The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

ཧོར་བུ་ཡེ་ཤེས


2011.04.19 07:49:57

དེ་རིང་ནི་ཟླ་ཤས་རྗེས་གཞི་ནས་གུས་པ་དགའ་སའི་དྲ་བ་དེ་ནང་ཡོང་ཐུབ་ཙམ་བྱུང་།དྲ་རོགས་རྣམས་སྔར་ལྟར་སྱུ་ཁམས་བདེ་ལགས་སམ།ཟིན་བྲིས་པ་ཡང་མང་པོ་འདུག་པའི་དགའ་པོ་བྱུང་།

བསམས་བསམས་དྲབ་འདི་ནི་ལྟག་ཏུ་བསམ།།

དྲན་དྲན་དྲ་རོགས་རྣམས་ནི་ལྟག་ཏུ་དྲན།།

འཛོམས་འཛོམས་དེ་རིང་འཛོམས་པ་དགའ་བྱུང་ལ།།

ལྟག་ཏུ་ཡང་ཡང་འཛོམས་པའི་སྨོན་ལམ་ཞུ།།





2010.12.30 01:43:11

ཁམས་པའི་དྲ་བ་ལས་བཏུས།

སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ནི༡༩༢༩ལོའི་ཟླ་བ༣པའི་ནང་ཁམས་པའི་འབའ་ཐང་དུ་སྐུ་ འཁྲུངས། ༡༩༤༩ལོའི་ཟླ་བ༩པར་གསར་བརྗེའི་ལས་དོན་ནང་ཞུགས། ༡༩༤༧ལོར་འབའ་ཐང་དགེ་འོས་སློབ་གྲྭའི་ཁོངས་གཏོགས་སློབ་ཆུང་གི་སློབ་གཙོ་གནང་། ༡༩༥༠ལོར་ཟླ་བ༥པ་ནས༡༩༥༣ལོ་བར་དུ་དར་མདོའི་དམག་དཔོན་ཚོགས་པའི་དྲུང་ཡིག་དང་ ཁུལ་ལས་བྱེད་སློབ་གྲྭའི་ཁའོ་ཀྲང་གནང་། ༡༩༥༣ལོར་ཞི་ཁམས་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཨུ་ལྷན་གྱི་གཞུང་ལས་ཁང་གི་ ཀྲུའུ་རེན་དང་ཡིག་བསྒྱུར་ཁང་གི་ཀྲུའུ་རེན་གནང་། ༡༩༥༤ལོར་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་དཀར་མཛེས་ཚགས་པར་ ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གནང་། ༡༩༥༨ལོར་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དང་ཁུལ་ཨུའི་རྒྱུན་ཨུ་ཡི་ འགན་བཞེས། ༡༩༦༣ལོར་པེ་ཅིང་དུ་གདན་འདྲེན་ཞུས་ནས་མའོ་ཙེ་ཏུང་གི་གསུང་རྩོམ་དང་པོ་ནས་བཞི་ པའི་བར་བོད་ཡིག་ཏུ་བསྒྱུར་བའི་ལས་དོན་དུ་ཞུགས། ༡༩༦༤ལོར་ནས༡༩༧༣ལོའི་བར་ཁུལ་ཨུའི་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་དྲིལ་ བསྒྲགས་པུའུ་ཀྲང་། ལི་ཐང་རྫོང་ཨུའི་ཧྲུའུ་ཅི། ཁུལ་གསར་བརྗེ་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས། ༡༩༧༣ལོར་ཟླ་བ





2010.12.25 11:21:40
དགའ་འོས་པའི་བོད་མོ་འདི་ཡི་ལོ་རྒྱུས་བསྡུས་པ་འདིར་ཁམས་པའི་དྲ་ལས་བཏུས།

དེང་རབས་བོད་ཀྱི་གླུ་མ་ཚེ་དབང་ལྷ་མོ་ནི། བྱང་འབྲོག་དགེ་རྩེ་རྫ་ཆུ་ཁའི་འཇུ་སྒར་གྲོང་བརྡལ་དུ་སྐྱེས་ཤིང་། ཆུང་དུས་ནས་བཟུང་གླུ་ལེན་གར་རྩེ་ལ་དགའ་ཡང་རང་སྦྱོང་བྱེད་པ་ལས་གླུ་དབྱངས་དང་ ཞབས་བྲོ་སོགས་སྦྱང་བའི་སྒྱུ་རྩལ་སློབ་གླིང་སོགས་ལ་དངོས་ཞུགས་ཀྱི་བསྐལ་བ་མ་ ལྡན་རུང་། ཕ་ཡུལ་གྱི་རྫོང་སློབ་ཆུང་འབྲིང་དང་དཀར་མཛེས་མི་རིགས་དགེ་འོས་སློབ་གྲྭ་དེ་ མིན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་དོ་དམ་སློབ་གླིང་བཅས་སུ་ སྔ་ཕྱིར་ཞུགས་པའི་གོ་རིམ་ཁྲོད།





2010.12.05 12:14:08

ཁམས་པའི་དྲ་བ་ལས་བཏུས།

ལྕགས་ཟམ་འདི་ནི་ཆུ་ཞེང་རྒྱ་ཆེ་ཞིང་རྦ་རླབས་ལང་ལོང་དུ་འཕྱུར་པའི་རྒྱལ་མོ་ རྔུལ་ཆུའི་སྟེང་བྱིས་པ་ལོ་བརྒྱད་ཅན་གྱི་དཔུང་པའི་སྦོམ་ཕྲ་ཙམ་གྱི་ལྕགས་ཐག་ བཅུ་གསུམ་ལས་བསྐྲུན་པའི་ཟམ་ཆེན་སྐྱེ་བོ་ཀུན་གྱིས་མཐོང་བ་ཙམ་གྱིས་ངོ་མཚར་བ་ ཞིག་ཡོད་པས། དེ་ནི་དུས་སྐབས་ཤིག་གི་བོད་ཀྱི་ལག་ཤེས་བཟོ་ལས་ལ་རྟོག་ཞིབ་བྱ་བར་དཔྱད་གཞིར་ འོས་པའི་གནའ་ཤུལ་གྱི་རིག་དངོས་རྩ་ཆེན་ཞིག་རེད།

བྱང་བུ།:



2010.12.05 11:26:28

四川道孚县发生草原火灾导致22人遇难

དེ་རིང་ཕྱི་ཟླ་༡༢་པའི་ཚེས་༥་ཡི་ཉིན་རྒྱབ་ཕྱག་ཚོད་ ༣/༡༠ ཡི་གཡས་གཡོན་དུ་རྫི་ལོང་གྲོང་དགའ་འོང་ལུང་པའི་རི་ལ་མེ་སྐྱོན་ཤོར་ཡོད་པ་དང་མུ་ལྔ་བརྒྱ་ཙམ་འབར་ཚར་འདུག།ཞིབ་ཕྲ་གཟིགས་འདོད་ཡོད་མཁན་རྣམས་ཀྱིས་དྲ་བྱང་འདི་ཐོག་གཟིགས་རོགས་ཞུ།

http://news.qq.com/a/20101205/001049.htm

四川道孚县发生草原火灾导致22人遇难

2010年12月05日20:29四川在线谭江琦我要评论(742) 字号:T|T

灭火现场

 


བྱང་བུ།:



2010.11.22 13:22:18

 

དུས་རབས་གསར་པའི་ཕོ་སར།།

དོར་མའི་ཁ་ཐག་མེད་པ།།

ཆང་དང་ཐག་མ་སྤྱོད་མཁན།།

སྨྱོ་འཚབ་འཚབ་ལ་འགྲོ་བ།།

ཨ་ཧོ། སུ་ཡི་བུ་ཕྲུག །།


བྱང་བུ།:



2010.11.15 12:31:26

དྲ་གྲོགས་ཚང་མའི་མཁྱེན་གསལ་རེད།ང་ཚོ་ལ་རིག་གསར་རིག་པའི་ཁྱུ་མཆོག་བློ་བཟང་སྨོན་ལམ་ལགས་ཀྱིས་ཚིག་མཛོད་ཆེན་པོ་ཞིག་བཟོས་ནས་ད་ལྟ་དྲ་ལམ་རྒྱུད་རིན་མེད་དུ་གནང་བ་ནི་དགའ་འོས་པ་ཞིག་རེད་ལ་དྲ་རོགས་ཚིག་མཛོད་དགོས་མཁན་ཡོད་ན་དྲ་ཁང་འདི་ནས་ཕབ་ལེན་བྱ་ཐུབ་ཀྱི་འདུག།

http://www.4shared.com/get/0o_FOTWt/Monlam_Dictionary.html


བྱང་བུ།:



2010.10.21 09:54:58

དེ་རིང་ཕྱི་ཟླ་༡༠ པའི་ཚེས་༢༡ ཉིན་པེ་ཅན་ཕྱག་ཚོད་༡༥  ༢༠ ཙམ་ལ་པེ་ཅིན་གྱི་(ཏོང་རྩི་སྒོ་ཆེན་)北京东直门འགྲམ་གྱི་བྱང་ཕྱོགས་ཁྲོམ་གཞུང་དུ་འབར་རྫས་ཤིག་གས་ནས་ལམ་འགྲུལ་བ་ཨ་རིའི་མི་ཡིན་པའི་སྐྱེ་པ་ལོ་༣༠ ཡིན་པར་རྒྱ་ནག་ཏུ་སློབ་སྦྱོང་བྱེད་བཞིན་ཡོད་པའི་མི་ཞིག་གི་རྐང་པར་རྨས་སྐྱོན་ཕོག་ཡོད་ཀྱང་ཁོང་གི་སྲོག་ལ་ཉེན་ཁ་མི་འདུག་ད་ལྟ་སྨན་བཅོས་བྱེད་བཞིན་ཡོད།


བྱང་བུ།:



2010.10.20 10:26:48

ལ་རྒྱ་ཡི་ཕྱུག་པོའི་རེབ་གོང་གི་གངས་ཅན་པ་ཚོ།།

གངས་ཆུ་དྭངས་མོ་ཁྲག་རྒྱུད་ལ་བཞུར་བའི་མདོ་སྨད་པ།།

གནའ་ཡང་རིག་གནས་ཀྱི་ཉི་འོད་དེ་ནས་འཕྲོས་ཡོད་ལ།།

ད་ལྟའང་རིག་གནས་ཀྱི་སྐར་ཚོགས་གནས་མཆོག་དེ་ན་འཆར།།


བྱང་བུ།:



2010.10.08 12:43:59

བུ་མོ་ང་ཡི་སྐྱིད་པའི་དགའ་ཚལ་དུ།།

གཞོན་ནུ་བུང་བ་སྤྲོ་སྐྱིད་ཕེབས་ཐེངས་རེར།།

སྲན་མའི་མེ་ཏོག་དབྱིབས་འདྲའི་མཚེའུ་དེ།།

བདག་སེམས་དྭངས་མོའི་ཁྱོད་ལ་ཕུལ་ལ་སྤྲོ།།


བྱང་བུ།:



2010.10.03 05:03:25

ད་ལྟ་ང་སིམ་ལ་ས་གནས་སུ་ཡོད་པའི་བཀའ་བློན་དང་སྤྱི་འཐུས་འོས་བླུགས་མཁན་ཕྱིན་པ་ཡིན།ས་གནས་འདི་རུ་ཚོགས་གཙོ་སྤེན་པ་ཚེ་རིང་བཀའ་བློན་གྱི་ཁྱབ་སྒྲགས་ཤིག་མ་གཏོགས་གཞན་གང་ཡང་མཐོང་རྒྱུ་མི་འདུག།དབུས་གཙང་ཆོལ་ཁའི་ཤོག་ལྷེབ་གཅིག་གི་ནང་དུ་སྤྱི་འཐུས་དང་མཉམ་དུ་བཀྲས་མཐོང་འདྲ་པར་གཅིག་བུ་ཞིག་མཉམ་སྦྱར་བྱས་འདུག།


བྱང་བུ།:



2010.09.27 01:10:16

བློ་སེང་ལགས། །

ཁྱེད་ནི་མི་རབས་གསར་པའི་དབུ་ཁྲིད་ཡིན་ཟེར་ལ། རེ་བའང་ཐམས་ཅད་ཁྱེད་ལ་བཅོལ་ཟེར། དེ་ནི་མི་རབས་གསར་པའི་འབོད་སྒྲ་དང་པོ་དེ་རེད་ལ། མི་རབས་གསར་པའི་རེ་བའང་དང་པོ་དེ་རེད།

གལ་སྲིད་ཁྱེད་ལ་བཀའ་ཁྲི་ཡི་ལས་འགན་དེ་ཐོབ་སོང་ན། མི་རབས་གསར་པའི་དབུ་ཁྲིད་དང་པོ་དེ་ཡིན་པའི་དཀའ་ངལ་དང་དུ་ལེན། བློ་རྩ་བྲག་ལྟར་བརྟན། དྲང་ཚུགས་མདའ་ལྟར་བྱོས། ཁྱེད་ཀྱིས་མི་རབས་གསར་པའི་སེམས་པ་ཤི་འཇུག་མི་ཉན་ལ་ཡི་ཐང་ཡང་ཆད་འཇུག་མི་ཉན། དེ་ལྟར་བྱུང་སོང་ན་མ་འོངས་པར་མི་རབས་གསར་པའི་སུ་ལ་ཡང་རེ་བ་དང་ཡི་ཆེས་མེད་པ་ཆགས་སྲིད་པའི་ཁྱེད་ཀྱི་ཐུགས་གཟབ་གནང་དགོས། གོ་ཨེ་ཐལ་བློ་སེང་ལགས། དེ་ནི་ངས་སེམས་གཏིང་གིས་འབོད་སྒྲ་ཞིག་སྟེ། གུས་པའི་དུས་བབས་དྲ་ཚིགས་སུ་ན་གཞོན་རྣམས་ཀྱིས་(མི་ཚང་དཀྱུས་མ་ནས་སྐྱེས་པའི་བཀའ་ཁྲི་ཞིག་དགོས་)ཞེས་པའི་བགྲོ་གླེང་དེ་ལ་བལྟས་ནས་སེམས་ཚོར་ཆེ་བའི་ངང་འདི་ལྟར་ཞིག་བྲིས།





2010.09.26 01:30:21

དེང་སང་ང་ཚོའི་བཙན་བྱོལ་ནང་དུ་ཕོ་གཞོན་མང་པོ་ལ་ཕ་མ་བཟང་པོའི་བསླབ་བྱ་རག་མེད་ལ།དགེ་རྒན་བཟང་པོའི་ཤེས་ཡོན་ཀྱང་རག་གི་མེད། ད་དུང་སོ་སོ་བོད་མི་ཞིག་ཡིན་ཡང་རྒྱལ་བ་རིན་པོ་ཆེ་ལ་རྩི་བཀུར་ནི་འཛམ་གླིང་མི་རིགས་གཞན་པ་ལས་ཀྱང་སྐྱོ་བ་ཡོད ། རྒྱུ་མཚན་ནི་རྒྱལ་བ་རིན་པོ་ཆེས་དུས་རྟག་ཏུ་བོད་རིགས་ཡོད་དོ་ཅོག་ལ་མི་ཡ་རབས་དང་།མི་ཚེ་དོན་ལྡན་ཞིག་སྐྱེལ་དགོས་པའི་བསླབ་བྱ་




2010.09.19 10:16:34

བང་ཆེན་ཚང་གི་རྩོམ་སྒྲིག་པ་དང་ལས་མི་ཡོངས་ཀྱི་དྲུང་དེུད་གུས་པའི་སྙིང་དམར་པོའི་དཀྱིལ་ནས་ཞུ་གསོལ་འདེབས་སྙིང་།

ལོ་དེ་གས་ནང་ཁྱེད་རྣམ་པས་ཧུར་བརྩོན་གྱིས་འབྲས་བཟང་ལས་ང་ཚོའི་སྤྱི་ཚོགས་གཙོ་བྱེད་པའི་འཛམ་གླིང་མི་མང་གི་མདུན་དུ་སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ་དང་བོད་ཡིག་གི་ཚགས་ཤོག་གཉིས་ཀྱིས་གཞུང་སྒེར་གཉིས་ཀྱི་གནས་ཚུལ་རྣམས་མི་མང་གི་མདུན་དུ་བཤམས་པ་ནི་རྗེས་སུ་ཡི་རང་དང་ཁྱེད་



2010.09.07 06:51:30

དེ་རིང་སྔ་དྲོ་ནི་ཉིན་ཤས་ལ་མ་མཐོང་བའི་རྟ་བདུན་དབང་པོའི་འཛུམ་མདངས་དེ་ཆུ་འཛིན་བུ་མོའི་གོས་དཀར་དང་སྨུག་པའི་སྒྲིབ་པ་བྲལ་ནསབཞད་བྱུང༌ དྲོ་འཇམ་གྱི་འོད་ཟེར་དེ་ངའི་སྒེའུ་ཁུང་ལ་ཕོག་པ་དང་ངས་རང་དབང་མེད་པར་མགོ་བོ་ཕྱི་རོལ་དུ་ཕྱོགས། དྭངས་གཙང་རྩི་ཤིང་ལྗང་མདོག་གིས་ནོར་འཛིན་བུ་མོའི་སྐུ་གཟུགས་ཡོངས་སུ་ཀླུབ། ད་དུང་ཡལ་ག་དང་ལོ་མའི་གོང་དུ་མུ་ཏིག་ལྟ་བུའི་འོད་ཆིལ་ཆིལ་གྱི་ཟིལ་བ་རྣམས་ལྷུང་ལ་ཉེ། རྐང་འཐུང་གི་ཡལ་འདབ་གསར་སྐྱེས་རྣམས་བསིལ་བསིལ་རླུང་གིས་བསྒུལ་ས་བལྟས་ན། ངོ་མམཛེས་མ་ཞིག་གིས་འཇམ་པོའི་ལག་ཟུང་གཡུག་གཡུག་བྱེད་དང་





2010.09.07 01:16:41

བང་ཆེན་ཚང་ལ་ཞུ་་རྒྱུ།

ད་ལྟ་སྤེལ་ཡོད་པའི་ཁྱོད་ཚོའི་གསར་འགྱུར་དེ་འགོ་ཙམ་ལས་ཡོངས་རྫོགས་སྒོ་ཕྱེ་ཐུབ་ཀྱི་མི་འདུག་པས་ཕྱེ་ཐུབ་པ་བཟོ་རོགས་ཞུ་རྒྱུ་ཡིན།


བྱང་བུ།:



2010.08.30 10:13:46

 

ཉིན་ཤས་སོང་རྗེས་ང་གཉིས་ཡང་ཁྲོམ་ཚོགས་སུ་མཇལ་འཕྲད་བྱུང༌། སྐབས་དེ་དང་བསྟུན་ནས་སྒྲོལ་མ་ལགས་སྐུ་ཁམས་བཟང་ཞེས་འཚམས་འདྲི་བྱས། འོན་ཀྱང་མོས་ང་ལ་སྔར་གྱི་སྨྲ་སྒོ་ཡངས་བའི་གསུང་སྙན་དེ་དོར་ནས་མིག་ལོག་ཙེ་ཙེ་བྱས་ཤིང༌། མཛེས་པའི་ཞལ་རས་ལ་དམར་མདངས་རྒྱས་ཏེ་ཁྲོ་བོའི་ལས་མཁན་དང་གཅིག་མཚུངས་ཀྱིས་ངའི་འཚམས་འདྲི་ལ་ལན་མེད་བྱས་པ་མ་ཟད། མ་དགའ་བའི་རྣམ་འགྱུར་གྱིས་སྣ་ནས་ཕུར་སྒྲ་ཞིག་བསྒྲགས་ནས་སོང༌།





2010.08.28 04:00:34

དེ་ནི་མོ་ང་གཉིས་ངོ་ཤས་ནས་ཟླ་བ་མང་ཙམ་འདས་ཟིན་པ་དང༌། ཁོ་བོའི་ཀུན་སྤྱོད་དང་སེམས་པ་ཐ་ཤལ་ཞིག་མིན་པར་ངས་སྐྱེ་བོ་སུ་འདྲ་ཞིག་གི་མདུན་དུ་ཡང་མགོ་བོ་མཐོན་པོར་བཏེགས་ཏེ་སྨྲ་ཐུབ། ད་དུང་གསལ་པོ་བྱེད་ནས་བཤད་ན་མི་སུ་འདྲ་ཞིག་ཡིན་རུང་མཛེས་པོ་ཞེས་པ་དེར་མི་དགའ་མཁན་སུ་ཡོད་དམ། དཔེར་ན། ལོ་ན་མཐོ་བའི་སྤོ་བོ་དང་རྨོ་མོ་དེ་ཚོས་ཀྱང་





2010.08.25 22:16:50

 

ཡུད་ཙམ་ཞིག་ལ་དུས་ཚོད་ནི་གྱི་ལིང་རྟ་ལས་མགྱོགས་ཟེར་བ་ལྟར་ཟླ་བ་ཁ་ཤས་སོང༌། ངས་མོའི་བརྩེ་དུང་ལ་རེ་སྒུག་བྱེད་བཞིན་པའི་དབང་གིས་ཡིག་ལན་ག་དུས་ཡོང་ངམ་བསམ་པའི་རེ་སྒུག་དང་ཉིན་ཞགས་ཀྱི་ཕྲེང་བ་བགྲང༌། འོན་ཀྱང་མོས་ང་ཡི་བརྩེ་ཡིག་ལ་བཟང་ངན་གྱི་ལན་གང་ཡང་མེད་པར་ཆུ་ནང་རྡོ་འཕངས་དང་གཉིས་སུ་མ་མཆིས། ངའི་སེམས་ལ་སྔར་ལས་ལྷག་པའི་དངངས་སྐྲག་སྐྱེ་བ་མ་ཟད། བཟང་ངན་གྱི་ལན་ཅི་འདྲ་





2010.08.24 00:56:39

ངའི་མལ་ས་དེ་སྒེའུ་ཁུང་ཆུང་ངུའི་རྩ་ལ་ཡོད་པ་དང༌། སྒེའུ་ཁུང་གི་སྒོ་རས་ཀྱང་ཕྱེད་ཙམ་ཕྱེ་ཡོད་པའི་ནང་ནས་འདྲེན་བྱེད་ཀྱི་མདའ་མོ་ཕྱི་རོལ་ཏུ་འཕེན་བའི་ཚེ། སྔོ་བསངས་ཀྱི་མཁའ་དབྱིངས་ནས་འཛུམ་གྱིས་བསུ་བའི་རྟ་བདུན་དབང་པོའི་བརྩེ་བའི་འོད་ཟེར་དེ། ནོར་འཛིན་བུ་མོའི་མཛེས་བའི་ཆུ་གོས་ཐོག་ཏུ་འཕངས་སོན་པ་མ་ཟད། གཡས་གཡོན་གྱི་ཤིང་སྡོང་སྟེང་གི་བྱ་དང་བྱེའུ་རྣམས་ཀྱིས་སྐད་སྙན་སྒྲོག་སྟེ་ངའི་རྨིས་ལམ་ཁོང་ཚོས་ཤེས་ནས་བདག་ལ་དགའ་བསུའི་གླུ་དབྱངས་ལེན་པ་དང༌།





2010.08.22 09:17:34

 

སྔོན་མར་མོ་རང་གི་དགའ་རོགས་བསྒྲིགས་མྱོང་ཡོད་མེད་མ་ཤེས་ཀྱང༌། ཤེས་སྤྱོད་གཉིས་ལྡན་གྱི་སྨད་རྒྱས་མ་དེ་འདྲ་ལ་དགའ་རོགས་མེད་པ་ག་ལ་སྲིད་དྲན་བྱུང༌། གང་ལྟར་མི་དང་མི་ཡི་བར་གྱི་ཡིད་ཆེས་ནི་བརྩེ་དུང་མ་ལུས་འབྱུང་བའི་གཞི་ཉིད་ཡིན་ཟེར་བ་ལྟར། ཁོ་བོས་ཀྱང་བརྩེ་སེམས་ཟླ་བ་དཀར་པོའི་འོད་ཟེར་དེ་མོ་ཡི་སེམས་ཀྱི་ཀུ་མུད་ལ་འཕྲོ་ཐུབ་པར་བྱས་ན། མོའི་ང་ལ་ཡིད་ཆེས་མི་བྱེད་པ་ག་ལ་སྲིད་སྙམ། འོན་ཀྱང་བདག་གི་འདོད་པའི་རྒྱ་མཚོ་ལས་འཕྱུར་བའི་རྙིང་གཏམ་རྦ་རླབས་དྲག་པོ་དེ། ཡང་པོའི་སྨིག་པ་ལ་སྤྲུལ་ནས་བུ་མོ་སྤྲིན་པ་དཀར་པོའི་སྙིང་ཁམས་ཀྱི་མངལ་དུ་ཞུགས་པའི་བློ་སྟོབས་ག་ལ་ཡོད། དེ་ནི་ལམ་ཟུར་སྐྱེ་བའི་མེ་ཏོག་ཆུང་ཆུང་ང་ལྟ་བུ་ཞིག་ལ་བུང་བའི་སྣང་བ་འགྲོ་ཨེ་ཡོང་སྙམ་ནས་དཔའ་ཅུང་ཙམ་ཞུམ་པ་མ་ཟད། ཤེས་ཡོན་གྱི་ཆུ་ཚོད་ནི་དེ་བས་དམན་པས་མོས་ང་ལ་བརྩེ་བ་ཡོང་ཐབས་ག་འདྲ་བྱེད་དགོས་བསམ་སྟེ་མལ་སའི་ནང་དུ་བསམ་བློ་གཏོང་བཞིན་གནས། བསམ་བློ་འདྲ་མིན་ལས་འཕྲོས་ཏེ་དབེན་ཞིང་རྒྱ་ཆེ་བའི་རྨི་ལམ་གྱི་ཡུལ་དུ་གོམ་པ་སྤོས། མོ་དང་ང་གཉིས་གློག་བརྙན་ནང་གི་བྱེད་པོ་དང་བྱེད་མོ་ནང་བཞིན་མཛེས་པའི་ཡུལ་ལྗོངས་དག་ལ་བསྐྱོད་ཅིང༌། སོ་སོའི་བརྩེ་དུང་མཚོན་བྱེད་ཀྱི་ལང་ཚོའི་སྒེག་ཉམས་དང་འགྲོགས་ནས་བགྲོ་གླེང་སྣ་ཚོགས་བྱས། ལྷག་པར་དུ་མོའི་སྙན་ཞིང་འཇེབས་པའི་ངག་ནས་བརྩེ་བའི་སྙིང་གཏམ་སིལ་མ་རྣམས་སྦྲང་ཆར་ལྟར་སིམ་སིམ་དུ་བདག་གི་ཐོས་འཛིན་གྱི་བུ་གའི་ཡུལ་དུ་བབས་ཙ་ན།





2010.08.21 11:45:36

སྒྲོལ་མ་ལྷ་མོ་དང་ང་གཉིས་ངོ་ཤེས་མ་ཆགས་སྔོན་ནས། ངའི་དམར་པོ་སེམས་ཀྱི་སྡོང་པོ་ལ་སྒྲོལ་མ་ལྷ་མོའི་ཕྱོགས་སུ་འཛུམ་པའི་མེ་ཏོག་ཅིག་ཤར་སོང༌། དེའི་རྗེས་སུ་མོ་ལ་ངོ་ཤེས་ཡག་པོ་ཞིག་ཆགས་ཡག་གི་ཁ་ཡག་ངོ་དགའ་གྱི་འབད་བརྩོན་བྱས་པས། དེ་ཡང་ལམ་འགྲོ་རྒྱུགས་ནས་བསམ་བཞིན་དུ་གྲུབ། དུས་དེ་ནས་བཟུང་ང་གཉིས་ག་བ་ཐུག་ཀྱང་སྐུ་ཁམས་བཟང་ཞེས་འཚམས་འདྲི་དང་སོ་སོ་བྱ་བ་ག་རེའི་ཐད་འགྲོ་ཡི་ཡོད་མེད་སོགས་ཀྱི་ཁ་བརྡ་བྱས་པ་མ་ཟད། སྐབས་སྐབས་སུ་ཇ་ཁང་སོགས་སུ་འཛུལ་ནས་གླེང་མོལ་ཡང་མང་པོ་བྱེད་ཀྱིན་ཡོད།





2010.08.16 04:21:43

ལོ་ངོ་བརྒྱ་ལྷག་གི་སྔ་རོལ་ན་སྡེ་བ་ཨ་མ་སྒྲོམ་མ་ཞེས་པའི་ངོ་མཚར་བའི་ལོ་རྒྱུས་ཤིག་ཁམས་ལི་ཐང་གི་ཡུལ་དུ་བྱུང་འདུག། སྡེ་བ་ཞེས་པ་ནི་བོད་སྡེ་བ་གཞུང་ཞེས་གྲགས་པ་དེ་ཡི་མིང་སྡེ་བ་ཞེས་པ་དེ་ཨ་མའི་མིང་འགོ་དུ་བཏགས་བ་རེད་ཟེར། རྒྱུ་མཚན་ནི་ཨ་མ་དེ་བོད་གཞུང་གི་ལི་ཐང་གི་ཡུལ་དུ་དཔོན་མོ་བྱེད་དུ་བཏང་བ་རེད་འདུག། ད་ཨ་མ་དེའི་ལི་ཐང་གི་ཡུལ་དུ་ཁྲིམས་ཀྱིས་སྐྱོང་སྟངས་དང་ཆོས་བྱས་སྟངས་ཅུང་ཙམ་ཞུ་རྒྱུ་ཡིན། དང་པོ་ཁྲིམས་སྐྱོང་སྟངས་ཅུང་ཙམ་ཞུས་ན། དཔེ་ན། མི་གསོད་པའི་གྱོད་གཞི་ཞིག་བྱུང་ན་དམག་མི་ཡིས། ཨ་མ་ལགས། མི་གསོད་ལག་དམར་བ་འདི་ལ་ཁྲིམས་ཅི་ཡོད་ཅེས་ཞུ་བ་ན། སྡེ་བ་ཨ་མས། འོ་དེ་ཡིན་ན་བྱང་ཆེན་གད་ཁ་ཡིན་རྒྱུ་རེད། ཨ་མ་ལ་ཅི་འདྲི་ཟེར། བྱང་ཆེན་གད་ཁ་ཞེས་པ་ནི་བྲག་རི་མཐོན་པོ་དང་འོག་ལ་ལི་ཐང་གཙང་པོ་དེ་ཡོད་ཙང་དེ་ཡི་ནང་དུ་གཡུག་ཤོག་ཟེར་བ་རེད་འདུག། ཡང་ཇག་པ་ཞིག་འཛིན་བཟུང་བྱས་ནས། དམག་མི་ཡིས། ཨ་མ་ལགས། ཇག་པ་ཞིག་བཟུང་ཡོད་པའི་འདི་ལ་ཁྲིམས་ཅི་བྱ་ཞེས་དྲིས་ན། སྡེ་བ་ཨ་མས། རྒྱ་ཁབ་ཁ་ཡ་དེ་ཡིན་རྒྱུ་རེད་། ཨ་མ་ལ་ཅི་འདྲི་ཡི་ཡོད་ཟེར། རྒྱ་ཁབ་ཁ་ཡ་ཞེས་པ་དེ་ཅི་ལ་ཟེར་ཞུས་ན། དེ་ནི་མིག་རིལ་སྟོན་ཤོག་ཟེར་བའི་བརྡ་རེད་འདུག། དེ་དང་དེ་འདྲ་བའི་ཁྲིམས་སྲོལ་མང་པོ་ཡོད་པ་འདྲ། ཨ་མ་ལགས་ཀྱིས་སྐད་ཆ་ཐམས་ཅད་སྐོར་ནས་ཤག་སྟག་བཤད་པ་ལས་ཁ་ཐུག་རྩ་ནས་མི་བཤད་མཁན་ཞིག་ཡིནཔ་རེད་ཟེར། དེ་ལྟར་གྱི་ལི་ཐང་གི་ཡུལ་དུ་ཁྲིམས་སྲོལ་སྐྱོང་འདུག





2010.08.11 08:55:10

དེ་རིང་ཕྱི་ཚེས་ ༡༡་ ཉིན་རྒྱ་གར་གྱི་བརྙན་འཕྲིན་གསར་ལམ་ IBN7 ཟེར་བའི་ནང་གསུངས་དོན། རྒྱ་གར་གཙོ་བྱེད་པའི་ཚན་རིག་པ་ཁ་ཤས་ཀྱིས་ལ་དྭགས་སུ་སྤྲིན་པ་ཐོར་ནས་ཆུ་ལོག་ཡོང་བའི་དོན་རྐྱེན་ཐད་ལྟ་དཔྱད་བྱས་པར། གལ་སྲིད་སྤྲིན་པ་འཐོར་བའི་རྐྱེན་བྱུང་ན་དང་པོ་ཆར་བ་ཤུགས་ཆེན་བབས་དགོས་ཀྱང་དེ་ཡི་དགོང་མོ་ཆར་བ་དེ་ཙམ་བབས་མི་འདུག། མི་མང་གི་དཀོན་མཆོག་གིས་ང་ཚོ་ལ་དེ་འདྲ་གནང་དགོས་དོན་ག་རེ་ཡིན་ནམ།ཞེས་དྲི་བ་མང་པོ་ཡོད་པ་རེད།ཡིན་ནའང་ང་ཚོས་དོགས་པ་ཞིག་ལ་རྒྱ་ནག་གཞུང་གིས་སྤྲིན་པའི་འབར་རྫས་ཟེར་བ་དེ་ཡིན་སྲིད་པ་རེད།


བྱང་བུ།:



2010.08.08 00:42:55

ཀན་སུ་ཡི་ལྷོ་ཕྱོགས་༼འབྲུག་ཆུ་༽丹曲་རྫོང་ལ་ཕྱི་ཚེས་༧གྱི་མཚོན་མོ་ཆུ་ཚོད་༡༠ ཙམ་ལ་དྲག་ཆར་བབས་པ་དང་ཆུ་ཚོད་༡༢གཡས་གཡོན་དུ་ས་བསྙིལ་འདུག། ཆུ་ཚོད་དང་པོ་ཙམ་ལ་འདམ་སྙིལ་གྱིས་༼ཡང་ཟ་མཚོ་༽堰塞湖བཞི་ཆ་གཅིག་གང་བའི་ཆུ་རྫོང་གི་ནང་དུ་ཡོང་བ་དང་། རྫོང་ས་ཆ་སུམ་ཆ་གཉིས་ཀྱི་མི་མང་ལ་དཀའ་ངལ་འཕྲད་བཞིན་པ་དང་ཁྲོམ་གཞུང་དུ་འདམ་སྙིལ་མཐུག་མིན་མེ་ཊ་གཅིག་ཙམ་སླེབས་འདུག་ཟེར། སྔ་དྲོ་ཕྱག་ཚོད་བཞི་པ་ལ་་ཕུང་པོ་༦༥་རག་ཡོད་པ་དང་ལེ་ཀྲུུག་ནས་དྲག་ཆས་དམག་མི་དང་སྨན་པ་སྡེ་མཚན་གཉིས་བཅས་ས་གནས་སུ་མྱུར་སྐྦས་བྱེ་དམཁན་བཏང་ཡོད་ཟེར་གྱི་འདུག རྒྱ་ཚོས་བཤད་ས་བལྟས་ན་གད་ཆ་ཆེན་པོ་བྱུང་ཡོད་པ་འདྲ།

ས་ཆ་དེ་རུ་ང་ཚོ་བོད་རིགས་ཀྱང་མི་མྱུང་བ་ཞིག་ཡོད་རྒྱུ་རེད།ད་ཅི་དྲག།ལྟ་འདོད་ཡོད་མཁན་ཚོས་འདིར་གཟིགས་དང་གསལ་པོ་འདུག།

http://news.qq.com/a/20100808/000346.htm


བྱང་བུ།:



2010.08.04 08:47:13

四川乐山出现“三个太阳” 可能为幻日现象

四川乐山出现“三个太阳” 疑为幻日现象(图)
2010年08月04日10:41四川在线我要评论(1536)
字号:T|T

 


བྱང་བུ།:



2010.07.13 05:34:22

མདོ་སྟོད་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱན་ལས་ཁང་ནས་དེ་རིང་མ་འོངས་བཀའ་ཁྲི་དང་སྤྱི་འཐུས་མིང་གཞུང་གསལ་བསྒྲགས་གནང་འདུག་ཀྱང་ཅུང་དགའ་མ་སོང་།གང་ལགས་ཤེ་ན་མང་ཆེ་བ་རང་འཇགས་རེད་འདུག་པ་མ་ཟད།ཅིག་ཅིག་ཚང་ཞེས་ཚང་མིང་ཟེར་ཡོང་དུས་དེ་ལས་དགའ་མ་སོང་།མདོ་སྟོད་མི་རྣམས་ལ་ཚང་ཞེས་པ་དེ་ཟེར་རྒྱུ་ལ་དགའ་པོ་ཞེ་དྲག་འདུག།ཨ་རི་རང་དབང་རླུང་འཕྲིན་ཁང་སོགས་ལ་གསར་འགྱུར་བཤད་མཁན་ཚོས་ཀྱང་ཚང་མིང་དེ་ཨུ་ཚུགས་རྒྱབ་ནས་ལབ་ཀྱིས་འདུག།ཚང་མིང་དེ་མེད་ན་མི་ཆོག་པ་ཨེ་ཡིན་ནམ།དེ་ལབ་ན་མི་ཚང་ཡག་རེ་འགྲོ་རྒྱུ་ཨེ་ཡོད་དམ།།


བྱང་བུ།:



2010.06.20 23:33:20

འཇིག་རྟེན་བྱེད་པོས་སྒོར་མོ་ཟེར་བ་ཁྱོད་བཟོས་ནས་བཟུང༌།

སྐྱེ་བོ་ཐབས་ཅད་ཀྱི་མིག་ལ་འཇོལ་སྒེག་མས་གར་སྟབས་བཞིན་དུ་སྒྱུར།
རྒན་གཞོན་མེད་པར་ཁྱོད་མཐོང་བ་དང་བཞིན་ལ་འཛུམ་མདངས་རྒྱས།
ཡིད་ལ་འདོད་པའི་རྨིས་ལམ་འཁྲིགས།
ཕྱུག་པོའི་ལག་ཏུ་ཁྱོད་རང་འཛིན་ནས་གད་མོ་དགོད།
བཙན་པོའི་བུ་ཡིས་ཁྱོད་ཀྱི་ཆེད་དུ་གཞན་སྲོག་བཅད།




2010.06.15 02:35:47

ཆུ་འཛིན་ཀུན་གསལ་ངོས་ལ་སྒྱུར།།

སྤྲིན་གྱི་མེ་ཏོག་སིམ་སིམ་འབབ།།

དབྱར་གྱི་རྔ་སྒྲ་རྡིར་རི་རི།།

ལུས་ཕྲ་བདེ་འཐུང་གར་ལ་རོལ།།





2010.06.07 02:37:53

དྲ་ངོས་སུ་འདས་པའི་གསར་འགྱུར་དང་ཟིན་བྲིས་སོགས་འཚོལ་བཤེར་བྱ་ས་གི་འཕྲུལ་ཆས་་དེ་མི་འདུག་པའི་དེ་ཅིག་འཇོག་རོགས་ཞུ།





2010.06.03 11:33:20

སྒེག་པའི་ཉམས་ནི་༼དབྱངས་ཅན་༽ལྷ་མོ་དངོས།།

གཞིན་རས་ཟླ་བ་དཀར་པོ་འཛུམ་མདངས་ཅན།།

གངས་ལྷ་༼མེ་ཏོག་༽བཞད་འདྲའི་ལྟ་ན་སྡུག།

བདག་གི་རང་བཞིན་གསལ་བའི་མེ་ལོང་ངོས།།

ཁྱོད་ནི་མཛངས་མ་མ་ཡིན་མཛེས་མ་ཉིད།།

 

ཁ་སྒོ་མཚར་བའི་སྒེག་ཉམས་ལ་བལྟས་ན།།

སྨྲ་ལྕེ་བདེ་ཞིང་ཀུན་ལ་གསུངས་མཁས་འདྲ།།

བརྩེ་སེམས་གངས་ཆུ་དྭངས་མོ་ཡིད་ལ་འཁྱིལ།།

རྨ་བྱ་གཞོན་ནུའི་ལང་ཚོ་ཟིལ་གནོན་མ།།

གཟུགས་མཛེས་ལང་ཚོར་བལྟས་ན་ཁྱོད་ཡིན་སྙམ།།

 

 

 





2010.05.30 10:39:23

སྔོན་མ་ང་རང་ལ་དཀའ་ངལ་མང་པོ་ཕྲོད་པ་བཞིན་ད་ལྟ་དྲ་རོགས་མང་

པོ་ཞིག་ལ་དཀའ་ངལ་དེ་ཡོད་པ་འདྲ།སོང་ཙང་གུས་པའི་གཤམ་དུ་གསལ་

བཤད་ཅུང་ཙམ་ཞུས་ཡོད་པའི་དྲ་རོགས་དཀའ་ངལ་ཡོད་མི་རྣམས་ཀྱི་དེ་ལྟར་

གནང་ན་དཀའ་ངལ་ཐམས་ཅད་སེལ་ཐུབ།

དང་པོ། ཁྱོད་ཀྱི་གློག་ཀླད་ནང་དུ་windows  7 ཟེར་བ་དེ་ནང་འཇུག་བྱས་པའམ་བང་ཆེན་

ཚང་གི་དྲ་ངོས་སུ་བཞག་ཡོད་པའི་དྲ་འབྱེད་མཉེན་ཆས་ google





2010.05.25 01:19:28

ཚུལ་ཁྲིམས་ལགས།ཉིད་ཀྱིས་སྐུ་ངལ་ལ་མབརྩི་པ་གུས་པས་དྲ་རྒྱའི་དཀའ་ངལ་ཚང་མ་སེལ་སོང་བའི་སྙིང་ཐག་པ་ནས་ཐུགས་ཆེ་ཞུ་བ་དང་ཆབས་གཅིག་གཤམ་དུ་གུས་པའི་ཟླ་ཤས་རིང་བང་ཆེན་དྲ་རྒྱ་ཡག་པོ་མཐོང་མ་སོང་བའི་དེ་རེས་ང་གསར་དུ་དྲ་ངོས་སུ་འབྱོར་བ་ལྟ་བུའི་སེམས་པ་དགའ་སོང་བས།ངས་ཚུལ་ཁྲིམས་ལགས་གཙོ་བྱེད་པའི་བང་ཆེན་ཚང་ལས་མི་ཡོངས་དང་དྲ་རོགས་རྣམས་ལ་ཀ་བཤད་ཕོ་མོའི་མཛའ་གླུ་ཞེ་པ་དེ་དབུལ་རྒྱུ་ཡིན་པའི་ཐུགས་སྤྲོ་པོ་ཡོང་བའི་རེ་བ་ཆེ།

 





2010.05.24 11:56:06

ཚུལ་ཁྲིམས་ལགས་རྒྱ་ནག་མི་མང་གི་དྲི་བ་ཉིས་བརྒྱ་བརྒྱད་ཅུ་གྱ་ལྔ་་ནང་གི་དྲི་བ་ཉེར་བརྒྱད་དེ་གང་དང་གང་༧གོང་ས་མཆོག་གིས་ལན་འདེབས།རབ་བྱུང་ན་དྲི་བ་ཉིས་བརྒྱ་བརྒྱད་ཅུ་ གྱ་ལྔ་ཡོངས་དྲ་ངོས་སུ་བཀོད་ན་ཅི་འདྲ་ཡག་པ་ཡོད་པ་མ་ཟད།ད་དུང་མཆན་འབྲི་སའང་བཞག་ན་ཡག་པོ་མི་འདུག་གམ།


བྱང་བུ།:



2010.05.24 10:53:31

ཉིད་ཀྱི་གསལ་བཤད་གནངས་བ་ལྟར།གུས་པས་སྒེའུ་ཁུངས་༧པ་ནང་འཇུགས་བྱས་པ་ཡིན་གསར་འགྱུར་སོགས་ཡག་པོ་ཞེ་དྲག་མཐོང་གི་འདུག།ཡིན་ནའང་ཟིན་བྲིས་སུ་སྔར་མ་བཞིན་རིང་པོ་ཆགས་ནས་ཡག་པོ་བྲིས་ཐུབ་ཀྱི་མི་འདུག་པའི་དེ་ཡི་ཐད་གསལ་བཤད་ཅིག་གནས་རོགས།དེ་ནི་mozilla firefoxནང་རེད།

ཡང་ཁྱོད་ཚོའི་དྲ་རྒྱ་ངོས་སུ་ཡོད་པའི་chromeཕབ་པ་ཡིན།དེ་ཡི་ནང་ཟིན་བྲིས་ཡིག་གཟུགས་དེ་ཧ་ཅང་ཆུང་དྲགས་ནས་ཡག་པོ་མི་འདུག་ཆེན་པོ་བཟོ་ཤེས་མ་སོང་བའི་དེ་ལ་ལམ་སྟོན་ཞིག་གནང་རོགས་ཞུ།


བྱང་བུ།:



2009.12.24 13:53:43
༄༅།།ང་ཕོད་ངག་དབང་འཇིགས་མེད་ནི་སྤྱི་ལོ༡༩༥༩ལོར་བོད་ལྗོངས་སུ་ངོ་ལོག་ཟིང་འཁྲུགས་སློང་སྐབས་ཀྱི་དཔང་མི་ཡིན་པ།
སྤེལ་དུས། 2009-12-24   ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།   རྩོམ་པ་པོ།  ལྷག་ཚེས་བསྒྱུར།ཟླ་གཞོན་ནས་ཞུས།

སྤྱི་ལོ༡༩༥༩ལོའི་སྤྱི་ཟླ༣པའི་ཚེས༡༠ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པ་ལྷག་ཙམ་ལ། བོད་ལྗོངས་ལྷ་སའི་ཁྲོམ་གཞུང་ཁག་ཏུ་ཟང་ངི་ཟིང་ངི་ཆགས་པ་དང་། མི་རྣམས་ཀྱིས་ངུ་འབོད་ཀྱི་ཁྲོད་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་པ་དང་སྦྲགསནོར་བུ་གླིང་ཁའི་ནང་ཕྱིན་ནས་ཡིད་བཞིན་ནོར་བུཏཱ་ལའི་བླ་མསྐྱོབ་རོགས་གནོངས་དང་། རྒྱ་མིས་ཁོང་བཙན་འཁྲིད་བྱས་སོངཞེས་པའི་གཏམ་སྣ་ཚོགས་ཤོད་རེས་བྱེད་ཀྱི་ཡོད་ཅིང་། ལྷག་བསམ་ཟོལ་མེད་ཀྱིས་ནང་བསྟན་ཆོས་ལ་དད་པ་རྩེ་གཅིག་ཡོད་མཁན་གྱི་བོད་མི་དམངས་རྣམས་ཀྱི་ངོས་ནས་བཤད་ན་གཏམ་དེ་འདྲ་ཞིག་རང་གི་རྣ་ལམ་དུ་ཐོས་པ་ནི་འབར་རྫས་གད་པའི་སྒྲ་ཐོས་པ་དང་ཀུན་ནས་མཚུངས་པ་རེད། དེ་ནས་མི་རྣམས་ཀྱི་སེམས་ནང་ཧང་སངས་པ་དང་། དངངས་སྐྲག་སྐྱེས་པ། འཇིགས་ཡེ་རེ་སོགས་བྱུང་སྟེ། ནོར་བུ་གླིང་ཁའི་ཕྱོགས་སུ་བསྐྱོད་དེ། ཏཱ་ལའི་བླ་མ་སྲུང་སྐྱོབ་བྱེད་རྒྱུའི་མིང་ཐོག་ནས། ནོར་བུ་གླིང་ཁའི་མཐའ་ནས་ཡོངས་སུ་བསྐོར་ཞིང་། དྲག་པོའི་ངོ་ལོག་ཟིང་འཁྲུགས་ཀྱི་ཡོལ་བའང་དུས་དེ་ནས་དབྱེ་འགོ་ཚུགས་པ་རེད། དེ་ནི་ཕྱིས་སུ་མི་འགྱང་བར་འཕེལ་རྒྱས་སུ་ཕྱིན་པའི་གཞི་ཁྱོན་ཆེན་པོས་ཁྱོན་ཡོངས་སུ་བསླངས་པའི་དྲག་པོའི་ངོ་ལོག་ཟིང་འཁྲུགས་ཏེ༡༩༥༩ལོའིགསུམ་བཅུའི་དོན་རྐྱེནཞེས་པ་དེ་རེད།

བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ལྟར་ན། ལོ་རེའི་བོད་ཟླ་བཅུ་གཉིས་པའི་བོད་ཚེས༢༩ཉིན་ནིདགུ་གཏོརཞེས་པ་དེ་ཡིན་ཞིང་། དེ་དུས་ཕོ་བྲང་པོ་ཏ་ལརདགུ་གཏོར་འཆམ་འཁྲབ་དུས་ཆེནའཚོགས་ཀྱི་ཡོད་པ་རེད། བོད་ལ་ཞི་བས་བཅིངས་འགྲོལ་བཏང་བའི་རྗེས་སུ། ལོ་རེའིདགུ་གཏོརསྐབས་དུ་བོད་ལྗོངས་བཟོ་ཨུད་དང་བོད་ལྗོངས་དམག་ཁུལ་གྱི་དབུ་ཁྲིད་བློ་མཐུན་འཆམ་འཁྲབ་གཟིགས་མོར་གདན་འདྲེན་ཞུ་སྲོལ་ཡོད། སྤྱི་ལོ༡༩༥༩ལོའིབོད་ས་ཕག་ལོ)“དགུ་གཏོར་འཆམ་འཁྲབ་དུས་ཆེནའཚོགས་དུས་བོད་ལྗོངས་དམག་ཁུལ་གྱི་སྲིད་ཨུད་པ་ཐན་ཀོན་སན་དང་དམག་སྤྱི་གཞོན་པ་ཏེང་ཧྲའོ་ཏུང་གཉིས་གདན་འདྲེན་ཞུས་ཡོད་པ་རེད།

སྐབས་དེ་དུས་ཏཱ་ལའི་བླ་མས་ཁོང་གི་གཟིགས་ཤག་ཏུ་ཁོང་གཉིས་དང་མཇལ་འཕྲད་གནང་དུས་རང་འགུལ་གྱིས། གོ་ཐོས་ལྟར་ན་བོད་ལྗོངས་དམག་ཁུལ་རིག་རྩལ་ལས་དོན་ཚོགས་པས་རྒྱལ་ནང་དུ་སློབ་སྦྱོང་བྱས་ནས་ཕྱིར་ལོག་རྗེས་འཁྲབ་སྟོན་བྱས་པའི་འཁྲབ་ཚན་གསར་པ་དེ་ཧ་ཅང་ཡག་པོ་ཡོད་པ་སྐད། ང་ཡང་ཐེངས་གཅིག་ལྟ་འདོད་འདུག་པས་དེ་དོན་ཁྱེད་ཚོས་བཀོད་སྒྲིག་ཅིག་གནང་རོགས་ཞེས་གསུངས་སྐབས། ཐན་དང་ཏེང་གཉིས་ནས་དེ་གར་སྤྲོ་བཞིན་དུ་དེ་དེ་ལྟར་དུ་བྱེད་རྒྱུ་ཁས་ལེན་གནང་བ་མ་ཟད། ཏཱ་ལའི་བླ་མར། ལས་དོན་དེ་སྒྲུབ་བདེ་པོ་ཡོད་པ་རེད། ཏཱ་ལའི་བླ་མ་མཆོག་ནས་དུས་ཚོད་གཏན་འཁེལ་གནང་ན། དམག་ཁུལ་ནས་དུས་ཐོག་ཏུ་རིག་རྩལ་ལས་དོན་མི་སྣ་ནོར་བུ་གླིང་ཁའི་ནང་ཁྱེད་ཀྱི་ཆེད་དུ་འཁྲབ་སྟོན་བྱེད་པར་མངགས་རྒྱུ་ཡིན།ཞེས་གསུང་པ་དང་། ཏཱ་ལའི་བླ་མས། ནོར་བུ་གླིང་ཁར་ཕྱིན་ན་སྟབས་བདེ་པོ་མེད། དེ་གར་གར་སྟེགས་དང་སྒྲིག་བཀོད་གང་ཡང་མེད་པས་དམག་ཁུལ་ནང་དུ་འཁྲབ་སྟོན་བྱོས་ཞེས་བརྗོད་པ་རེད།

སྤྱི་ལོ༡༩༥༩ལོའི་སྤྱི་ཟླ༣པའི་ཚེས༩ཉིན་གྱི་ཕྱི་དྲོའི་ཆུ་ཚོད༣པའི་གཡས་གཡོན་ཙམ་ལ། བོད་ལྗོངས་རིག་རྩལ་ལས་དོན་ལྷན་ཚོགས་ཀྱི་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའུའི་བློ་མཐུན་ལི་ཙུའོ་མིན་ངའིང་ཕོད་མཆོགཁྱིམ་དུ་ཕེབས་ནས། ཁོང་གིས་ང་ལ་ཏྰ་ལའི་བླ་མ་སྤྱི་ཟླ༣འི་ཚེས༡༠ཉིན་དམག་ཁུལ་དུ་རིག་རྩལ་ལས་དོན་ཚོགས་པའི་འཁྲབ་སྟོན་ལ་གཟིགས་པར་འགྲོ་རྒྱུ་ཡིན་སྐོར་ལབ་པ་དང་། ད་དུང་ཏྰ་ལའི་བླ་བའི་དགོངས་བཞེད་ལྟར་ན། བཀའ་ཤག་སྲིད་གཞུང་སྤྱི་ཚེས༡༠་ཉིན་ནོར་བུ་གླིང་གར་མི་ཕེབས་པར་ཐད་ཀར་དམག་ཁུལ་གྱི་རིག་རྩལ་འཁྲབ་སྟོན་ཁང་ཆེན་དུ་ཕེབས་དགོས་ཚུལ་གསུངས་བྱུང་ཞེས་ཟེར། ངའི་བསམ་པར་ཏྰ་ལའི་བླ་མས་བཀོད་སྒྲིག་དེ་འདྲ་གནང་དོན་ག་རེ་ཡིན་ནམ། རྒྱུན་སྲོལ་ལྟར་ན། བྱེད་སྒོ་དེ་སྤེལ་སྐབས། བཀའ་ཤག་སྲིད་གཞུང་གི་དཔོན་པོ་རྣམས་སྔོན་ལ་ནོར་བུ་གླིང་ཁར་ཕེབས་པ་དང་། དེ་རྗེས་ད་གཟོད་ཏཱ་ལའི་བླ་མ་ཕེབས་གནང་གི་རེད། ངའི་བསམ་བློའི་ནང་དེ་རྒྱུན་གཏན་དང་མི་འདྲ་བས། གནས་ཚུལ་ཞིག་ལྷགས་རྒྱུ་ཡིན་སྙམ་པའི་ཚོར་བ་ཞིག་སྐྱེས་བྱུང་། དེ་ནས་ངས་ལི་ཙུའོ་མིན་ལ། དེ་རིང་ཁ་སང་ལྷ་སའི་གནས་སྟངས་ཟང་ངི་ཟིང་ངི་ཆགས་འདུག་པས། འཚབ་བེ་འཚུབ་བེའི་ངང་ནས་ཏྰ་ལའི་བླ་མ་དམག་ཁུལ་དུ་གཟིགས་མོ་གཟིགས་པར་ཕེབས་རྒྱུ་གཏན་འཁེལ་བྱས་ན་གནད་དོན་ལྷགས་དོགས་ཁ་པོ་རེད། ཅེས་ཞུ་སྐབས། ཁོང་གིས་ང་ལ། ད་ལྟ་ཐབས་ཤེས་གང་ཡང་མེད། རིག་རྩལ་འཁྲབ་ཚན་ལ་གཟིགས་པར་འགྲོ་རྒྱུའི་དུས་ཚོད་དེ་ནི་ཏྰ་ལའི་བླ་མ་སྐུ་ངོ་མས་གཏན་འཁེལ་གནང་བ་ཞིག་རེད། ད་ལྟ་འགྱུར་ཐབས་དཀའ་བས། དེ་ལྟར་གནང་བ་ལས་ཐབས་གཞན་མེད།  ཅེས་གསུངས་བྱུང་། ཉིན་དེ་གའི་ཕྱི་དྲོའི་ཆུ་ཚོད་བདུན་པ་བརྒྱད་པའི་སྐབས་སུ་ང་ལ་བཀའ་བློན་ཐུབ་བསྟན་གྱི་ཁ་པར་ཞིག་འབྱོར་བའི་ནང་། སྤྱི་ཟླ༣པའི་ཚེས༡༠ཉིན་གྱི་སྔ་དྲོའི་ཆུ་ཚོད༡༠པའི་སྐབས་ཏྰ་ལའི་བླ་མ་དམག་ཁུལ་དུ་འཁྲབ་སྟོན་ལ་གཟིགས་མོ་གཟིགས་པར་ཕེབས་རྒྱུ་ཡིན་པས། བཀའ་བློན་པ་ཚང་མ་ཆུ་ཚོད༩པར་ནོར་བུ་གླིང་ཁར་ལྷན་འཛོམས་གནང་སྟེ། ཏྰ་ལའི་བླ་མ་ཕེབས་ཐབས་ཐད་ཞིབ་འཇུག་གནང་རྗེས་ཁོང་དང་ལྷན་དུ་ཕེབས་དགོས་ཚུལ་གསུངས་བྱུང་།

སྤྱི་ཟླ༣པའི་ཚེས༡༠ཉིན་གྱི་སྔ་དྲོའི་ཉིན་གུང་སྐབས་ནི་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱི་ཆབ་སྲིད་སློབ་སྦྱོང་བྱེད་པའི་དུས་ཚོད་ཡིན་པས། ང་ཐད་ཀར་ནོར་བུ་གླིང་ཁར་མ་བཅར་བར། དཔོན་ཞབས་པ་ཁྲིད་ནས་སྔོན་ལ་གྲ་སྒྲིག་ཨུ་ལྷན་གྱི་ཆབ་སྲིད་སློབ་སྦྱོང་གི་གཙོ་སྐྱོང་ཞུ་བར་བཅར་བ་དང་དུས་མཚུངས། ནོར་བུ་གླིང་ཁའི་ཁ་པར་སྒུག་ནས་བསྡད་པ་ཡིན། མཐའ་འཁོར་གྱི་གནས་སྟངས་ལ་ལྟ་ཞིབ་བྱས་ཀྱང་། གནས་ཚུལ་གང་ཡང་མི་འདུག དེ་ནས་སྐར་མ༡༠མ་འགོར་བར། བོད་ལྗོངས་དམག་ཁུལ་གྱི་དམག་སྤྱི་གཞོན་པ། བོད་ལྗོངས་ས་གནས་སྲིད་གཞུང་གི་བཀའ་བློན། བོད་དམག་ཁུལ་གྱི་དམག་སྤྱི་གཙོ་བོ་བཅས་ཀྱི་ཕྱག་ལས་ཀྱི་འགན་གཅིག་ལྕོགས་སུ་བཞེས་མཁན་བཟང་པོ་ཚེ་དབང་རིག་འཛིན་རླངས་འཁོར་ལ་བཞུགས་ནས་ནོར་བུ་གླིང་ཁར་ཕེབས་སྐབས། ནོར་བུ་གླིང་ཁ་དང་བར་ཐག་མི་རིང་བའི་ས་ནས་མི་གཞན་གྱིས་རྡོ་བཞུས་ནས་ཁོང་གི་དབུ་ལ་རྨས་སྐྱོན་ཕོག་པ་དང་། ལམ་སེང་ཁོང་བདེ་སྐྱིད་གླིང་རྒྱ་གར་བཅའ་སྡོད་ལྷ་སའི་གཞུང་སྒྲུབ་ཁང་གི་སྨན་བཅོས་ཁང་དུ་བསྐྱལ་ཏེ་རྨ་རས་དཀྲིས་པ་ཡིན།

ཆུ་ཚོད༡༠པའི་རྗེས་ལ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་གཅེན་པོ་མཁན་ཆུང་བསོད་ནམས་རྒྱ་མཚོ་ངོ་ལོག་པས་ནོར་བུ་གླིང་ཁའི་སྒོ་མདུན་དུ་བསད་པ་རེད། བྱས་ཙང་། ཏྰ་ལའི་བླ་མ་དམག་ཁུལ་དུ་འཁྲབ་སྟོན་གཟིགས་མོ་གཟིགས་པར་ཕེབས་ཐུབ་མེད་ལ། ང་ཚོ་ཡང་ནོར་བུ་གླིང་ཁའི་ནང་འགྲོ་ཐུབ་པ་བྱུང་མེད། ང་རང་སྐབས་དེ་དུས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ནས་དམག་ཁུལ་དུ་ཕྱིན་པ་ཡིན། དེ་ནི་སྤྱི་ལོ༡༩༥༩ལོའིགསུམ་བཅུའི་དོན་རྐྱེནབྱུང་རྐྱེན་གྱི་བརྒྱུད་རིམ་ཚང་མ་རེད། ཅེས་གསུངས་གནང་བ་རེད།


བྱང་བུ།:



2009.12.18 12:24:02

——ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་གྱིས་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་གསར་འགོད་པའི་དྲི་བར་དྲིས་ལན་བསྐྱོན་པ།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན།

གསར་འགོད་པས། ཏཱ་ལའི་རུ་ཚོགས་ཀྱིནོར་ཝེའི་བོད་ལྗོངས་ཀྱི་སྐད་སྒྲཞེས་པས་ཟླ༡༢་པའི་ཚེས༢ཉིན་གནས་ཚུལ་བསྒྲགས་པ་ལྟར་ན། ཏཱ་ལའི་བླ་མས་ཞི་ཉི་ནས་འདི་སྐད་དུ། བོད་ཀྲུང་གཉིས་༢༠༠༢ལོར་མཇལ་འཕྲད་གྲོས་མོལ་གནང་བ་སླར་གསོ་བྱུང་རྗེས།


བྱང་བུ།:



2009.12.16 10:18:02

དྲ་གྲོགས་ཚོར།

ངས་ཉིན་ཤས་སྔོན་ལ་༢༠༡༢་ཞེས་པའི་གློག་རྙན་དེ་བལྟས་བ་ཡིན།དེ་ཡི་ནང་བོད་མོ་ཨ་མ་ཞིག་གིས་བྱ་དེ་ཞིག་སྐེ་བཅད་སོང་།ད་དུང་ཨ་མ་དེ་ཡི་རྩར་གྲྭ་བ་ཞིག་འདུག་ཀྱང་སྣང་མེད་རེད་ཤག།དེ་ནས་མར་ལ་ངས་ལྟ་འདོད་མ་བྱུང་།གང་ལ་ཞེས་ན་ང་རང་ཚོ་བོད་པའི་དམར་ལས་ཤིག་བྱས་ན་སྐྱེ་པ་ཞིག་གི་བྱས་པ་དང་།དེ་ཡང་ན་གཞོན་ཞིག་གི་བྱས་པ་ལས་ཨ་མ་རྒ་མོ་ཞིག་དང་ཕར་ཙམ་བཞག་ན་གཞོན་བུ་མོ་དང་ཨ་ཕ་རྒ་པོ་ཞིག་ལའང་ལས་དེ་བྱས་མི་ཆུག།

ངས་བསམ་པར་གློག་རྙན་འཁྲབ་མཁན་དེ་ཚོ་རྒྱ་ནག་པ་ཡིན་པ་དང་གློག་རྙན་དེ་གོ་སྐབས་བཟུང་ནས་ང་ཚོ་བོད་མི་ལ་དམའ་འབོད་དང་ཐང་ཆུང་རེད་དྲན་ནས་ཉིན་ཤས་ནང་སེམས་པ་ཡང་སྐྱིད་པོ་མེད་པ་ཆགས་སོང་།

གྲོགས་པོ་ཚོ་ཁྱོད་ཚོས་གློག་རྙན་དེ་གཟིགས་ཡོད་དམ།ཡོད་ན་ཨ་མ་རྒ་མོ་དེས་བྱ་སྐེ་བཅད་དུས་ཐུགས་ལ་ག་རེ་དགོངས་སོང་།

 


བྱང་བུ།:



2009.12.10 02:23:50

༼ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་བགྲང་བྱ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ༽

༄༅།།ཀྱེ།འགྲོ་བའི་མགོན་པོ་བསྟན་འཛིན་རྒྱལ་མཚོ་མཆོག།ཁྱེད་ཀྱི་ཐུགས་སེམས་གངས་ རི་ལས་ཀྱང་དཀར་ལ།ཁྱེད་ཀྱི་སྤོབས་པ་རི་བོ་ཇོ་མོ་གླང་མ་ལས་ཀྱང་མཐོ།ཁྱེད་ཀྱི་ ཐུགས་རྒྱུད་ཡར་ཀླུངས་གཙང་པོ་ལས་ཀྱང་རིང་ཞིང།ལྷག་པར་ཉམ་ཐག་སེམས་ཅན་མང་པོ་ བྱམས་སྐྱོང་གི་དབེན་པ་རྣམས་ལ་ཁྱེད་ཀྱི་ཐུགས་རྗེ་དྭངས་མོ་དེ།་སྤྲིན་དཀར་གྱི་ འདབ་མ་ལ་སྤྲུལ་ནས་བྱམས་སེམས་ཀྱི་བདུད་རྩི་ཡིས་ཆར་བ་བབས་ཙ་ན།ཁོང་རྣམས་ཀྱི་ སེམས་ཆུང་མེ་ཏོག་ཡོངས་སུ་ངོམས་ནས་ཁྱེད་ལ་དགའ་བའི་འཛུམ་མདངས་རྒྱས།


བྱང་བུ།:



2009.11.26 01:34:44

བང་ཆེན་རྩོམ་སྒྲིག་པ་དང་ལས་མི་ཡོངས་ལ་ཆེད་ཞུ།

དེང་སང་བང་ཆེན་དྲ་ལམ་བརྒྱུད་དུས་ཐོག་ཀྱི་་གསར་འགྱུར་དཀོན་པོ་ཆགས་ཡོང་མཁན་འདྲ་པོ་འདུག་པའི།ངས་རེ་བར་ལས་མི་ཡོངས་ཀྱི་སྔར་ལྟར་ཧུ་བརྩོན་དང་དུས་ཐོག་ཏུ་སྤེལ་ཐུབ་བའི་རེ་བ་ཧ་ཅང་ཆེ།དྲ་ལམ་གཞན་པ་ཚོར་གསར་འགྱུར་ཕྱུག་པོ་ཞེ་དྲག་འདུག།ང་རང་གི་དུས་ཚོད་གཏོག་ཙམ་རག་པ་དང་བང་ཆེན་ཚང་ལ་བསྐོར་ར་རེ་མ་འགྲོ་ན་བློ་མི་བདེ་མཁན་ཞིག་ཡིན་པའི་སེམས་གཏམ་དེ་ཞུ་ཤོར་སོང་ནོར་བ་ཡོད་ན་དགོངས་དག་ཞུ།།


བྱང་བུ།:



2009.07.05 19:36:00

{}üüº²¤-JÀÛP-»ôPÅ-¯ï-mÅ-ºFâPÅ-qºÛüü

GhôP-h¤¼-Mãh-ˆÛ-¼ÛGÅ-z¸P-zÞüü

GP-hÝ-wïzÅ-ˆP-d-zhÝm-¿e¼üü

;Ým-¾-‚¤Å-z¯ï-iôh-z¸P-¢Ûmü


བྱང་བུ།:



2009.05.27 05:07:35

ཚེ་རིང་སྐྱིད་ལགས།གུས་ཧོར་བུས་ཁྱེད་ལ་སྙིང་ཐག་པ་ནས་དགོང་དག་ཞུ།གང་ལགས་ཞེས་ན་གུས་པའི་སྩོམ་ཡིག་དེ་ཡི་སྐྱོན་པའི་

ཁྱེེད་ལ་རང་སྐྱོན་མཐོང་བའི་མིག་མེད་ཅན་ཁ་ཤས་ཀྱིས་ཁྱོད་རྫུན་ང་བདེན་གྱི་མ་དགའ་བའི་གཏམ་བཤད་མང་པོ་ཞིག་སྤེལ་སོང་།དེ་ ནི་གུས་པའི་བསམས་བཞིན་དུ་བྱས་པ་རྩ་ནས་མིན།མིན་པའི་རྒྱུ་མཚན་ནི་ཁྱེད་ང་གཉིས་བར་ལ་ཕ་གྱོད་རྙིང་པ་དང་བུ་གྱོད་གསར་པ་གང་

ཡང་མེད་པ་མ་ཟད་ངའི་བོད་མི་སྤྱིར་དགྲ་ཡང་ཁྱེད་མརེད།དེ་སོང་ཙང་བྱས་དགོས་པའི་རྒྱུ་མཚན་ཡང་དེ་ནས་མེད།ལྷག་པར་ངས་ཁྱིམ་

གཞི་འཕྲོག་མཁན་གྱིས་དགྲ་བོ་མ་ཐུབ་ནས་གཞན་ཡུལ་དུ་འཁྱིམ་པ་པོ་ཞིག་གིས་ངོས་ནས་དེ་བས་ག་ལ་བྱས།

 བདག་གིས་བསམས་པ།ང་མདོ་ལ་རིང་མོའི་སྟོད་ནས་ཡོང་བའི་ཁམས་ཕྲུག་ཞིག་གིས་ཁྱེད་མདོ་ལ་རིང་མོའི་སྨད་ནས་ཆས་བའི་ཨ་མདོ་བུ་མོ་ཞིག་ལ་

སེམས་ཀྱི་འཆར་སྣང་གིས་ཚིག་ཤས་བྲིས་ཀྱང་ཕན་གནོད་གལ་མི་འདུག་དྲན་བྱུང་།ཡིན་ནའང་ངའི་སྩོམ་ཡིག་འདི་བེད་སྤྱོད་ཀྱི་སོ་སོའི་སྙིང་ནད་བསངས་ཐབས་བྱས་ཡོང་

བསམས་པ་མ་བྱུང་།དེ་སོང་ཙང་མཛངས་མ་ཁྱེད་གཙོ་བྱེད་པའི་ཁྱེད་ཀྱི་དགའ་ཉེ་སྤུན་མཆེད་ཚང་མ་ལ་བུ་ངས་སྙིང་ཐག་པ་ནས་དགོངས་དག་ཞུ།

མ་ཟད་མཛངས་མ་ས་ཕྱོགས་གང་དུ་ཡོད་ཀྱང་ཚེ་རིང་ནད་མེད་ཡོང་བའི་སྨོན་མདུན་དང་བཅས་གུས་ཧོར་བུས་ནས་།།


བྱང་བུ།:



2009.05.27 04:00:46

རྟའུ་ཆོས་མཛད་ལགས་དང་གངས་དཀར་ལགས་ཁྱེད་གཉིས་ཀྱིས་གུས་པའི་དོགས་པ་ཐམས་ཅད་མེད་པ་བཟོས་སོང་།

ལྷག་པར་གངས་དཀར་ཟླ་བ་ལགས་ཁྱེད་ཀྱིས་ཧ་ཅང་གསལ་པོ་གསུངས་འདུག་་བས་བདག་གིས་སྙིང་ཐག་པ་ནས་ཁྱེད་

རྣམ་པ་གཉིས་ལ་ཐུགས་རྗེ་ཆེ་གྲངས་མེད་དང་ཁྱེད་རྣམ་པ་གཉིས་སྐུ་ཚེ་རིང་ཞུའོ།།

 

 


བྱང་བུ།:



2009.05.25 10:27:18

དྲ་རོགས་རྣམ་པ་ཚོར།ཤེས་དམན་བདག་གིས་ལོ་མང་རིང་རྟོགས་མ་ཐུབ་པའི་དྲི་བ་ཞིག་ཞུ་རྒྱུ་ཡོད་པས་

ཁྱེད་རྣམ་པའིསུས་མཁྱེན་གྱི་ཡོད་ན་གསལ་པོ་ཞིག་གསུང་རོགས་གནང་།

དྲིབ་དང་པོ།ང་ཚོའི་བོད་སྤྱི་ལ་དབང་བའི་ཡིག་གཟུགས་དབུ་མེད་རེད་དམ་དབུ་ཅན་རེད།

དྲི་བ་གཉིས་པ།གལ་སྲིད་དབུ་ཅན་ཡིན་ན་བཙན་བྱོལ་གཞུང་གི་སློབ་གྲྭ་ཁག་དུ་དབུ་མེད་སློབ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། 

དྲི་བ་གསུམ་པ།གལ་སྲིད་དབུ་མེད་ཡིན་ན་གཞིས་ལུས་བོད་མི་སློབ་གྲྭ་ཁག་དུ་དབུ་མེད་མི་སློབ་པ་ཅི་ཡིན་ནམ།
བྱང་བུ།:



2009.05.24 04:41:00

ཚེ་རིང་སྐྱིད་ལ་བསྔགས་པ

༅༅།།གཙང་ཞིང་དྭངས་བའི་ཞལ་རས་དཀར།།

གསེར་མིག་འོད་འཚེར་མིག་ཟུང་མཛེས།།

པདྨའི་ལོ་འདབ་མཆུ་སྒྲོག་དམར།།

མུ་ཏིག་དུང་སོ་རབ་དཀར་སྒྲིག།

ནག་པོའི་སྐྲ་ལོ་རྒྱབ་དུ་འཆོང་།།

འཇོལ་མོའི་སྙན་དབྱངས་ངག་ལ་འཁྱིལ།།

ཐོས་པའི་ཕོ་གཞོན་ཡིད་དབང་འཕྲོག།

རྐེད་པ་ཕྲ་མོ་རྡོ་རྗེ་དེ།།

ལང་ཚོ་རླུང་གིས་འཁྱུག་སེ་འཁྱུག།

ཁྲོ་མེད་ཞལ་རས་འཛུམ་དམུལ་དམུལ།།

ལས་ལ་བརྩོན་ཞིང་ཡོན་ཏན་ཕྱུག།

རླུང་གི་བསྐྱེད་འདྲའི་གོམ་བགྲེད་ཡངས།།

དཔལ་གྱི་ལང་ཚོ་རབ་རྒྱས་བའི།།

ལོ་ན་བརྒྱད་བཅུའི་རྒད་པོས་ཀྱང་།།

ཁྱེད་ལ་ཡང་ཡང་བསྔགས་པ་བྱེད།།


བྱང་བུ།:



JPAGE_CURRENT_OF_TOTAL