་ཞིག་ཐ་ཐག་འཐེན་མི་ཆོག་ པའི་སྒྲིག་ལམ་དང་འགལ་བ་དང་། དེ་ལ་བརྟེན་ནས་འབྲེལ་ཡོད་རྒན་བདག་གཉིས་ཀྱིས་ཉེས་ཆད་གཏོང་བའི་སྐབས་སློབ་ ཕྲུག་དེས་ཡ་ལན་སློག་ཡོད་ཚུལ་འདུག མཐར་རྒན་བདག་གཉིས་ཀྱིས་སློབ་ཕྲུག་དེ་ལ་ཉེས་རྡུང་བཏང་ནས་རྐྱེན་ལམ་བཏང་བའི་ གནས་ཚུལ་ཐོན་འདུག རྐྱེན་འདས་སུ་གྱུར་པའི་སློབ་ཕྲུག་དེ་ནི་ བོད་ནས་གསར་དུ་འབྱོར་ནས་ཟླ་བ་བཞི་ལྔ་ཞིག་ལས་སོང་མེད་པ་དང་།
|
|||
|
2011.08.04
12:42:47
|
|||
|
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་༢༠༡༡།༨།༣ཉིན་གནས་ཚུལ་སྤེལ་བ་ལྟ་ན་འཁོན་རིགས་བསྟན་པའི་གསལ་བྱེད་དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ཟླ་བ་འདིའི་ཚེས་༡༦དང་༡༧གཉིས་ལ་ཁེ་ན་ཌའི་སྦི་རི་ཀྲིཤ་ཀོ་ལམ་སྦི་ཡ་(British Columbia)མངའ་སྡེའི་ཁྱབ་ཁོངས་ལྦིཀ་ཀྲོ་རི་ཡ་ས་གནས་སུ་ཆག་པའི་ས་སྐྱ་ཐུབ་བསྟན་ཀུན་དགའ་ཆོས་གླིང་ཆོས་ཚོགས་སུ་ཕེབས་ནས་གསུང་ཆོས་གནང་རྒྱུ་ཡིན་སྐོར་ས་གནས་དེའི་གསར་ཤོག་ཨོཀ་སྦེ་ནང་གནས་ཚུལ་སྤེལ་འདུག།
|
|||
|
2011.07.29
00:29:54
|
|||
|
བྱང་ཨ་མེ་རི་ཀར་གཞིས་ཆགས་པ་བོད་ཏྲེ་ཧོར་གདོང་སྤྲུལ་བསྟན་པའི་རྒྱལ་མཚན་གྱི་བསམ་འཆར། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ལྷན་ཚོགས་གཉིས་ཏེ། སྤྱི་འཐུས་ལྷན་ཁང་དང་། བཀའ་ཤག་ཅེས་པའི་ཐ་སྙད་གཉིས་ལས་སྤྱི་འཐུས་དོན་ལ་གནས་ཤིང་། བཀའ་ཤག་ཅེས་པའི་ཐ་སྙད་དེ་བོད་གཞུང་རྙིང་པའི་སྐབས་སུ་བྱུང་བ་སྟེ། རྒྱལ་བ་བདུན་པའི་བཀའ་ཤག་བཙུགས་ཤིང་། དེ་ནི་བཀས་བཀོད་རྒྱུན་འཛིན་རིང་ལུགས་ཀྱི་བཀའ་མི་དམངས་ལ་སྒྱུར་མཁན་བཀའ་ཁྲིའི་ལས་ཁུངས་ཏེ།
|
|||
|
2011.05.05
13:20:03
|
|||
|
ཕྱི་ལོ་༢༠༡༡ལོའི་ཟླ་བ་༥ཚེས་༢ཉིན་མོར་རྒྱ་གར་བྱང་ཕྱོགས་དེ་ཧ་ར་དུན་མངའ་ཁུལ་དུ་ རྟེན་གཞིས་བྱས་པའི་ར་པུར་ས་སྐྱ་ཆོས་སྒར་དུ་དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ ཆེའི་བཀའ་དགོངས་འོག་བོད་མདོ་སྨད་རྔ་པ་ཁུལ་དུ་ཛ་དྲག་གནས་ཚུལ་བྱུང་བཞིན་ པའི་བརྟེན་རྔ་པའི་མི་མང་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ལྔ་ལམ་གཤེགས་པའི་ དཔའ་བོ་ཕོ་མོ་རྣམས་ཀྱི་ཆེད་འདི་གར་དགེ་འདུན་པ་གཉིས་བརྒྱ་ཙམ་ཞིག་སྨོན་ལམ་དང་མཆོད་འབུལ་རྒྱས་པ་ཞིག་གནང་སོང་།
|
|||
|
2011.04.26
11:29:54
|
|||
|
དབྱངས་ཅན་མགྲིན་པར་རོལ་བའི་དཔྱོད་ལྡན་གྱི་རྩོམ་པ་པོ་ལྷན་རྒྱས་ཀྱི་སྙན་ལམ་དུ་ཞུ་རྒྱུར། འདི་ག་རྡེ་ར་རྡུན་དུ་རྟེན་གཞི་བྱས་པའི་ཆོས་དུང་དཀར་པོ་རྩོམ་སྒྲིག་ཁང་གིས་ད་བར་བོད་ཀྱི་སྐད་ཡིག་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ལ་དམིགས་ཏེ་ཆོས་དུང་དཀར་པོ་ཞེས་པའི་སྣ་འཛོམས་དུས་དེབ་ཅིག་ད་བར་འདོན་ཐེངས་དྲུག་བཏོན་ཟིན་ནའང་། ང་ཚོའི་ཐོག་མའི་དམིགས་ཡུལ་ནི་ཞིབ་འཇུག་བྱས་པའི་རྩོམ་ཡིག་རྣམས་གཙོ་གཉེར་བྱེད་སའི་དུས་དེབ་ཅིག་བྱུང་ན་དྲན་པ་ཡིན་མོད་ཀྱང་། རྩོམ་ཡིག་གི་ཞལ་འདེབས་བརྒྱ་ཆ་དགུ་བཅུ་ཙམ་སྙན་རྩོམ་གྱི་རིགས་སུ་སོང་གཤིས། རྩོམ་པ་པོ་དང་ཀློག་པ་པོའི་དགོངས་ཚུལ་བཞིན་ཐོག་མར་དེ་དག་མི་སྤེལ་ཐབས་མེད་བྱུང་།
|
|||
|
2011.04.19
12:28:29
|
|||
|
ཆོས་བརྡ། ༄ ༅།རཱ་ཇ་པུར་བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་ཆོས་འཁོར་གླིང་འདུས་སྤྱི་ ནས་ལོ་ལྟར་ཇི་ལྟར་གསོལ་བ་བཏབ་དང་འདེབས་མུས་བཞིན་འདི་ལོའང་དཔལ་ས་སྐྱའི་༸ སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་དད་ལྡན་སེར་སྐྱ་མང་ ཚོགས་རྣམས་ལ་འཆི་མེད་ཚེ་དབང་ཟབ་མོའི་བཀའ་དབང་གནང་རྒྱུའི་ཞལ་བཞེས་བཀའ་དྲིན་ ཐོབ་སོང་བ་ལགས་ན། དད་ལྡན་བཀའ་ཆོས་ཞུ་བློ་ཡོད་རིགས་ནས་ཕྱི་ལོ་༢༠༡༡ཟླ་བ་༤་ཚེས་ ༢༣ཉིན་རཱཇ་སྤུར་ས་སྐྱ་ཆོས་སྒར་དུ་སྔ་དྲོ་ཕྱག་ཚོད་དགུ་པའི་ཐོག་མ་འགྱངས་པར་ ཕེབས་འཐུས་ཡོང་བའི་ཆོས་བརྡ་རུ། ས་ཆོས་ལས་ཁང་ནས་༢༠༡༡ཟླ་བ་༤་ཚེས༡༡ལ། །
|
|||
|
2011.03.17
02:20:00
|
|||
|
རྒྱ་གར་བྱང་ཕྱོགས་དེ་ཧ་ར་དུན་མངའ་ཁུལ་རྟེན་གཞི་བྱས་པའི་བཙུན་དགོན་རིན་ཆེན་ཆོས་གླིང་ནས་དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་འབྲས་བཞིན་ཟླ་འདིའི་ཕྱི་ཚེས་༢༧དང་༢༨གཉིས་བདེ་མཆོག་ནག་པོ་ལུགས་ཀྱི་དབང་ཆེན་དངོས་སྟ་གནང་རྒྱུ་དང་།
|
|||
|
2011.03.09
00:45:02
|
|||
|
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གནས་ཚུལ་སྤེལ་བ་ལ་གཞིགས་ན།བོད་རྒྱལ་ལོ་༢༡༣༨ལྕག་ཡོས་ལོར་བོད་ཀྱི་ལོ་གསར་ལ་ཆོས་བརྒྱུད་ཁག་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་བླ་ཆེན་རྣ་མ་པས་བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཡོངས་ལ་འཚམས་འདྲི་གནང་འདུག དེ་ཡང་དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས།
|
|||
|
2011.02.20
12:13:25
|
|||
|
ཉིན་ཤས་གོང་བལ་ཡུལ་དུ་བསྐྱོད་པ་ཡིན། སྐབས་དེའི་མྱོང་ཚོར་ལས་འཕོས་པའི་སེམས་གཏམ་ཁ་ཤས་དྲྭ་གྲོགས་རྣམས་ཀྱི་སྤྱན་ལམ་དུ་སྟར་འདོད། ཐོག་མ་མེ་འཁོར་ནས་ལྡིར་སྒྲ་དང་བཅས་སོ་ནང་གླིང་རྒྱུད་ནས་ཀ་ཋ་མན་དྲུའི་རྒྱ་སར་སླེབས། ང་ལ་མཚོན་ན་བོད་ནས་གསར་དུ་འབྱོར་ནས་སླར་བལ་ཡུལ་དུ་སླེབ་ཐེངས་བཞི་པ་རེད། བོད་པ་ཚང་མ་བལ་ཡུལ་དུ་འབྱོར་དུས་གཅིག་རྗེས་གཉིས་མཐུད་ཀྱི་གོམས་ཁ་སྒྱུར་ས་དེ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ཕྱོགས་སུ་རེད། དེ་མཚུངས་ང་ཡང་རྩ་ཆེ་བའི་ཉེ་རྡུལ་དང་ཐུག་དགོས་པའི་མི་སྣ་ཡོད་མེད་ལ་མ་ལྟོས་པ་དེ་ཕྱོགས་སུ་ཐོན།
|
|||
|
2011.02.15
11:06:28
|
|||
|
ཉེ་བའི་ཆར་སྐུ་ཞི་བར་གཤེགས་པའི་༧སྐྱབས་རྗེ་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་ནི་མདོ་ཁམས་སྡེ་དགེ་ཀུ་སེ་ཡུལ་དུ་ཕྱི་ལོ་༡༩༢༧ལོར་སྐུ་འཁྲུངས།སྐུ་གཞོན་ནུའི་དུས་ན་རྒྱལ་བ་ཀམ་ཚང་བཀའ་བརྒྱུད་ཀྱི་སྐྱེ་སྤྲུལ་ཞིག་ཏུ་ངོས་འཛིན་གནང་ཡང་ཁོང་ གི་ཡབ་ཡུམ་གཉིས་ཀྱིས་ཞལ་བཞེས་གནང་ཡོད་མི་འདུག ཅུང་ན་སོན་པའི་ཚེ་སྐུ་སེ་གསེར་ལྗོངས་དགོན་དུ་ཆོས་སྒོར་ བཞུགས། དེ་ནས་རིམ་བཞིན་མདོ་ཁམས་སྨད་ཀྱི་ཆར་སྡེ་དགེ་སྨད་ཤོད་ཁམས་བྱེ་བྱེ་མ་ཐང་མཁས་གྲུབ་བྱེ་བའི་འབྱུང་གནས་ རྫོང་གསར་བཤད་གྲྭ་ལྔ་རིག་ནང་བསྟན་སློབ་གླིང་དུ་ཕེབས་ནས་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་མདོ་སྲིབ་པ་མཁན་ཆེན་ཐུབ་བསྟན་རྒྱལ་མཚན་མཁན་ཆེན་བློ་གྲོས་རྒྱལ་མཚན་སྨྲ་བའི་དབང་པོ་མི་ཉག་དམ་ཆོས་འོད་ཟེར་སོགས་བཤེས་གཉེན་དུ་མའི་ཞབས་རྡུལ་ལེགས་པར་རེག་སྟེ་ཐོས་བསམ་གྱི་སྒྲོ་མདོགས་བཅད་ནས་མཁས་པའི་མཚན་ཉིད་ཕྱོགས་ཀུན་ཁྱབ།
|
|||
|
2011.01.17
09:00:43
|
|||
|
གླུ་ཨ་ལ་ཐ་ལ་ཐ་ལ་རེད། ཐ་ལ་ངག་གི་འགུག་ལུགས་རེད། ། སྙིང་རྗེ་སྟོང་པའི་རང་གཟུགས་ཀྱི། །འཕགས་མཆོག་ཕྱག་ན་པདྨོ་མཆོད། ། ས་འདི་ས་ངོ་མ་ཤེས་ན། །རྗེ་གྲུབ་ཆེན་བརྒྱད་ཅུ་འབྱུང་གནས་རེད། ། ང་འདྲ་ང་ངོ་མ་ཤེེས་ན། །ས་དགེ་བཅུ་སྡེ་བཞི་འཛོམས་པའི་གནས། །
|
|||
|
2011.01.10
11:38:27
|
|||
|
མ་འོངས་པ་འདྲ་པོ་ཞིག་ལ་བསམ་བློ་བཏང་བཞག་པ་ཡིན་ན་ཡང་། སྔོན་གྱི་སྐུ་གོང་མ་རྣམ་པ་གཉིས་དང་།སྔར་གྱི་བཤད་གྲྭར་མིག་དཔེ་བྱས་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་དགོས་པ་ཞིག་ཡིན་པར་འདྲ། དེ་འདྲའི་བྱ་བ་བྱེད་དགོས་ན་སློབ་སྦྱོང་དེ་ཕྱོགས་སུ་མ་ལྷུང་བ་ཞིག་དང་། ཐོས་བསམ་སྒོམ་གསུམ་ཁ་ཡོད་ལག་ཡོད་ཅིག་གི་སྒོ་ནས་ལྷུ་སྒྲིག་ དགོས་པ་དེ་འདྲ་རེད་འདུག་སྟེ། དེ་འདྲའི་ཆ་རྐྱེན་གནང་ཐུབ་དང་མི་ཐུབ་གཞི་ནས་བལྟ་རྒྱུ་རེད།
|
|||
|
2011.01.04
05:15:07
|
|||
|
མདོར་ན། བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་གཞུང་ལུགས་མང་པོ་ཞིག་ལ་འཆད་ཉན་མཛད་ཅིང༌། བསྟན་པ་ཉམས་པ་སླར་གསོ་རྒྱ་ཆེན་པོ་གནང་ནས་ བྱས་རྗེས་གང་མིན་ཚད་ཅིག་བཞག་ཡོད་པ་འདྲ། སྤྱིར་བཏང་ནང་དོན་རིག་པའི་སྐོར་འཆད་ཉན་བྱེད་སྲོལ་ཞིག་དང་།ང་ཚོའི་བོད་དུ་ཚད་མ་དང་ ཕར་ཕྱིན་དེ་འདྲའི་གཞུང་ཁ་ཤས་ལ་དོ་སྣང་ཆེ་པོ་གནང་ནས་དེའི་རིགས་གཅིག་དང་གཉིས་ལ་སོགས་པར་རྐང་འཛིན་གནང་ནས་སློབ་གཉེར་བྱེད་རྒྱུའི་ལུགས་སྲོལ་དང༌མཐུན་རྐྱེན་དེ་འདྲ་ཡག་པོ་ཡོད་པ་ཡིན་ན་ཡང༌།
|
|||
|
2011.01.02
11:59:50
|
|||
|
གསལ་བཤད། གསུང་བཤད་འདི་བཞིན་རྫོང་སར་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་རྫོང་སར་བཤད་གྲྭའི་ཆོས་ཀྱི་བློ་གྲོས་སྒོ་འབྱེད་སྐབས་གནང་བའི་གསུང་བཤད་ཅེས་རེད། ཁོ་བོས་གསུང་བཤད་འདི་འོད་སྡེར་གྱི་ལམ་ནས་ལན་མང་ཉན་མྱོང་ཡོད། གསུང་བཤད་འདིའི་ནང་ང་ཚོའི་བཤད་གྲྭའི་ ཡག་རབས་དང་བླ་མས་མཛད་རབས་རྐྱང་རྐྱང་མིན་པ་མ་ཟད་གནའ་དེང་ཟུང་འབྲེལ་ཐོག་ནས་ནང་ཆོས་ལ་སློབ་གཉེར་བྱེད་སྟངས་དང་ནང་ཆོས་ཀྱི་དགོས་དམིགས།
|
|||
|
2010.12.22
01:37:44
|
|||
|
བདག་ཉིད་ཆེན་པོ་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏའི་དུས་ཆེན་སྲུང་བརྩི། ཟླ་འདིའི་བོད་ཚེས་༡༤ཉིན་མོ་དེར་ས་སྐྱ་མ་དགོན་བཤད་གྲྭར་ས་སྐྱ་པཎ་ཆེན་གྱི་དུས་ཆེན་སྲུང་བརྩི་ཞུ་སོང་། དེ་ཡང་ལྔ་ཟུང་རིག་པའི་དཔའ་ བོ་ཆེན་པོ་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ་བདུན་བརྒྱ་དྲུག་ཅུ་ཧྲིལ་པོ་འཁོར་ བའི་དུས་ཆེན་འདི་ཉིད་ཁོང་གི་བཀའ་དྲིན་རྗེས་སུ་དྲན་པའི་མཚོན་བྱེད་ཅེས་ཡིན་འདུག ཁོང་གི་མཛད་པ་དང་འཕྲིན་ལས་དངོས་དང་རྒྱུད་ ནས་མ་ཁྱབ་པ་ཆེས་མེད་པ་མ་ཟད་ལྷག་ཏུ་བོད་གངས་ཅན་པ་འདི་ཉིད་ཁོང་གིས་དངོས་སུ་གདུལ་བྱ་བདག་གིར་བཞེས་ནས་ཆབ་དཔལ་རིགས་གསུམ་གང་ཐད་ནས་ད་བར་དུ་ཁོང་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་བོད་པ་ཚང་ལ་བྱུང་མེད་པ་ལྟ་བུ་མངོན།
|
|||
|
2010.11.17
05:48:59
|
|||
|
ཉེར་གཅིག་གི་ཁུགས་སོ་འདིར་བོད་པ་ཚང་གི་ཕ་གཞིས་དང་ཕ་ཁྱིམ་ཡོངས་རྫོགས་དམར་པོ་བསྟན་དགྲ་རྒྱ་དམར་གྱི་དབང་འོག་ཏུ་ཤོར་ནས་མེས་པོ་དམ་པ་རྣམས་ཀྱི་རླབས་ཆེན་གྱི་ཕྱག་རྗེས། རང་གི་སྐད་དང་ཡི་གེ་གཉིས་ པོ་དེ་ཡང་བེད་སྤྱོད་མི་ཆོག་པའི་བཀའ་རྒྱ་བཏང་དང་གཏོང་བཞིན་པའི་དུས་ངན་གྱི་དཀྱོགས་མཚམས་འདིར། བཙན་བྱོལ་ནང་གནས་པའི་རང་མི་རིགས་ལ་དུང་ཞེན་དང་།མེས་པོ་རྣམས་ཀྱི་རྗེས་སུ་སྙེགས་བཞིན་པའི་མི་བུ་ དག་གིས་ཀྱང་ཆོས་དང་རིག་གཞུང་སྐད་ཡིག་རྒྱུན་འཛིན་གྱི་ཆེད་ཚགས་ཤོག་དང་དྲྭ་རྒྱ་དུས་དེབ་སོགས།
|
|||
|
2010.11.09
00:57:15
|
|||
|
ནོ་ཝེ་བོད་ཀྱི་རླུང་ཕྲིན་གསན་པ་ཁྱེད་ཅག་ལ་དཀའ་ངལ་འདུག་གམ། འདིར་ཉིན་ཤས་གོང་ནས་དྲྭ་རྒྱ་ཁ་ཕྱེ་ཐུབ་ཀྱི་མི་འདུག་སོང་ཙམ་གློག་ཀླད་སྒང་ནོ་ཝེ་རླུང་ཕྲིན་ཉན་ཐུབ་ཀྱི་མི་འདུག་གནད་དོན་ཅི་ཞིག་ཡིན་ཤེས་ཀྱི་མི་འདུག ། ཁྱེད་ཚོ་རྒྱུས་མངའ་ཡོད་ཚེ་ལམ་སྟོན་ཞིག་གནང་རོགས་གནོངས།
|
|||
|
2010.11.06
09:09:47
|
|||
|
དེའི་རྗེས་གོང་ཞུས་ལྟར་སྡོམ་གསུམ་སྡེ་སྣོད་འཛིན་པ་ཡོངས་འཛིན་སྨྲ་བའི་དབང་ཕྱུག་མཁས་པའི་དབང་པོ་མཁན་རིན་པོ་ཆེ་ རིན་ཆེན་མཆོག་གིས་འདི་ཕྱི་ཚེ་རབས་གཏན་གྱི་སྐྱབས་གནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ས་སྐྱ་༧གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་གི་བཀའ་ཆེ་སྤྱི་བོ་གཙུག་ཏུ་བཀུར་ཏེ་དཀའ་བ་ཁྱད་དུ་བསད་ནས་ཕྱི་ལོ་༡༩༨༥ལོར་དགོངས་པ་ ཆོས་དབྱིངས་སུ་མ་ཐིམ་བར་གདུལ་བྱ་མཆོག་དམན་བར་གསུམ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོ་སྔགས་རིགས་ གནས་དང་བཅས་པའི་བཤད་ཁྲིད་ཀྱི་སྒོ་་འཕར་དབྱེ་ནས་འཛམ་གླིང་ཤར་ནུབ་ཡུལ་གྲུ་གང་སར་ནང་ཆོས་འཆད་སྤེལ་གནང་ ཐུབ་པའི་སྡེ་སྣོད་འཛིན་པའི་བླ་སྤྲུལ་མཁན་པོ་སོགས་མི་ཉུང་བ་སྐྱེད་སྲིང་གནང་ཡོད།
|
|||
|
2010.10.21
03:56:32
|
|||
|
དེ་རིང་བོད་ཟླ་དགུ་པའི་ཚེས་༡༤ཉིན་མོ་འདི་ནི་བོད་གངས་ཅན་གྱི་ལྗོངས་སུ་ཞབས་བཅགས་པའི་དཔལ་ས་སྐྱ་པ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་སྟོན་པའི་དུས་བཟང་ ཁྱད་པ་ཅན་ཞིག་རེད་འདུག་ཉིན་མོ་འདིར་འཛམ་གླིང་ས་ཕྱོགས་གང་སར་དུས་ཆེན་སྲུང་བརྩི་ཞུ་བཞིན་པ་མ་ ཟད་གཞིས་སུ་གནས་པའི་ས་སྐྱའི་གདན་ས་སྤྲུལ་པའི་ལྷ་ཁང་ཆེན་མོ་དང་ཁམས་བྱེས་རྫོང་གསར་བཤད་གྲྭ་ ཁག་སོ་སོར་བདུན་ཕྲག་གཅིག་རིང་སྲུང་བརྩི་ཟབ་རྒྱས་ཞུ་བཞིན་འདུག། དེ་ཉིན་ལས་བྱེད་འཕོ་འགྱུར་དང་ གསར་རྙིང་བརྗེ་ལེན་སོགས་ཚང་མ་དུས་བཟང་འདི་དང་སྟབས་སྟུན་གནང་བཞིན་འདུག
|
|||
|
2010.10.14
06:31:09
|
|||
|
བཙན་བྱོལ་བོད་མི་རྣམས་ཀྱིས་འདི་ལོ་འོས་བསྡུ་ཆེན་མོ་དེ་ཚ་ཚ་འུར་འུར་ངང་ཆ་ཤས་བླངས་ནས་སྔོན་འགྲོ་འོས་བསྡུ་གྲུབ་ཟིན་པ་རེད། ཡིན་ནའང་འོས་བསྡུའི་ཁྲིམས་ལུགས་ཀྱི་ནུས་པ་དེ་བཙན་བྱོལ་བོད་མི་རྣམས་ལ་དེ་ཙམ་མ་ཁྱབ་པ་ལྟ་བུ་ཞིག་མངོན་གྱི་འདུག་པ་མ་ཟད། ཁག་ཅིག་གིས་ཁྲིམས་ལུགས་ལ་བསམཤེས་མ་བྱས་པའི་དོན་ཚན་རེ་ཟུང་ཞུ་འདོད་སྐྱེས། དཔྱ་ཁྲལ་ལག་དེབ་དེབ་འཀོད་བྱས་རྗེས་རང་ཉིད་ས་ཆ་གང་དུ་ཕེབས་ཀྱང་དཔྱ་དེབ་བསྣམས་ཡོད་ཚེ་འོས་བླུགས་ཆོག་པ་དེ་དངོས་ཡོད་གནས་ཚུལ་དང་ཁྲིམས་ཀྱི་བཅད་འཚམས་ཤིག་ཀྱང་རེད། འོན་ཀྱང་སྟབས་ཉེས་པ་ཞིག་ལ་ཉེ་ཆར་དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་དཔྱ་ཁྲལ་ལག་དེབ་དེ་ལ་ས་གནས་སྤུ་རུ་ཝ་ལ་ས་གཞིས་ནས་དེབ་བཀོད་ཞུས་ནས་བལ་ཡུལ་དུ་ཕེབས་སྐབས་ས་གནས་འོས་བསྡུ་ལས་ཁུངས་ལ་འབྲེལ་བ་ཞུ་དུས་བལ་ཡུལ་ས་གནས་འོས་བསྡུ་འགན་འཛིན་གྱིས་དེ་ལྟར་དེབ་བཀོད་བྱས་ཡོད་ནའང་། འོས་བླུགས་མི་ཆོག་པའི་ཐ་ཚིག་བསྒྲགས་ཏེ་ཁྲིམས་དང་སྒྲིག་གཞི་སོགས་འགལ་ལུགས་དང་ཉེས་པ་ཚབས་ཆེན་ཡིན་རབས་བཤད་ནས་དང་ལེན་གནང་མི་འདུག
|
|||
|
2010.10.07
06:38:36
|
|||
|
ཕྱི་ལོ་༡༩༨༠ཟླ་བ་༡༢ཚེས་༡༣ཉིན་དཔལ་ས་སྐྱའི་སྐྱབས་མགོན་༧གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་ཐོག་རང་དགོན་ར་སྤུར་ས་སྐྱའི་ཆོས་སྒར་གྱི་དགེ་འདུན་བསྙེན་པ་སྔོན་སོང་བ་བཅས་ཀྱིས་ཕུར ་པའི་སྒོ་ནས་རབ་གནས་རྒྱས་པ་དང་། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ ཆེ་དབུས་པའི་མཁན་ཆེན་སངས་རྒྱས་བསྟན་འཛིན་སོགས་བླ་སྤྲུལ་དགེ་འདུན་འདུས་པའི་ཚོགས་ཀྱིས་ཉིན་ གསུམ་རིང་རྒྱལ་བ་ཛེ་ཏཱ་རི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུའི་སྒོ་ནས་རབ་གནས་འབྲིང་པོ་གནང་བ་དང་། དེ་རྗེས་སྐྱབས་མཆོག་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་གི་དབུས་པའི་ངོར་མ་དགོན་གྱི་བླ་སྤྲུལ་འདུས་མང་ནས་ཉིན་གསུམ་རིང་རབ་ཏུ་གནས་པའི་ཆོ་ག་མཛད་གནང་བ་སོགས་སྒོ་ཀུན་ནས་ཚད་ལྡན་གྱི་ཡང་རབ་སོན་པ་གནང་ཡོད།
|
|||
|
2010.09.09
03:25:31
|
|||
|
གྲོས་ཚོགས་ཚོགས་དུས་བཅུ་པ་ཐོག་གཏན་འབེབས་གནང་བའི་ཡོ་རོབ་ཁུལ་དུ་སྤྱི་འཐུས་ཀྱི་ས་མིག་ལ་རྒྱབ་སྐྱོར་མ་འཐོབ་ཀྱང་བྱང་ཨ་རིར་སྤྱི་འཐུས་གཅིག་སྤར་འཆར་གནང་བར་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབས་གནང་འདུག གནས་ཚུལ་དེ་སྤྱི་ཚོགས་ཐོག་ཕྱིར་གྲགས་མ་ཐག་ནས་མི་ཚང་མས་འགྲེལ་བཤད་རེ་རྒྱག་བཞིན་འདུག ཁག་ཅིག་གིས་ཚོགས་དུས་སྔོན་མའི་སྐབས་གྲོས་འཆར་དེར་བོན་པོའི་སྤྱི་འཐུས་ཀྱིས་དགག་པ་རྒྱབ་ནས་་ཨ་རིར་སྤྱི་འཐུས་རྐུག་སྟེགས་མ་རག་པ་བཟོས་སོང་ཡིན་ནའང་དེ་རིང་སླར་ཡང་ཨུ་ཚུགས་བྱེད་ན་ཨ་མས་ཤིག་པའི་དཔེར་ལྟ་བྱས་ནས་རྒྱབ་སྐྱོར་ཐོབ་པར་སྤྱི་འཐུས་རྣམ་པས་དགོངས་པ་ཡག་པོ་བཞེས་གནང་འདུག་ཟེར་ནས་རྗེས་སུ་ཡིད་རང་ཞུ་མཁན་ཡང་ཡོད་ཚོད་འདུག་།ཡང་ཁག་ཅིག་གིས་གྲོས་ཆོད་དེ་ནི་ཆོལ་ཁ་ག་གེ་མོ་ཞིག་ལ་སྤྱི་འཐུས་གཅིག་དམིགས་གསལ་ཐོབ་ཐང་སྤྲད་པ་དང་གཅིག་མཚུངས་རེད་འདུག་ཟེར་ནས་མི་འདོད་པའི་རྣམ་པ་ཡང་སྟོན་བཞིན་འདུག་མདོར་ན་ས་གནས་མི་འབོར་ལ་གཞིགས་ནས་སྤྱི་འཐུས་དགོས་ཟེར་བ་དང་ཕྱི་རྒྱ་ཡུལ་གྲུ་ཁག་ཏུ་སྤྱི་འཐུས་གྲངས་འབོར་སྤར་དགོས་གསུང་པ་དེ་དག་རྒྱབ་ལྗོངས་ལ་ཆབ་སྲིད་དང་ཕྱོགས་འཐེན་གྱི་རྣམ་པ་གསལ་པོ་མངོན་བཞིན་འདུག་པ་མ་ཟད་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་དགོས་ཟེར་བ་དེ་ཡང་ཆོས་བརྒྱུད་ཀྱི་སྤྱི་འཐུས་གྲལ་དུ་ཁམས་རིགས་མང་བའི་རྒྱུ་མཚན་དངོས་སུ་མ་བཀོད་ཀྱང་དོན་ཐོག་དེར་ཡིད་མ་རང་ནས་སྔོན་ཤུགས་བརྒྱུད་གསུམ་ནས་སྐྱོན་བརྗོད་དང་ལས་འགུལ་སྤེལ་བཞིན་འདུག་དངོས་ཡོད་གནས་ཚུལ་ཐོག་ནས་བཤད་ན་དེ་རིང་སྤྱི་འཐུས་སྤར་འཆར་དེར་ཆོལ་ཁ་གཉིས་ལ་མོས་མཐུན་གཏན་ནས་མེད་པ་མ་ཟད་དེ་ལྟ་བུ་ལམ་ལྷོང་མང་དུ་བྱུང་ཚེ་ས་གནས་ས་ཐོག་ཏུ་མི་འབོར་ལ་གཞིགས་པའི་སྤྱི་འཐུས་བཟོ་འཆར་དེ་ཡང་ལམ་འགྲོ་རྒྱུག་སྲིད་པའི་དོགས་པ་ཡང་འདུག་ད་དུང་དེ་ཡང་ལམ་འགྲོ་རྒྱུགས་ཚེ་ཆོལ་ཁ་གཞན་གཉིས་ཀྱི་གཞིས་བྱེས་གཉིས་ཀྱི་ཆོལ་ཁའི་སྐུ་ཚབ་གཏན་ནས་མཚོན་མི་ཐུབ་པ་མ་ཟད་ད་དུང་སྟག་འཚེར་རིན་པོ་ཆེས་གསུངས་པ་བཞིན་བོད་གཞུང་ཁྱིམ་ཚང་ཆེན་མོ་གསུམ་རེད་ཟེར་བ་བཞིན་སྐབས་དེར་བོད་གཞུང་དེར་དབུས་གཙང་གཞུང་ཟེར་རྒྱུ་ལས་བོད་མི་ས་ཡ་དྲུག་གི་སྲིད་གཞུང་ཟེར་ས་ཞིག་ལྷག་མེད་པར་ལྟ་བུ་རེད། ཁག་ཅིག་གིས་ས་གནས་ཀྱི་མི་འབོར་ལ་གཞིགས་ནས་སྤྱི་འཐུས་བཟོ་འཆར་ལ་སྐུ་ངོ་ཟླ་བ་ཚེ་རིང་ཁྱེད་རང་གིས་ཤུགས་རྒྱག་ནས་གྲོས་ཚོགས་ནང་གྲོས་འཆར་འབུལ་དགོས་ལུགས་སོགས་རྒྱུད་སྐུལ་ཡང་བྱེད་བཞིན་འདུག་དེ་འདྲ་ཞིག་བྱུང་ཚེ་ང་ཚོས་ཁྱེད་ཚོའི་རྒྱབ་ལ་རི་ལྟར་བརྟན་ལ་རྡོ་ལྟར་རླིང་བ་བཞུགས་ཡོད་པར་མ་ཟད་དེ་རིང་ཁྱེད་ཀྱིས་འཇོན་འདུག་ཅིག་སྤྱི་འཐུས་སྤར་འཆར་དེར་དགའ་བསུ་ཞུ་མཁན་ཡང་ཡོད་ཚོད་འདུག།གནས་ཚུལ་འདི་འདྲའི་རིགས་མཐོང་ཚེ་ཆོལ་གསུམ་ཕ་མ་དང་སྤུན་ཟླ་ཡིན་ཟེར་བའི་ཚིག་སྐམ་པོ་ཙམ་ལས་དོན་ངོ་མ་ཐོག་ནས་ཡོང་ཐབས་མེད་པ་ལྟ་བུ་མངོན་གྱི་འདུག་དེ་བརྟན་དྲྭ་གྲོགས་རྣམ་པས་ཞིབ་གཟིགས་ཐེངས་གཅིག་གནང་རོགས་གནོངས།
|
|||
|
2010.08.31
09:31:59
|
|||
|
སྐུའི་གཅེན་པོ་སྟག་ཚེར་རིན་པོ་ཆེས་བཙན་བྱོལ་སྤྱི་ཚོགས་དེ་ཁྱིམ་ཚང་ཆེན་མོ་གསུམ་གྱིས་བཟུང་ཡོད་པ་རེད་ཅེས་གསུངས་པ་དང། དེ་རྗེས་བཙན་བྱོལ་སྤྱི་ཚོགས་ནང་ཡོངས་གྲགས་ལྟ་བུར་གྱུར། ༡ ཡབ་གཞིས་ཚང། ༢ བཀྲས་མཐོང་ཚང། ༣ རྒྱ་རི་ཚང་བཅས་རེད།བཙན་བྱོལ་སྤྱི་ཚོགས་ནང་ཁྱིམ་ཚང་འདི་གསུམ་གྱི་དབང་ཤུགས་ཆེན་པོ་ཡོད་ལ། རྐུབ་སྟེགས་ཀྱང་མང་པོ་འཇུ་མྱོང་ཡོད།ཁོང་ཚོའི་དབང་འཛིན་འོག་བོད་མི་དཔའ་བོ་དང།ཤེས་ཡོན་པ་སོགས་ལ་གནོན་ཤུགས་གང་འཚམས་སྤྲད་པའི་གླེང་ཕྱོགས་ཡོད་པ་མ་ཟད།
|
|||
|
2010.08.13
03:31:50
|
|||
|
སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་སུ་སམ་བྷོ་ཊའི་ཁྱབ་ཁོངས་ཉེ་སློབ་ནས་འདི་ལོ་བོད་མི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་ཚེས་དགའ་སྟོན་རྟེན་འབྲེལ་དང་འབྲེལ་བཀའ་དྲིན་རྗེས་དྲན་སླད་གཞིས་རིམ་འོག་མའི་སློབ་གྲྭར་དཔག་པའི་རྒྱ་བལ་བོད་གསུམ་གྱི་གནས་ཆེན་རྣམས་ཀྱི་བརྙན་པར་སོགས་འགྲེམ་སྟོན་ཞིག་གནང་སོང་།
|
|||
|
2010.08.11
12:20:56
|
|||
|
གཉིས་པ་ལ།།དགོན་པའི་ཨར་ལས་ཀྱི་འགན་གཙོ་བོ་ར་པུར་ས་སྐྱ་ཆོས་སྒར་གྱི་དབུ་འཛིན་ཕྱི་དབང་སྤྲུལ་སྐུ་དང་དབུ་འཛིན་ཡེ་ཤེས་ཕུན་ཚོགས་གྲའུར་དཔོན་གྱི་ཞང་པོ་པདྨ་དོན་འགྲུབ་བཅས་ནས་བཞེས་ཐོག་ལས་འགོ་བ་གཅིག་གཉིས་མ་གཏོགས་གཞན་ར་པུར་ས་སྐྱའི་ཆོས་སྒར་གྱི་ལས་བྱེད་དང་དགེ་འདུན་འགྲེས་གཞོན་བར་གསུམ་ཚང་མའི་མ་བསྐུལ་དྭང་བླང་ཐོག་ས་སྐྱ་གཞིས་ཆགས་མི་དམངས་རྣམས་ཀྱི་ཕྱག་རོགས་སོགས་ལ་བརྟེན་ནས་༡༩༨༠ཐམ་པ་ལོར་མ་དགོན་གྱི་གཙུག་ལག་ཁང་གི་སྟེང་འོག་བར་གསུམ་བཅས་ལེགས་གྲུབ་བྱུང་ཡོད།
|
|||
|
2010.07.25
11:46:41
|
|||
|
བརྗོད་བྲལ་ཟུང་འཇུག་ངང་ལས་མ་གཡོས་ཀྱང་།། རིམ་གཉིས་རྣལ་འབྱོར་ཟབ་མོར་ཐུགས་གཏད་དེ།། བདེ་ཆེན་ཡེ་ཤེས་མཆོག་གི་སྐུ་བཞེངས་པའི།། འཁོར་འདས་མཉམ་གཟིགས་བླ་མའི་ཞབས་ལ་འདུད། ། བཅོས་མིན་གྱི་དད་པའི་ཡུལ་དུ་གྱུར་པའི་ཁྱབ་བདག་དྲིན་ཆེན་བླ་མར་མཆོད་ཡུལ་སྔོན་དུ་སོང་ནས་འདི་གར་ཆུ་བོ་ཡར་མུན་ནའི་ཉེ་འདབས་སུ་གནས་པའི་དཔལ་ས་སྐྱ་པ་ཆེན་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྐྱབས་མཆོག་༧གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་གི་འཕྲིན་ལས་ཀྱི་ཆ་ཤས་ལས་བསྐྲུན་པའི་འོག་མིན་གཉིས་པ་དཔལ་ས་སྐྱ་མ་དགོན་བཤད་གྲྭ་ཐུབ་བསྟན་རྣམ་རྒྱལ་གླིང་གི་བྱུང་བ་མདོ་ཙམ་ཞུ་བ་ནི།
|
|||
|
2010.07.17
09:33:42
|
|||
|
སྨར་ཁམས་ཆོས་འཕེལ་ནི་ཕྱི་ལོ་ ༡༩༦༧ ཟླ་ ༡༠ ཚེས་ ༡༠ ཉིན་སྨར་ཁམས་ཧོ་ལ་གྲོང་ཚོ་འཐབ་ར་ཚང་དུ་ཕ་ཕྱག་རྡོར་དང༌། མ་ལྷ་སྐྱིད་གཉིས་སུ་སྐྱེས་ཏེ། ཞིང་པའི་ལས་དོན་བྱས། ཕྱི་ལོ་ ༡༩༨༦ ལོར་ལྷ་སར་འབྱོར།
|
|||
|