The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

ལི་ཐང་དབྱིག་གཉེན།


2012.02.07 07:09:56

                  

རྩོམ་བརྡ།

༄༅།།མཁྱེན་དཔྱོད་མཆོག་ཏུ་ཡངས་པའི་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ།
འབོད་སྐུལ་ཞུ་རྒྱུར།

འདི་ནས་ངེད་གྲྭ་རྐྱང་སྐོར་ཞིག་གིས་འུ་ཚོའི་མི་རིགས་འདིའི་ལས་དབང་གི་གླེང་སྟེགས་ཤིག་སྟེ་<<ཆིག་སྒྲིལ>>ཞེས་པ་ཞིག་ཡུལ་དུས་དང་འཚམས་པའི་དམིགས་བསལ་གྱི་དུས་དེབ་ཅིག་གང་མགྱོགས་འདོན་འཆར་ཡོད་པས་རྣམ་པ་ཚོས་འདིའི་ནང་གི་ལེ་ཚན་ཁག་དང་ཁ་བྲལ་ཐབས་མེད་པའི་རྩོམ་ཡིག་གང་མང་ཞིག་ངེད་རྩོམ་སྒྲིག་པ་དག་ལ་རྒྱབ་སྐྱོར་ཚུལ་གྱི་གང་མགྱོགས་བསྐུར་གནང་ཡོང་བར་ཞུ་རྒྱུ་དང་།


བྱང་བུ།:



2012.01.19 22:26:25
སྙན་དངགས་སྙན་མོ་འདི་ཡང་ཆུ་ཆེན་ཡིན་ན།

<<རྩོམ་པ་པོ་ནང་ཆེན་ཚེ་རིང་བདེ་སྐྱིད་ཀྱི་སྙན་དེབ་<<རྒྱང་རིང་གི་སྦྲ་ནག>>་བཀླགས་རྗེས།>>
སྙན་དངགས་སྙན་མོ་འདི་ཡང་ཆུ་ཆེན་ཡིན་ན།།
སྡེབ་སྦྱོར་མཛེས་མོ་འདི་ཡང་འཇའ་ཞིག་ཡིན་ན།།
འོ་མ་བཞུར་སྟངས་འདི་ཡང་ཁ་བ་ཡིན་ན།།
ཐུན་གསུམ་མཚན་མོའི་ཀློང་ནས་བརྐྱང་ཕྱག་ལོས་འཚལ།།




2012.01.15 07:51:02

 

                         <<བོད་ཀྱི་ན་གཞོན་གླུ་གར་ཚོགས་པ>>འི་རོལ་དབྱངས་ལ་བལྟས་རྗེས།

དོ་ནུབ་དགོང་མོར་རི་གྲོང་དབྱངས་ལ་ཞུགས་འདུག།

དབྱངས་ཀྱི་ནུས་པས་རི་གྲོང་འོད་ཆགས་བཞེངས་སྐད།།

འོད་ཆགས་སྟོང་གི་ཁེངས་བའི་གར་སྟེགས་འོག་ཏུ།།

བདག་ཉིད་སུ་ཡིན་སྙམ་པའི་དོགས་ཤིག་བསླངས་ཐལ།།





2011.12.12 03:27:57

༡༽ གྲྭ་ངན་འགའ་ཤས་ཀྱི་སྤྱོད་པའི་ཐད་དུ་བཏོན་པའི་བསམ་འཆར།                                 

གླེང་སློང་བ།

དེང་རབས་ཉེར་གཅིག་པའི་ད་ལྟའི་གཉན་འཕྲང་ཅན་གྱི་དེང་སྐབས་འདི་དང་བརྟེན་ནས་ངས་རང་ཉིད་ཀྱི་བསམ་བློའི་འཆར་སྒོ་ཙམ་ཞིག་འདི་ནས་བརྡོལ་འདོད་པ་ཙམ་ཡིན། སྤྱིར་ན་མི་ང་ལྟ་བུ་ཞིག་གིས་གྲྭ་བའི་སྤྱི་ཚོགས་སུ་བསམ་ཚུལ་འདོན་པའམ་དེ་བས་ཉེན་ཚབ་ཆེའི་གྲྭ་བའི་རྒྱུན་སྤྱོད་ཀྱི་ལས་ཉེས་སྐོར་གླེང་ཁུལ་བྱས་པ་ནི་དངོས་གནས་གད་མོ་སློང་དགོས་པའི་གནད་ཅིག་ཡིན་མོད། འོན་ཀྱང་བསམ་ཚུལ་ནི་བསམ་ཚུལ་རང་ཡིན་པ་ལས་ངའི་བསམ་ཚུལ་ཐམས་ཅད་བདེན་པར་འགྱུར་བའི་ངེས་པ་མེད་མོད། དེའི་ཕྱིར་ངས་ཀྱང་ང་རང་འགྲོ་བ་མི་ཞིག་གམ་སྨྲ་ཤེས་དོན་གོ་བ་ཞིག་གིི་འདུ་ཤེས་ཡོད་པར་གཞི་ལ་བཟུང་ནས་འགྲོ་བ་མི་ཞིག་གི་ངོས་ནས་གླེང་ན་བླ་ན་མེད་པའི་རིན་ཐང་ཅན་གྱི་སྨྲ་བརྗོད་རང་དབང་གི་གོ་སྐབས་འདི་ལ་བརྟེན་ནས་ཐོབ་ཐང་ལག་ཏུ་ལེན་ཏེ་ཕྲན་གྱིས་ཏོག་ཙམ་གླེང་འདོད་བྱུང་།





2011.09.01 09:49:02

--------མྱི་ངན་འགའ་ཤས་ལ་ཆེད་དུ་གདམས་པའོ།

ས་ཆེན་སྨག་གིས་གཟས་པའི་དུས་ཚིགས་དེར་།།

ཁེར་རྐྱང་མུན་པའི་ཀློང་དུ་ཉུལ་བའི་སྐབས།།

ལག་སྙོབ་ཇི་ཙམ་བྱས་ཏེ་སོང་ན་ཡང་།།

དཔྱད་མཐར་བརྙེད་པར་མུན་པ་ཁོ་ན་རེད།





2011.08.30 11:56:38

 

རྟག་ཏུ་མ་དྲན་མེད་པར་ཁྱེད་ཚོ་ཡིན།

--ལྟད་མོ་འཁྲབ་སྟངས་ཤིག་མཐོང་རྗེས་སུ་བྲིས།

སེམས་ཚོར་རླུང་གིས་དད་པའི་གྲུ་ཁ་ནས།།

སེམས་དང་བསམ་པར་རྒྱུན་གྱིས་འདྲེས་བྱས་པའི།།

སེམས་མཐུན་སྙིང་གི་གྲོགས་དག་དྲན་བཞིན་དུ།།

སེམས་པའི་ཀློང་ནས་སྙན་པའི་ངག་འདི་ཐལ།།





2011.08.17 01:19:00

༄༅།།ལོག་རྟོག་གི་སྙིང་སྟོབས་ལ་དཔྱད་པ་ལོག་སྨྲའི་རྩྭ་སྐྱ་སྲེག་པའི་བསྡུས་གྲྭའི་མེ་སྟག།

ཐང་དགོན་མཁས་མཆོག

མགོ་བརྗོད། 

རྒྱ་ཆེ་བའི་གསན་མཁན་རྣམ་པ་ལགས། ཁོ་བོས་ལོག་སྨྲའི་རྩྭ་སྐྱ་སྲེག་པའི་བསྡུས་གྲྭའི་མེ་སྟག་ཅེས་པའི་རྩོམ་ཐུང་འདི་། འབྲི་དགོས་པའི་དམིགས་ཡུལ་གཙོ་བོ་ནི།ནང་ཆོས་ཡ ང་དག་པར་སྒྲུབ་པ་མིན་ལ། ཚན་རིག་ཡང་མ་དག་པར་སྒྲུབ་པ་དེ་བས་ཀྱང་མིན། འོ་ན་དམིགས་ཡུལ་གང་ཡིན་ཞེ་ན། གཅིག་འོག་ནས་འཆད་འགྱུར་ལྟར་རང་ཉིད་དཔྱད་རྩོམ་ཡག་པོ་ཞིག་འབྲི་ཤེས་པའི་ཆེད་དང་།





2011.07.23 05:01:01

༼ ཞབས་བྲོ་འཁྲབ་སྟངས་དང་རོལ་ཆས་དཀྲོལ་སྟངས༽

===========ངོ་གདོང་རུ་བཤད་འདོད་པའི་སྐད་ཆ་འགའ།

གནས་ལུགས་ཤིག་ལ་འགྲེལ་བཤད་སྐྱོན་དུས་བློ་སྙིང་ཡོད་ཚད་ཟུར་ནས་མཐོང་།།

གོ་ལའི་སྒང་ནས་རྒྱང་མཇལ་བྱེད་ཚེ་འཛམ་གླིང་ཁྱོན་པོ་སྒོར་སྒོར་མཐོང་།།

གསང་མིང་བར་ནས་མི་ཚད་འཇལ་དུས་གྲོགས་པོ་རྙིང་པའི་སྣང་བརྙན་མཐོང་།།

བདེན་དོན་འོག་ནས་མཐོང་ཚུལ་འདི་དག་རྒྱུ་འབྲས་བློ་མིག་མིན་པར་མཐོང་།།





2011.07.20 23:38:12

ཟིན་བྲིས་ལ་བཟོ་བཅོས་རྒྱག་པ།བརྗོད་བྱ་འདི་གསུབ་པ།

ཁ་བྱང་གི་འགྲེལ། ------ བོད་མི་རབས་གསར་པ་ནམ་ཡང་རྒྱལ་གྱུར་ཅིག 

དེང་གི་འཇིག་རྟེན་འགྱུར་ལྡོག་ཆེ་བར་སྐད་ཅིག་སྐད་ཅིག་ཡལ་ནས་ཐལ།། 

ཡིད་ཆེས་དབེན་པའི་འཇིག་རྟེན་འདི་རུ་འཁྲུག་ཆ་ཆེ་བར་ཆོས་ཉིད་ཅིག། 

རྗེན་པ་ཐམས་ཅད་རྫུན་པའི་ངོ་བོར་ལྷ་སྒྲུང་གླེང་བར་གཤིས་ལུཊ་ཤིག།

ཡོད་ཚད་ལས་ལ་གང་བསྐོས་མ་གཏོགས་སྣང་བར་གང་ཤར་ཡོད་མ་ཡིན།།





2011.05.22 22:49:38

བོད་་་་་་གསར་རྙིང་གི་འགྱུར་བ་ཆེན་པོ།

དེ་རིང་ངེད་ཀྱི་སེམས་པ་འདི།

ཅི་ཡང་གྲགས་འགུལ་མེད་པར་ལུས་འདུག

དེ་ནི་གཅིག་བྱས་ན།

སྔོན་ཆེད་ཉི་མ་ནུབ་པའི་དུས་ཚིགས་དེ་དྲན་པ་ཡིན་སྲིད།




2011.05.20 09:50:57

 

སངས་མ་རྒྱས་བར་དུ་སློབ་གཉེར་ལ་ཚར་བ་མེད་གསུངས་འདུག
ངས་སྔོན་མ་ང་རང་ཕ་ཡུལ་གྱི་དགོན་ནང་དུ་སློབ་གཉེར་བྱས་དུས་ངའི་སེམས་སུ་བསམ་བློ་འདི་ལྟར་ཞིག་འཁོར་མྱོང་ཡོད།  ངས་གང་མགྱོགས་སློབ་གཉེར་ལ་མཐར་ཕྱིན་པར་བགྱིས་པ་ཡིན་ན་དེ་ནས་ལྷོད་ལྷོད་འདྲ་བྱེད་ནས་བསྡད་ཆོག་གི་རེད་བསམ་མྱོང་ཡོད་ལ་མ་ཟད་ངའི་སེམས་སུ་སློབ་གཉེར་ལ་ཚར་རྒྱུ་ཞིག་ཡོད་དམ་སྙམ་པའི་དྲི་བ་ཞིག་གཏན་ནས་བསླེབ་མ་མྱོང་།



2011.05.14 23:11:34
རྒྱ་ཡིག་ཐང་ན་སྐྱིད་ཉལ་བྱེད་པའི་བོད་ཀྱི་ཤེས་རྒན་འགའ། སྒོ་ཡོན་ཏན་བཟང་པོ།

རྒྱ་ཡིག་ཐང་ན་སྐྱིད་ཉལ་བྱེད་པའི་བོད་ཀྱི་ཤེས་རྒན་འགའ། —དོར་ཞི་དང་ཚུལ་ཁྲིམས་བློ་གྲོས་སོགས་ལ།





2011.05.04 10:43:53

རྒྱལ་གཅེས་དཔའ་བོ་ཁོང་སྐུ་གཤེགས་ནས་ཉིན་ཞག་བཞི་བཅུ་ཞེས་དགུ་འཁོར་བའི་དུས་དྲན་དུ་ཕུལ་བ།།
སྤུན་ཟླའི་ལས་དབང་ཡ་ཁོག་སེམས་སུ་ཉར་དུས།།
ཚོར་སྣང་ལྕི་མོ་ཞིག་གིས་བྲང་ཁོག་རྡུང་དུས།།
ན་ཟུག་རྙིང་པ་ཞིག་གིས་ཧོབ་ཀྱིས་དཀྲོག་དུས།།
ཁྱེད་ཀྱི་དཔའ་སྩལ་སུས་ཀྱང་འགྲན་ནུས་མ་སོང་།།




2011.05.02 05:02:46

བློ་བཟང་སེང་གེ་འཕུར་མ་སྔ། བོད་པ་ཚོས་བཀྱག་མ་སྔ།
བློ་བཟང་སེང་གེ་བཀྱག་མ་སྔ་དང་། ངེད་ཚོས་ལྟད་མོ་རྗེས་ནས་མཐོང་ཡོང་། ངས་འདི་ལྟར་བཤད་དོན་ནི་ང་དེང་སང་ཉལ་ན་གཉིད་ཀྱང་ཁུག་གི་མེད། ཅིའི་ཕྱིར་ང་གཉིད་མ་ཁུག་པ་རེད། ཁྱེད་ཚོས་ཤེས་སོང་ངམ། བོད་པ་ཚོ། ང་ཡང་སྙིང་བོད་པ་ཚོར་དགོད་བྲོ་ལ། ཡང་སྙིང་ངུ་འང་བྲོ། ངས་ལྟ་སྟངས་ནོར་མེད་ན་བོད་པ་ཚོ་ནི་དེ་རིང་ནས་སྐྱབས་མེད་མགོན་མེད་ཅིག་རེད་ལ། མ་ཟད་བོད་པ་ཚོར་ནི་མ་མེད་ཀྱི་བྱིས་པ་དམར་རྐྱང་ལུས་པ་དང་ཆ་རེད། དེ་བས་ཀྱང་བོད་པ་ཚོ་ནི་ལོ་ན་གསུམ་ལས་ལོན་མེད་པའི་ཕྲུ་གུ་ཞིག་དང་ཅི་འདྲའི་མཚུངས་ཨང་། ཅིའི་ཕྱིར། བོད་པ་ཚོ་དགའ་དུས་དགའ་དྲག་ནས་དགོད་མི་ཤེས་ལ།



2011.04.27 09:41:46

ཀ་ཁ་ག་ང་ཤེས་མཁན་ཐམས་ཅད་བོད་ཡིག་མཁས་རབས་གླེང་བཞག་ན།།

ཁ་དོག་དཀར་དམར་འཆད་མཁན་ཐམས་ཅད་ཕྱག་དཔེ་ཡག་རབས་བསྒྲག་བཞག་ན།།

ག་ས་གང་དུ་བསྐྱོད་མྱོང་མཁན་པོར་འཁྱམ་ཉུལ་ཡིན་ཚུལ་བཤད་བཞག་ན།།

ང་ནི་དེང་གི་མི་རབས་གསར་པར་སེམས་ཀྱི་སྟེང་ནས་ཞེད་སྣང་སྐྱེས།།




2011.02.28 21:46:14

དེ་རིང་ཕྲན་ལ་ཧབ་སྟེ་བསམ་གཞིགས་རྣལ་མ་ཞིག་སླེབས་འོང་། དེ་ནི་འཇིག་རྟེན་འཁོར་བ་འདི་ལ་ཕྱིར་མིག་ཐེངས་ཤིག་འཕེན་པའི་རྐྱེན་གྱི་ཡིན་པ་ཐེ་མི་ཚོམ། ངས་ནམ་རྒྱུན་འཇིག་རྟེན་འཁོར་བ་ཞེས་པའི་མིང་ཚིག་གསུམ་པོ་འདི་རང་ཉིད་ཀྱི་རྣ་རྩར་ཐེངས་དུ་མ་ལྷུང་མྱོང་ཡོད་ཀྱང་དེ་ཙམ་གྱིས་ཞིབ་ཚགས་པོའི་བསམ་གཞིགས་བྱེད་མ་མྱོང་ཞིང་དེ་རིང་བསམ་གཞིགས་ཤིག་བྱས་མཐར་ང་རང་ཧ་སང་། རེད་།




2011.02.21 08:27:19


ཕྲན་གྱིས་དེ་རིང་ ༼བཀྲས་མཐོང་ཐེངས་འདིའི་བཀའ་ཁྲིར་འོས་ ༽ཞེས་ཁ་བྱང་འདི་ལྟར་ཞིག་འབྲི་འོང་དུས་ཧར་ཏེ་ཁྱེད་ཚོའི་སེམས་སུ་སྨྲ་མི་ཤེས་པའི་ཚོར་སྣང་རབ་རིབ་ཅིག་གཏན་གཏན་བསླེབ་འོང་། དེ་ནི་ཕྲན་ལ་མཚོན་ན་རིགས་པའི་བརྡར་ཤག་བཅད་། རྣམ་དཔྱོད་ཀྱིས་སྒོ་ནས་བསམ་བློ་རྣལ་དུ་ཕབས། ཆོལ་ཁའི་ཕྱོགས་ཞེན་མཐའ་དག་རྒྱང་རིང་དུ་དོར་བའི་སྒོ་ནས་སྙིང་ཁུང་རུས་པའི་སྟེང་ནས་བཞུར་བའི་སྐད་ཆ་ཞིག་སྟེ། དེང་སྐབས་ངེད་ཚོས་བཙན་བྱོལ་བའི་སྤྱི་ཚོགས་འདིའི་ནང་དུ་དངོས་གཞིའི་འོས་ལྡུག་གི་འོས་མའི་སྐྱོན་ཡོན་གང་འདྲ་ཞིག་གི་སྒོ་ནས་འཚོལ་རུང་། དེ་རིང་གི་ངེད་ཚོའི་བོད་མི་ས་ཡ་དྲུག་གི་སྐུ་ཚབ་མཚོན་ཐུབ་པའི་མི་བུ་ནི་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལས་གཞན་ཞིག་ཁོ་བོའི་བརྙེད་པར་བཀའོ་ཞེས་ཚིག་ཐག་ཆོད་པའི་སྒོ་ནས་སྨྲ་ཐུབ།



2011.02.16 08:46:15

སྙིང་ཉེ་བའི་ངའི་བརྩེ་བའི་དྲྭ་གྲོགས་ཚོར་ཞུ་རྒྱུ་ནི་ཟླ་བ་འགའ་ཤས་སྔོན་ནས་ཟིན་བྲིས་ཡག་པོ་ཞིག་སྤེལ་རྒྱུ་གཏན་ནས་རག་མ་སོང་བར་བརྟེན་སྙིང་ཁུང་རུས་པའི་སྟེང་ནས་དགོངས་སེལ་ཞུ། ད་ནས་བཟུང་རང་ཉིད་ཀྱིས་འབད་བརྩོན་ལྷད་མེད་ཀྱི་བརྒྱུད་ནས་ཁྱེད་ཚོར་བསམ་ཚུལ་ཞིག་གི་ཚབ་ཏུ་འབོལ་རྩོམ་གང་མང་མང་ཞིག་འབྲི་ཨེ་ཐུབ་བལྟ་རྒྱུ་དམ་བཅའ་བརྟན་ཡོད་ཅེས་ལི་སྨྱོན་མ་ཧྰ་ཀྰ་ལས་དྲྭ་གྲོགས་ཚོར་བརྡ་ལན་ཞིག་ཚབ་ཏུ་བྲིས་སོ།།

 





2010.10.23 09:37:25

སྐྱེད་མ།   

དྲན་གདུང་གི་ལོ་ཟླ་རེ་རེ།

མཉམ་འཛོམས་ཀྱི་ཕྱིར་མིག་རེ་རེ།

སྟོང་བསམ་གྱི་སེམས་སྣང་རེ་རེ།

ཡོད་ཚད་ནས་ཡོད་ཚད།   རེ་རེ་བཞིན།

ལས་དབང་གི་དད་པའི་མི་བུ་ངའི།

བརྩེ་བ་འདི།  ཁྱེད་ཕྱོགས་སུ་བཞུར་བ་ཉུང་ཉུང་མིན།




2010.10.11 11:36:16

ཀ་ཁ་ག་ངའི་རྟ་དབྱངས་དལ་གྱི་སྒྲོག།

ཁ་དོག་དཀར་མོའི་རྩོད་སྒྲ་ལྡིར་གྱིས་ཁེངས།།

ག་ལེར་ཆོས་རར་འགྲིམས་པའི་གྲྭ་རྐྱང་ཚོ།།

ང་ཡི་འདི་ཕྱིར་སྐྱབས་ཀྱི་གཙོ་བོར་ཡིན།།

བྱང་བུ།:



2010.10.02 03:59:04

ངས་དེ་རིང་ཡང་དང་སྐྱར་དུ་ཁྱེད་ཚོར་གནས་ཚུལ་ཞིག་ཞུ་འདོད་བྱུང་།  དེ་ནི་ངས་ཁྱེད་ཚོར་རྟག་པར་བཤད་བཞིན་པའི་ཉིས་སྟོང་བཅུ་ལོ་མི་རབས་གསར་པའི་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་ཕམ་སྲིད་པའི་སྒྲུབ་བྱེད་དུ་དངུལ་གྱི་དབང་ཤུགས་ཀྱི་ཁུང་ཕམ་སྲིད་པའི་ཉེན་ཁ་གླེང་བ་དེ་རེད།  ངས་འདི་ལྟར་བྲི་ཡོང་དུས་དྲ་གྲོགས་མང་པོ་ཞིག་གིས་གནས་ཚུལ་འདི་དང་འདི་འདྲ་བ་གཏན་ཐོན་སྲིད་ཀྱི་མ་རེད་མདོག་མདོག་གི་རྣམ་འགྱུར་བསྟན་མཁན་མང་པོ་བྱུང་སོང་།  དེ་དག་ལ་གསལ་ཁ་ཞུ་འདོད་བྱུང་། 

བྱང་བུ།:



2010.09.30 10:06:20
དེ་རིང་ཕྲན་གྱིས་རྒྱ་ཆེ་བའི་བོད་མི་ཡོ་དོག་ཅོག་གི་སྙན་ལམ་དུ་བསམ་ཚུལ་ཕྲན་བུ་ཞིག་འབུལ་འདོད་བྱུང་། དེ་ནི་བསླེབ་ལ་ཉེ་བའི་འབྱུང་འགྱུར་གྱི་ཉིས་སྟོང་བཅུ་གཅིག་གི་བོད་རྒྱ་ཆེ་མི་མང་གི་བསམ་འདོད་དུ་བབ་དགོས་པའི་བཀའ་བློན་ཁྲི་པའི་སྐོར་ཡིན།
བྱང་བུ།:



2010.09.25 09:49:48

དང་གསལ་མེ་ལོང་ལྟ་བུའི་གསང་གསུམ་གྱི་ཡོན་ཏན།།

མ་ལུས་གཅིག་ཏུ་བསྡུས་པའི་མགོན་ཁྱེད་ཀྱི་རང་གཟུཊ།།

འདིར་ན་འཚོ་གནས་ངེས་མེད་གྲྭ་རྐྱང་གི་འཁྱམ་པོའི།།

མགོན་ཁྱེད་སྙིང་ནས་དྲན་པའི་གདུང་དབྱངས་ཤིག་འབུལ་འདོད།།


བྱང་བུ།:



2010.09.03 04:36:55

དེ་རིང་ཁོ་བོས་དྲ་ཚོར་རེ་སྐུལ་ཞིག་ཞུ་འདོད་བྱུང་གཞས་པ་ཀུན་དགའ་ཡི་དགེ་ཕྲུག་ན་གཞོན་

གླུ་བ་ཆོས་མགོན་གྱི་སྤུན་མཆེད་ཞིག་གིས་ཁོ་བོར་རེ་སྐུལ་ཞུ་དོན་ལོགསར་པ་ནང་ལ་ཆོས་
མགོན་གྱིས་ཆེ་བསྒྲིག་ལས་ཚན་གྱི་འོས་སྡེར་ཞིག་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་དང།   དེར་བརྟེན་
དྲ་གྲོགས་ཚོས་གཞས་ཚིག་མི་ཉུང་བ་ཞིག་ཞལ་འདེབས་གནང་རོགས་ཞུ། 
བྱང་བུ།:



2010.09.01 05:14:55

ད་རེ་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གི་གནས་ཚུལ་ལ་དཔག་ ན་ཧ་ཅང་ཡ་མཚན་དགོས་པ་ཞིག་ཆགས་འདུག་ལ། མ་ཟད་ངས་ཀྱང་གནད་དོན་འདི་དག་ལ་བསམ་གཞིགས་ཤིག་བྱས་ཡོང་ དུས་དངོས་གནས་གད་མོ་ཤོར་དགོས་པའི་གནས་སུ་ལྷུང་འདུག།

བྱང་བུ།:



2010.08.27 05:41:24

དེ་རིང་ཁོས་དྲ་གྲོགས་ཚོར་ཟིན་བྲིས་ཐུང་ངུ་ཞིག་འབྲི་འདོད་བྱུང།     ཉིན་ཁ་ཤས་ཀྱི་རིང་ལ་བོད་ཀྱི་བང་ཆེན་ཟིན་བྲིས་དང་།   དེ་བཞིན་དུས་བབ་ཟིན་བྲིས་སོགས་སུ་གླེང་སློང་ཆེ་ཤོས་ཏེ་ཡང་དུས་བབ་ཟིན་བྲིས་པ་བུད་མེད་ཚེ་

བྱང་བུ།:



2010.08.18 10:41:23

རྩོམ་སྐུལ་བརྡ་སྦྱོར།

མཁྱེན་ཡངས་རྩོམ་པ་པོ་ལྷན་རྒྱས་ཀྱི་སྙན་ལམ་དུ།

ཆེད་ཞུ། བོད་ཀྱི་ཚེ་སྲོག་དང་སྐད་ཡིག་གི་འཕྲིན་ལས་བརྟས་པའི་ཕྱིར་ང་ཚོ་མི་རྐྱང་ཁག་ཅིག་གིས་མཐོ་སྒང་ཉི་ཟེར་ཞེས་པའི་སྣ་འཛོམས་དུས་དེབ་དེ་འདོན་ཐེངས་གཉིས་བཏོན་ཟིན་ལ། འདི་ལོའི་དུས་དེབ་ཀྱང་མགྱོགས་པོར་འདོན་འཆར་ལགས་ན་

བྱང་བུ།:



2010.08.12 22:28:55

ང་ད་ལྟ་རང་དྲ་ཚིགས་འདིར་སླེབས་འོངས་པ་ཡིན་ལ།ང་འདིར་འོངས་པའི་ཐོག་མའི་དམིགས་ཡུལ་ནི་ཅི་ཞིག་ཐོབ་འདོད་ཀྱི་སླད་དུ་ཡིན།དྲ་གྲོགས་ཚོས་གང་ཐུབ་ཀྱིས་ང་ལ་རོགས་རེས་གནང་རོགས་ཞུ།

ཁ་དྲོ། བཀྲ་ཤིས། ཚེ་རིང་།

 


བྱང་བུ།: