The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

tenzinphakpa


2012.04.06 06:43:38

ས་ཆེན་པོ་འཛམ་གླིང་མཐོ་སྒང་སྟེངས།།

ལས་རྒྱུ་འབྲས་མི་བསམ་སྤྲུལ་སྐུ་འགས།།

མི་ཤི་གསོན་གཉིས་ཀའི་འབུལ་བ་བཞེས།།

 

 


བྱང་བུ།:



2012.02.23 02:47:30

བློན་ཆེན་ཐོན་མི་སམྦྷོ་ཊ་མཆོག་གི་འཁྲུངས་ཡུལ་དང་མཚན་སོགས་ལ་བཞེད་ཚུལ་མི་མཐུན་པ་མང་དུ་ཡོད་པས་དྲ་གྲོགས་ཚོའི་དཔྱད་གླེང་གནང་རོགས།་་་་རྣམ་དཔྱོད་ཅན་གྱི་སྤུན་ཟླ་སུ་འདྲ་ཞིག་ཕེབས་པ་འཚམས་འདྲི་ཞུ།


བྱང་བུ།: བོད་རྒྱལ་ལོ།



2012.02.19 08:42:36

བཙལ་བྱོལ་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་ཤེས་ཡོན་མི་སྣ་བཅས་ཀྱིས་ཛ་དྲག་གི་གཉན་འཕྲང་འདི་ལ་གཞིས་བཞུགས་སྤུན་ཟླ་ཚོ་རྒྱབ་སྐྱོར་མཚོན་ཆེད་དུ་ད་ལོའི་ལོ་སར་མ་གཏོང་རོགས་ཟེར་བའི་སྐད་ངན་འདི་ས་གྲགས་གནམ་གྲགས་བྱས་སོང་བ་ནི་གུས་པས་དེ་ཙམ་གྱི་དགོས་པ་མ་མཐོང་།


བྱང་བུ།:



2012.02.07 06:21:06

འདི་ཕྱི་གཉིས་ཀྱི་སྐྱབས་གནས་འཛམ་གླིང་ཞི་བདེ་ཆེན་པོ་༸གོང་ས་སྐྱབས་མགོན་མཆོག་གི་ཡང་སྲིད་སྐོར་སེམས་འཁུར་བ་ཚོ་ཐུགས་ཁྲེལ་གནང་མི་དགོས།སྔོན་གྱི་ཚོགས་ཆེན་སྐབས་༸གོང་ས་མཆོག་གི་འདི་ལྟར་གསུངས་ཡོད་རང་ཉིད་ལས་སྨོན་གྱི་དབང་གིས་སྐྱེ་བ་ལན་དགོས་ཚེ་གནས་གང་དུ་སྐྱེ་མིན་དང་


བྱང་བུ།: སེམས་ལ་ངེས་



2012.01.29 10:03:49

སྙིང་ནས་བརྩེ་བའི་གུས་པས་དྲ་གྲོགས་སྤུན་ཟླ་ཡོངས་ལ་གནས་སྐབས་མ་མཇལ་ཡུན་ཙམ་སོང་བའི་རིང་ལ་ཁྱེད་རྣམས་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ་སོགས་སྔར་བཞིན་ཡོད་པའི་སྨོན་འདུན་ཞུ། ་་་ལོ་གསར་པ་ལ། ༡༽བསམ་བློ་གསར་པ། ༢༽སེམས་ཤུགས་གསར་པ། ༣༽མཐུན་ལམ་གསར་པ། ༤༽ཆིལ་སྒྲིལ་གསར་པ། ༥༽ནུས་པ་གསར་པ། ༦༽ཤེས་ཡོན་གསར་པ། ༧༽དྲང་བདེན་གསར་པ། ༩༽ལྷག་བསམ་གསར་པ། ༡༠༽རྣམ་དཔྱོད་གསར་པ། ༡༡༽ལམ་སྟོན་གསར་པ་བཅས་གསར་པ་༡༡་འདི་ངེས་པར་དུ་འགན་འཁུར་གནང་རོགས་ཞེས་འབོད་བསྐུལ་ཞུ།


བྱང་བུ།:



2011.11.01 12:29:52

ཨ་རོག་སྤུན་གྲོགས་ཚོ་ང་ཚོའི་བཙལ་བྱོལ་བོད་གཞུང་སྒྲིགས་འཛུགས་འདི་ནི་དྲང་བདེན་དང་འཚེ་མེད་ཡང་དག་གི་དམངས་གཙོ་བཅས་ལ་གཞི་བཅོལ་བའི་སྒྲིག་འཛུགས་ཚད་བདེན་ཞིག་ཡིན་པས་སེར་སྐྱ་རྒན་གཞོན་ཚང་མས་ཤེས་གལ་ཆེ་བ་མཐོང་།གུས་པས་འདི་བཀོད་དོན་ནི་ང་དང་ང་འདྲའི་གང་ཟ་ཚོ་ཕན་ཐོགས་ཅུང་ཙམ་ཡོང་བའི་ཆེད་དུ་ཡིན།


བྱང་བུ།:



2011.10.23 00:53:23

རང་ཅག་བོད་གངས་ཅན་ལ་ཤིན་དུ་བཀའ་དྲིན་ཆེ་བའི་མཛངས་མི་བདུན་གྱི་བཞི་པ་མཁས་དབང་སློབ་དཔོན་ཆེན་པོ་ཐོན་མི་སམ་བྷོ་ཏྲ་མཆོག་གིས་སྤྱི་ལོ་༦༥༣་ལོར་བརྩམས་པའི་བསྟན་བཅོས་བརྡ་སྤྲོད་སུམ་ཅུ་པའི་ཕྲད་རྣམ་དབྱེ་སྐོར་མཁས་པ་སོ་སོའི་བཞེད་ཚུལ་མི་མཐུན་པ་གང་ཡོད་བགྲོ་གླེང་གནང་སར་ཕེབས་དང་།





2011.10.18 05:57:34

བསྟན་དགྲ་རྒྱག་དམག་ཀླ་ཀློའི་བོད་ས་དབང་བསྒྱུར་བྱས་པ་ནས་བོད་འདི་ས་ཁུལ་དང་རང་སྐྱོང་ས་ཁུལ་ཟེར་ནས་ཁྱད་པ་མང་དག་ཕྱེ།བོད་ཀྱི་ས་ཁུལ་འདི་ཉིད་ག་དུས་ས་ཁུལ་དང་རང་སྐྱོང་སོགས་སོ་སོར་ཕྱེ་བ་རེད་བཅས་ཀྱི་རྩོམ་ཡིག་འདི་སྤུན་གྲོགས་ཚོའི་བཀླགས་རྗེས་འགྲིག་མིན་གྱི་བསམ་ཚུལ་དང་དངོས་བདེན་གྱི་བཀའ་སློབ་རེ་ཡོད་ཚེ་དགའ་བསུ་ཞུ།


བྱང་བུ།:



2011.09.30 02:48:28

བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྐབས་གཉིས་པའི་གྲོས་ཚོགས་ནང་བཅའ་ཁྲིམས་བཅའ་བཅོས་དང་བགྲོ་གླེང་སོགས་སྤྱིའི་ཆ་ནས་ཧ་ཅང་ལེགས་པོ་བྱུང་སོང་བསམ་པའི་འཚོ་སྣང་ཞིག་བྱུང། ཡིན་ན་བློ་ཕམ་གྱི་གནས་ཚུལ་ཅུང་ཙམ་བྱུང་བ་འདི་གླེང་འདོད་པ་ནི། གྲོས་ཚོགས་ནང་བོད་བསྟན་སྲིད་ཀྱི་རྩ་དོན་དང་གཞིས་བཞུགས་སྤུན་ཟླ་ཚོའི་གནས་སྟངས་སྐོར་གྲོས་ཆོད་གྲོས་ཆ་སོགས་གང་འདྲ་ཞིག་འཁྱེར་ཡོང་ན་བུད་མེད་སྤྱི་འཐུས་ཚོས་གཞན་གྱི་བགྲོ་གླེང་དང་དོག་དྲི་ལ་མགོ་བོར་གཡུག་གཡུག་གནང་ནས་སྡོད་པ་ལས་བསམ་ཚུལ་གྱི་བགྲོ་གླེང་ཡང་དག་ཞིག་གནང་བ་རེ་བཟུང་ཙམ་ལས་མ་མཐོང་།


བྱང་བུ།:



2011.09.21 09:49:19

གཞན་ཕན་ལྷག་བསམ་མི་དགའ་ཞིང་།།

ནོར་དང་དངོས་རིགས་མི་བསྒྲུབ་པར།།

ལྟོ་བ་ཙམ་གྱི་མགོ་འཁོར་བ།།

ཁང་ཆུང་འོག་གི་སྤྲང་པོ་ཡིན།།

བྱང་བུ།:



2011.09.08 11:06:46

བཀའ་ཁྲི་མཆོག་གིས་གཞུང་ཞབས་ལས་བྱེད་རྣམས་ལ་གསུང་བཤད་ཐོག་མ་གནང་བ་

ཕྱི་ལོ་༢༠༡༡་སྤྱི་ཟླ་༨་ཚེས་༢༩་ཉིན་དགོང་གྲོའི་ཆུ་ཚོད་༤་པའི་ཐོག་གངས་ཅན་སྐྱིད་གཤོང་ཀྱི་ལས་བྱེད་གསོལ་ཐབ་ཁང་ཡང་སྟེང་ཚོགས་ཁང་དུ་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་སྲིད་ཞུ་བའི་ལས་བྱེད་ཡོངས་ལ་གསུང་བཤད་འདི་འདྲ་ཞིག་གནང་ཡོད།


བྱང་བུ།:



2011.08.23 06:29:11

སྡ་སའི་གཞུང་ཞབས་ལས་བྱེད་ཚོའི།།
བཀའ་ཁྲི་གསར་པའི་ལམ་སྟོན་འོག།།
ཕྱོགས་རེས་འཐེན་འཁྱེར་ཡོངས་དོར་ནས་།།
མཐུན་ལམ་རྡོག་རྩ་གཅིག་ཏུ་སྒྲིལ།།

བྱང་བུ།:



2011.08.05 02:15:54

གྲུབ་མཐའི་ཕྱོགས་ཞེན་ཆེ་བའི་གྲྭ་བཙུན་ཚོའི།།

རང་སེམས་གྱོང་པོ་འདུལ་ན་མི་དགའ་འམ།།

དོན་མེད་རྙོག་གླེང་དོར་ནས་ལེགས་པར་བཞུགས།།

ཐམས་ཅད་སྟོན་པ་གཅིག་གི་སློབ་མ་ཡིན།།


བྱང་བུ།:



2011.07.20 00:34:36

ང་འབྲས་དཀར་བསམ་པའི་དོན་གྲུབ་ཡིན།།

ང་འབྲས་ཕྲུག་ཡིད་བཞིན་ནོར་བུ་ཡིན།།

ང་གངས་ཅན་ཕ་ཡུལ་ལི་ཐང་ཡིན།།

ཕོ་རྒོད་པོ་དུ་མ་འཛོམས་ས་ཡིན།།


བྱང་བུ།:



2011.05.30 07:17:45

༼གསར་འགྱུར་གསར་པ་འདུག༽ སྤུན་གྲོགས་ཚོ་དེ་རིང་ཕྱི་ལོ་༢༠༡༡ ཟླ་༥ ཚེས་༣༠ ཉིན་བོད་མི་མང་སྤྱི་འཐུས་སྐབས་༡༥ པའི་ཚོགས་གཙོ་ཚོགས་གཞོན་འདེམས་ཐོན་བྱུང་སོང་། ཚོགས་གཙོའི་སྔོན་འགྲོའི་འོས་འདེམས་ནང་སྤྱི་འཐུས་ཚོགས་གཙོ་ལས་ཐོག་པ་སྤེན་པ་ཚེ་རིང་ལ་འོས་གྲངས་༢༤ པདྨ་འབྱུང་གནས་ལ་འོས་གྲངས་༡༧ ཀརྨ་ཡེ་ཤེས་འོས་གྲངས་༡༦ བཅས་ཁོང་གསུམ་སྔོན་འགྲོའི་འོས་བསྡུའི་ནང་ནས་འོས་གྲངས་རྩེ་བཏོག་གིས་དངོས་གཞིའི་འོས་བསྡུ་བྱས་སོང་།


བྱང་བུ།:



2011.05.29 06:22:02

གངས་ལྗོངས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུ་དབུས་གཙང་མི་མང་ནས་དབུས་གཙང་ཆོལ་ཁའི་གྲོས་ཆོད་བཞིན་དུ་དབུས་གཙང་ཆོལ་ཁ་ལ་ཤ་ཞེན་དང་ཞེན་ཁོག་ལྡན་པའི་སྤྱི་འཐུས་གྲངས་ཚད་བཅུ་འདེབས་དགོས་ཡོད་ན་ཡང་ད་དུང་གཉིས་རྙེད་མི་འདུག སོང་ཙང་དེ་གཉིས་རྙེད་པ་ལ་བོད་གཞུང་ནས་འགྲོ་སོང་འཕར་མ་སྒོར་འབུམ་༡༨ བཏང་དགོས་ཡོད་འདུག


བྱང་བུ།:



2011.05.18 07:32:10

སྤུན་ཟླ་ཡོངས་ཀྱི་ཁོང་རྣམ་པ་གསུམ་སྐྱབས་ཐབས་ཞིག་གནང་དང་།ད་ལྟའི་རྔ་པ་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་ལ་རྒྱབ་སྐྱོར་དང་རྒྱལ་སྤྱིར་འབོད་སྒྲ་སྒྲོག་ཆེད་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་དགོས་འདུན་གཉིས་དང་འབོད་སྐུལ་གཅིག་གི་འོག་།དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་གྲངས་༢༤་སོང་ཡོད་པས་ད་ལྟར་ལས་འགུལ་བ་ཚོའི་སྐུ་གཟུགས་ཧ་ཅང་སྐྱོ་པོ་ཆགས་ཡོད་པའི་གནས་ཚུལ་འདུག


བྱང་བུ།:



2011.05.15 08:06:16

ཁ་སང་བོད་གཞུང་གི་བཅའ་ཁྲིམས་སྐྱར་བཅོས་ཚོགས་མི་ནང་སྐབས་༣ པའི་བཀའ་ཁྲི་གསར་པ་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་དང་་སྐབས་༡༤ པའི་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་གཉིས་ངེས་པར་དུ་སླེབས་དགོས་པ་ཐོང་ཡང་སླེབས་མི་འདུག


བྱང་བུ།:



2011.05.09 01:23:39

སྤུན་གྲོགས་ཚོ་བཀྲ་ཤིས་བདེ་ལེགས་།་མ་མཇལ་ཡོན་རིང་སྐུ་ཁམས་བཟང་།
གུས་པས་བྲིས་འདོད་པ་ནི་༼སྐྱོ་གདུང་གི་མིག་ཆུ་ཟེར་བ་འདི་ཡིན་༽ཨེ་གྲོགས་པོ་ལགས་ཉི་མ་མེད་པའི་མཚན་མོ་་་་ཟླ་བ་མེད་པའི་སྨག་རུམ་འདུས་པའི་ཉིན་ཞིག་གི་མཚན་མོ་གུས་པས་ཧ་ཅང་འཇིག་སྣང་ཆེ་བའི་ལོ་འཁོར་རྒྱགས་སྤྲོད་ཆེན་པོའི་བློ་འཛིན་སྐྱོ་སྦྱང་བྱེད་བཞིན་འགྲོ་སྐབས་བློ་བུར་དུ་གློག་མེད་པ་ཆགས་སོང་བས་གུས་པས་མཐོང་ལམ་ཡོད་ཚོད་མུན་ནག་ཏུ་འགྱུར་།


བྱང་བུ།:



2011.04.25 07:00:11

དེ་རིང་ཤོག་པ་ཆུ་ཚོད་༡༠་པའི་ཐོག་སྡ་སའི་གཙུག་ལགས་ཁང་དུ་༸པན་ཆེན་མཆོག་སྤྲུལ་རིན་པོ་ཆེ་གང་དུ་ཡོད་དམ་ཟེར་བའི་མིག་བྱང་འོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་བྱས་ནས་ཁོང་གི་འཁྲུངས་སྐར་སྲུང་བརྩི་ཞིག་བྱས་སོང་།ཡིན་ན་བློ་ཕམ་དགོས་ཡ་ཞིག་ལ་སྲུང་རྩིས་ཞུ་མཁན་གཞུང་ཞབས་ལས་བྱེད་་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་གཞན་མི་སྣ་སུམ་ཅུ་སོ་གྲངས་ཙམ་ལས་ཕེབས་མི་འདུག་།

བྱང་བུ།:



2011.04.22 05:51:35

དེ་རིང་བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༣༢༩་ནང་ལི་ཐང་རྒྱ་རྡོ་ཚང་སྐལ་བཟང་དང་སྤྱི་ཟུར་སྡེ་དགེ་འཆི་མེད་རྡོ་རྗེ་དང་སྤྱི་ཟུར་སྒ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་ཟེར་བའི་གནའ་རབ་ཆུ་སྒང་གི་མི་རྒན་འགའ་ཞིག་གིས་ད་ལྟའི་ཆུ་སྒང་ལས་ཐོག་ཚོགས་གཙོ་གཡུ་དྲུང་རྒྱལ་མཚན་དང་སྨར་ཁམས་ཆོས་འཕེལ་ཐུབ་བསྟན་བཅས་ལ་མ་ཉེས་སྐྱོན་འཛུག་མང་དག་གནང་བ་གུས་པས་ངོས་ལེན་རྩ་བ་ནས་མེད་།

བྱང་བུ།:



2011.04.15 05:13:30

མདོ་སྟོད་སེར་སྐྱ་རྒྱ་ཆེའི་མི་མང་ལ་གུས་པས་གལ་ཆེར་ནང་གི་དོན་ཆེན་ཞིག་ཞུ་འདོད་པ་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་སྐབས་་༡༩་་པའི་དངོས་གཞིའི་འོས་བསྡུའི་དུས་ཚོད་ནི་ཕྱི་ལོ་༢༠༡༡་ཟླ་་༥་་ཚེས་་༡་ཉིན་ཡིན་པས་ཚང་མས་ཡིད་གཟབ་གནང་ནས་འོས་མི་་༢༢་་ཡོད་པའི་ནང་དྲག་གྲས་ཞིག་ངས་པར་དུ་བདེམས་གལ་ཆེ་བ་མཐོང་ངོ་།

བྱང་བུ།:



2011.03.14 07:57:42

མདོ་སྟོད་སྤྱི་འཐུས་འོས་མི་ཤེས་འཇོན་གཉིས་ལྡན་གྱི་གཞོན་སྐྱེས་ལི་ཐང་འཇམ་དབྱངས་བཟོད་པ་ལགས་ཁོང་བོད་མི་མང་སྤྱི་འཐུས་ཀྱི་འོས་ཁོངས་སུ་ཞུགས་དགོས་པའི་དམིགས་ཡུལ་གཤམ་དུ་གཟིགས་རོགས་།མ་ཚད་ཡང་ཁོང་ལ་མདོ་སྟོད་རྒྱ་ཆེའི་མི་མང་གིས་སྔར་ལས་རྒྱབ་སྐྱོར་གནང་རོགས་ཞེས་གུས་པས་འབུལ་གུས་ཞུ་།།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༣༢༡ནང་ཁོང་གིས་དམིགས་ཡུལ་དོན་མཚན་ལྔ་གསུངས་ཡོད་པ་དེ་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཞིག་ཐོངས་ནས་བྲིས་པ་ཡིན་།་དྲ་གྲོགས་ཚོའི་ཐུགས་སྣང་དང་བསམ་ཚུལ་ཡོངས་བའི་རེ་བ་ཡོད་།

བྱང་བུ།:



2011.03.12 11:28:34

བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་སླེབས་ལ་ཉེར་བའི་སྐབས་འདི་ལ་ཕྱོགས་ཞེན་ཆེ་བའི་ཀླད་སྟོང་མི་ཉུང་བ་ཞིག་གིས་མི་མང་མགོ་སྐོར་སླུ་འཁྲིད་བྱས་ཐབས་དཀྲོག་གཏམ་དང་ཧམ་བཤད་བརྫུན་གཟོ་སོགས་མང་དག་བྱེད་ཀྱི་ཡོད་པས་སེར་སྐྱ་རྒན་གཞོན་ཚང་མས་ཡིད་གཟབ་གནང་གལ་ཆེ་བ་མཐོང་།མ་ཚད་ཡང་བློན་པོ་ཆུ་སྣ་གང་འཁྲིདུ་མི་ཡོངས་བའི་རེ་བ་དང་སྨོན་འདུན་ཞུ་།

བྱང་བུ།:



2011.03.03 21:04:49

སྤུན་ཟླ་ཡོངས་ལ་བོད་རྒྱལ་ལོ་༢༡༣༨་ལྕགས་མོ་ཡོས་ཀྱི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་རྟེན་འབྲེལ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག་།


བྱང་བུ།:



JPAGE_CURRENT_OF_TOTAL