The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

འབྲུག་རྒྱལ།


2011.02.02 18:40:53

མཁས་དབང་བློ་བཟང་སེངྒེ་ལ་རྒྱབ་སྐྱོར་ཡོད།

འཁྲུག་ཆར་དོད་པའི་དེང་ལུགས་ཀྱི་དམང་གཙོ་སྤྱི་ཚོགས་ནང་དགག་བཞག་སྒྲུབ་གསུམ་མཚོན་པའི་དོགས་འདྲི་དང་བསམ་ཚུལ་བརྗེ་རེས་ཀྱི་ལས་འགུལ་ཇི་ཆེར་འགྲོ་བཞིན་པ་ནི་དམངས་གཙོ་ཡང་དག་པའི་དགོས་མཁོ་ཞིག་ཡིན་པར་སྨྲོས་མེད་རེད། འོན་ཀྱང་དོན་མེད་ཀྱི་རྙོག་གླེང་དང་དགོས་མེད་ཀྱི་ཁ་རྩོད། ཚད་མེད་ཀྱི་དམའ་འབེབ་བྱེད་པ་ནི་དམངས་གཙོའི་སྨྲ་བརྗོད་རང་དབང་གི་ཉེས་པ་ཞིག་ཀྱང་ངོས་འཛིན་བྱེད་ཆོག དེང་སང་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་འོས་མི་གསུམ་ལ་སྐྱོན་ཡོན་གྱི་གླེང་གཞི་མང་པོ་ཞིག་བྱེད་བཞིན་པའི་ནང་ནས་མཁས་དབང་བློ་བཟང་སེངྒེ་ལ་ཉེས་མེད་སྐྱོན་འཛུགས་རིགས་འགའ་ཤས་དཔེ་མཚོན་ཙམ་དུ་བཤད་ན།

 


བྱང་བུ།:



2011.01.15 13:41:14

བོད་གངས་ཅན་གྱི་གཟི་མདངས་དེ་ནང་པའི་རིག་གཞུང་ལས་འཚེར་ཞིང་རིག་གཞུང་གི་འོད་རླབས་དེས་འཛམ་གླིང་འདིར་མུན་པ་སེལ་ཞིང་ལགས་ན་ཁྱེད་རྣམས་པས་བརྗོད་ཚུལ་དང་ཕྲན་གྱི་བསམ་ཚུལ་གཉིས་ཅུང་ཙམ་མི་འདྲ་བ་སྣང་།





2011.01.14 16:05:42

ལོ་རྒས་ནས་རིག་པ་འཁྱོར་དང་གཅིག །
སེམས་གསལ་ཡང་ལུས་རྩ་ཉམས་དང་གཉིས། །
ལས་བྱས་པའི་སྐུ་དྲིན་ཆེན་དང་གསུམ། །
ཁོང་རྒས་ཡོལ་དགོས་པའི་དོན་གསུམ་རེད། །
ཁྲི་བཟུང་ནས་བྱེད་རྗེས་མེད་དང་གཅིག །
རྩིས་ནོར་ནས་འབུམ་སྒོར་བླག་དང་གཉིས། །
ཁྱིམ་ཆེད་དུ་བོད་དོན་གཡུག་དང་གསུམ། །
ཁོང་བཀའ་ཁྲི་མི་འཇོན་གནད་གསུམ་རེད། །





2011.01.08 16:34:09

ཉིས་སྟོང་བཅིུག་གི་ལོ་གསར་པར་དྲ་གྲོགས་རྣམས་ལ་བཀྲིས་བདེ་ལེགས་ཞུ།

ཐབས་ཤེས་གློག་གི་ཟེར་མས་འཇིག་རྟེན་ཟླུམ་པོ་གསལ་བྱེད་པ། །

བློ་རིག་འཕྲུལ་གྱི་ནུས་པས་སྐད་ཅིག་གོ་ལ་སྐོར་བྱེད་པ། །




2010.12.02 23:12:57

ཕ་བླ་མར་དད་པའི་ཆོས་སེམས་ཤིག་ཡོད་ཅིང་། །

ལམ་སྒོམ་སྒྲུབ་འཇུག་ལ་སྙིང་སྟོབས་དེ་ཆེ་ཡང་། །

སྐྱབས་དད་རྗས་འབུལ་བའི་དངུལ་དམར་དེ་མེད་ན། །

རྗེ་བླ་མ་ཟེར་ན་འཇའ་མཚོན་ལྟར་མིན་འགྲོ། །





2010.10.28 00:37:49

怎样做一个好男人

1. 男人是社会的主体,不管你信或不信。所以男人应该有种责任感。

2. 25岁之前,请记得,爱情通常是假的,或者不是你所想象的那样纯洁和永远。如果你过了25岁,那么你应该懂得这个道理。

3. 吃饭7成饱最舒服。对待女友最多也请你保持在7成。


བྱང་བུ།: 开口大方一点



2010.10.27 11:14:47

做一个爱笑的孩子

1.做一个爱笑的孩子。但不要太过分,注意自己的形象。

2.做事要做得到尾。选择适合自己的一条 路走得无论怎么难 也要完成。

3.高兴,就笑,让大家都知道。悲伤,就假装什么也没发生。

4.在不违背原则的情况下 对别人要宽容 能帮就帮 千万不要把人逼绝了 给人留条后路。

5.不要把时间浪费在上网和看偶像剧上。





2010.09.26 07:42:14

སྙིང་སྡུག་མ།  

མ་ཡུམ་སློབ་གྲྭར་འགྲིམས་པའི་དུས། །

མ་ཤེས་ཀུན་ལ་སྦྱང་པའི་དུས། །

མ་རབ་རྨོངས་པ་གཏོར་བའི་དུས། །

མ་འབོད་མི་ཚེའི་འགྲོན་པོ་ཞིག །

 

 





2010.07.27 16:56:09

བློ་ལ་བརྟེན་ནས་བོད་ཡིག་གློག་ཀླད་དུ།

བཟང་པོའི་ཀུན་སློང་ཞིག་གིས་སྐྲུན་པ་འདིས།

སྨོན་པར་ཇི་བཞིན་རིགས་ཞེན་སྤུན་ཟླ་ཚོར།

ལམ་འདི་བརྒྱུད་ནས་རང་དབང་ཐོབ་པར་ཤོག


བྱང་བུ།:



2010.07.08 09:42:13

སྐུར་འོས་བང་ཆེན་གྱི་ཟིན་བྲིས་པ་ཚོས་དྲང་བདེན་གྱི་རྟ་ཕོ་ཞོན་བཞིན་ཤེས་རབ་ཀྱི་ལྕགས་མཚན་འཕྱར་ཏེ་རྙིང་ཞེན་གྱི་ནགས་ཚལ་ནས་མཆོང་སྟེ་མདུན་དོན་གྱི་སྤང་ཐང་དུ་རྒྱུག་བཞིན་པ་ནི་དགའ་འོས་པའི་བྱ་བ་ཞིག་རེད། ཕྲན་གྱིས་བཀའ་བློན་སྐོར་བསམ་ཚུལ་མདོ་བསྡུས་ཤིག་བཤད་ན། ཐེངས་རྗེས་མའི་བཀའ་བློན་ཁྲི་པ་དེ་ཐེངས་དང་པོ་བཀའ་བློན་ཁྲི་པ་ལས་ཀྱང་གནད་འགག་ཆེ་བ་ཞིག་ཡིན་པ་ང་ཚོ་ཚང་མས་ཤེས་གསལ་རེད། ངས་དོན་ཚན་གཉིས་ཀྱི་སྒོ་ནས་གནད་འགག་ཆེ་བ་བརྗོད་བཞིན་ཡོད།

 





2010.07.07 11:25:23
ཐོག་མ་ངས་འཛམ་གླིང་ཞི་བདེ་དེད་དཔོན་ཆེན་མོ་མཆོག་གི་སྐུ་ཡི་འཁྲུངས་སྐར་ལ་དེད་ཕྱག་གྲངས་མེད་དང་བཅས་བཀྲིས་བདེ་ལེགས་ཞུ། ང་ཚོ་ཟིན་བྲིས་པ་རྣམས་ཀྱིས་ཐེངས་རྗེས་མའི་བཀའ་ཁྲིའི་ཐོག་ལ་བགྲོ་གླེང་ལྷུན་པོར་གནང་བཞིན་ཡོད་པ་ནི་ཤིན་ཏུ་ནས་དགའ་འོས་པ་ཞིག་རེད། འོན་ཀྱང་བགྲོ་གླེང་གི་སྙིང་དོན་ངོ་མ་དེ་རང་གི་ལམ་ཕྱོགས་སྤེལ་བ་ཙམ་མིན་པར་གཞན་གྱིས་འདོན་པའི་བསམ་འཆར་ལ་བསམ་བཞིབས་བྱེད་དགོས། བགྲོ་གླེང་ནི་རྩོད་པའི་རང་བཞིན་དང་རྩོད་པ་ནི་རིག་པ་ལ་རྟེན་ནས་བྱུང་དགོས་སྟབས་ཐོག་མེད་ཀྱི་ཀླད་པ་བེད་སྤྱད་པ་ལས་སེམས་ཀྱི་ཚོར་སྣང་དང་ཉེན་རིང་གི་གནས་སུ་ལྷུང་བའི་བསམ་པའི་འཆར་གཏམ་བཤད་ན་བགྲོ་གླེང་དེ་མཇུག་འབྲས་མེད་པའི་ཕྱོགས་གཏམ་ཞིག་ཏུ་འགྱུར་འགྲོ་ངེས་རེད། 



2010.07.05 11:07:11

རྒྱབ་གངས་ཀྱིས་སྐོར། །

མདུན་སྤང་གིས་བརྒྱན། །

མཐར་རྩི་ཤིང་རྒྱས། །

གནས་ཆོས་སྒྲས་ཁེངས། །

 

ཕ་བླ་མ་བཞུགས་ས།།

བུ་ཐར་ལམ་འདྲེན་ས།།

བོད་སྤྱི་དོན་སྒྲུབ་ས། །

 





2010.06.17 08:50:23

མཁྱེན་རྒྱ་ཡངས་པའི་བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་ལགས།

བོད་ཀྱི་བང་ཆེན་གྱི་མཚན་སྙན་འདི་འཛམ་གླིང་ན་ཁྱབ་བཞིན་པ་ནི་ཤིན་

ཏུ་ནས་དགའ་འོས་པ་ཞིག་རེད། འོན་ཀྱང་ཟིན་བྲིས་ཀྱི་སྡེ་ཚན་དེར་

གཏོགས་ཙམ་འགྱུར་བ་གཏོང་དགོས་ངེས་ཤིག་མཐོང་། ཟིན་བྲིས་ཀྱི་ཤོག་

ལེབ་དེ་གྲངས་ཅན་ཞིག་ཏུ་བསྒྱུར་ཐུབ་ན་སྔར་རྗེས་ཀྱི་རྩོམ་ཡིག་ལྟ་བདེ་བ་

དང་ཟིན་བྲིས་པ་དང་ཟིན་བྲིས་ཀྱི་ནང་དོན་ཡོད་ཚད་སྟབས་བདེའི་ངང་

ནས་ཀློག་པ་པོས་འཚོལ་ཐུབ་ངེས་རེད་བསམ་གྱིན་འདུག





2010.06.15 11:01:53

ཨ་རག་དཀར་པོ།

ཀུན་ལ་མཁྱེན་ཀྱང་ཀུན་གྱིས་སྨྱོན་པ་མཐོང་། །

ཀུན་འབྱུང་སྤངས་ཀྱང་ཀུན་ལ་འཇུག་པར་དགའ། །

ཀུན་ན་གྲགས་པའི་བླ་མ་སྨྱོན་པ་ཡིས། །

ཨ་རག་དཀར་པོ་བདུད་རྩིའི་སྙིང་པོ་མཐོང་། །





2010.06.15 10:51:30

ལྷ་སྐྱིད།

སྙན་པའི་དབྱངས་ཀྱིས་དྲང་སྲོང་གཉིད་ལས་སླང་། །

མཛེས་པའི་ཉམས་ཀྱིས་རྒྱ་བྱིན་ཡིད་དབང་བསྒྱུར། །

སྒེག་པའི་གར་གྱིས་མཚོ་འབྱུང་ཁེངས་པ་བཅོམ། །

ལྷ་སྐྱིད་མཇལ་བའི་སེམས་དེ་ལྷ་ལས་སྐྱིད། །

དུང་བའི་སེམས་པ་གངས་རི་རྩེ་ལ་བཞག །

གཅེས་པའི་ལ་རྒྱ་སྤང་ལྗོངས་རྒྱན་ལ་ངོམས། །

སྙིང་གཏམ་དམར་པོ་ཆུ་བོའི་གཞུང་ལ་དྲངས། །





2010.04.27 14:24:43

 

ཤ་རུས་ཁྲག་གསུམ་འདྲིས་པའི་ང་ཡི་སྤུན་ཟླ་ལགས།

ཁྱོད་ཀྱི་རྣམ་ཤེས་དང་ང་ཡི་སྨོན་ལམ་གཅིག་ཏུ་འདྲེས་ཡོད་ལ།

ཁྱོད་ཀྱི་སེམས་སྡུག་འདི་ནམ་ཡང་ང་ཡི་མིག་ཆུ་ནང་འཐིམ་བཞིན་ཡོད།

ཁྱོད་ཀྱི་སེམས་པས་ཉོན་དང་།





2010.04.03 17:56:04

བདེ་སྡུག་དབྱེ་འབྱེད་ལྟ་ལ་ལྡོང་བའི་མིག །

བདེ་ཆེད་སྡུག་བསྔལ་ཁུར་གྱི་ལྕི་བའི་ཚེ། །

ཐར་ཐུག་བདེ་བ་གང་ཡོད་སྙམས་པ་ན། །

རྣམ་འདྲེན་ཁྱོད་ལ་དངས་བའི་དད་པ་གཅིག །





2010.04.01 15:29:02

དོན་དམ་ཆོས་ནི་ཆོས་དབྱིངས་གནས་སུ་བཞུགས། །

དེང་གི་བླ་སློབ་ཚུལ་ཆོས་འཇུག་པར་དགའ། །

དོན་དམ་མ་རྙེད་ཀུན་རྫོབ་རབ་ཁྲོ་བའི། །

བུ་ཆུང་སེམས་ནི་ཁྲ་ཚང་བྱིའུ་ཆུང་འདྲ། །





2010.03.24 22:08:50

ཁུ་བྱུག་ལགས།

མདོ་ཁམས་ཀྱི་ཤར་ནས་འཕུར་བའི།།

གཉེན་འཛིན་ཀྱི་ཁུ་བྱུག་དམར་པོ།།

ལས་བཟང་གི་འབྲས་བུ་སྨིན་ནས།།

ཆོས་སྒར་གྱི་སྤང་ན་བབ་འདུག།


བྱང་བུ།:



2010.03.24 22:06:02

རྟེན་འབྱུང་ལས་གྲུབ་པའི་གོ་ལ་ཧྲིལ་པོ་འདི་རྒྱུ་རྐྱེན་གཉིས་ལ་རྟེན་ནས་འཕེལ་འགྲིབ་དང་རྒྱལ་ཕམ་གྱི་གནས་སུ་འགྱུར་བཞིན་པའི་གནད་དོན་རྣམས་ཐབས་བརྒྱ་བྱུས་སྟོང་གིས་མི་མངས་ལ་གསལ་རྟོགས་ཐུབ་པར་བྱ་རྒྱུ་ནི་བཅོས་སུ་མེད་པའི་གསར་འགྱུར་ལས་ཁུངས་ཀྱི་འགན་བབས་ཡིན། གལ་སྲིད་ཁྱེད་རང་གསར་འགོད་པ་ཞིག་ཡིན་ན་རྒྱལ་ཁབ་དང་མི་རིགས་དེའི་མགྲིན་ཚབ་པ་ཞིག་ཏུ་ངོས་འཛིན་ཆོག་པ་ཡིན།


བྱང་བུ།:



2010.03.24 22:04:36

 

མིག་ཆུའི་ལས་དབང་།

འདུ་འཛོམས་དགོད་སྒྲར་ཆཌ་པའི་བུ་ཆུང་གི་སེམས་པ།།

རྐྱེན་ངན་རླུང་གིས་ཁྱེར་བའི་རྣམ་ཤེས་དང་བརྡེབས་ཚེ།།

སྲིད་པའི་གྲོང་ཁྱེར་འདི་ན་ཁེར་རྐྱང་གི་ཚོར་བ།།

ཟོལ་མེད་བཙན་གྱིས་མྱོང་དགོས་མིག་ཆུ་ཡི་ལས་དབང་།།


བྱང་བུ།:



2010.03.04 10:22:51

ཐར་པའི་གྲོང་ཁྱེར།

འཁོར་འདས་འདི་ཕྱིའི་རྣམ་བཞག་དངོས་རིག་གིས་གཟིགས་ཤིང་། །

བདེན་བཞི་ལམ་གསུམ་འཇུག་ཐབས་སེམས་སྟེང་ན་གསལ་ཡང་། །

ཨ་རིས་ཞིང་འདི་ཐར་པའི་གྲོང་ཁྱེར་དེ་འདོད་ནས། །

ཆོས་དགོན་སློབ་མ་བཞག་ནས་ཁེར་རྐྱང་དེ་ཕུར་སོང་། །

འཁོར་བར་ངེས་འབྱུང་ཁྱིམ་སྤང་སྡོམ་ལྡན་གྱི་བཙུན་པ། །

དུག་གསུམ་སྡིག་སྤང་དབེན་པའི་རི་དགོན་དུ་བཞུགས་ཀྱང་། །

ཨ་རིས་ཞིང་འདི་ཐར་པའི་གྲོང་ཁྱེར་དེ་འདོད་ནས། །

 ཁྱིམ་པའི་རྟགས་དེ་འཛིན་ནས་ཆོས་སྒོར་ནས་ཐོན་སོང་། །

དྲག་པོ་དམག་གི་དབུས་ན་དཔའ་ངར་དེ་སྒྲོག་ཅིང་། །

བདེན་པའི་རང་དབང་སླད་དུ་རང་བཙན་ཞིག་རྩོད་ཀྱང་། །

ཨ་རིས་ཞིང་འདི་རང་ཡུལ་ངོ་མ་དེ་འཛིན་ནས། །

ཆབ་སྲིད་བཙོན་པའི་འོས་དེ་ཨ་རིས་ལ་བཤད་སོང་། །

ཡབ་རབ་གཤིས་བཟང་བུ་མོ་རིག་བཟང་དུ་རྩི་ཞིང་། །

ངོ་ཚ་ཁྲལ་ཡོད་མི་ཚེའི་མདུན་ལམ་ཞིག་མཐོང་ཡང་། །

ཨ་རིས་ཞིང་འདི་ལྷ་ཡུལ་གཉིས་པ་དེ་འཛིན་ནས། །

བརྒྱད་བཅུ་ཨ་རིས་རྒན་པོའི་མནའ་མ་དེ་ཕྱིན་སོང་། །

 

 


བྱང་བུ།:



2010.03.04 10:19:20

 

དྲ་གྲོགས་རྣམས་ལ་ཆེད་ཞུ་ང་ནི་སྨར་ཁམས་འབྲུག་རྒྱལ་ཡིན།

 དེ་སྔོན་ངས་སྨར་ཁམས་འབྲུག་རྒྱལ་ཞེས་པའི་དྲ་སྒོ་ཞིག་ཕྱེ་ནས་རྩོམ་རིགས་ཁ་ཤས་བྲིས་

ཡོད་ཀྱང་རྗེས་སུ་དུས་ཡུན་རིང་པོ་མ་ཁོམ་སྟབས་གསང་ཚིག་དང་མྱུར་འཕྲིན་ཁ་བྱང་

ཡང་བརྗེད་ཚར་འདུག་པས། རང་མིང་འདི་བེད་སྤྱད་ནས་ཁྱེད་རྣམས་དང་བགྲོ་གླེང་བྱེད་

འདོད་ན་ཚང་མ་བློ་སེམས་གཅིག་ཏུ་མཐུན་པའི་སྨོན་འདུན་ཞུ།

 


བྱང་བུ།:



2010.03.04 10:12:41

ཤར་གྱི་ཉི་མ་ཤར་དུས། །མེ་ཏོག་པདྨ་བཞད་བྱུང་། །སྦྲང་ཆུང་སེམས་པ་དམར་པོ། །འདབ་མ་སྟེང་ལ་ཤོར་སོང་། །བཙན་པོ་རླུང་གིས་འཁྱེར་བའི། །སྤྲིན་གྱིས་ཉི་འོད་སྒྲིབ་སོང་། །ང་དང་བྱམས་པའི་མེ་ཏོག །ལས་ཀྱི་མདུད་པ་གྲོལ་སོང་། །ཁ་བའི་འདབ་མ་ལྷུང་དུས། །ལུས་ལ་གྲང་ངར་ལྡང་བྱུང་། །བྱམས་པའི་བརྩེ་བའི་འཛུམ་མདངས། །དྲན་པའི་རྩེ་ནས་ཤར་བྱུང་། །དཀར་པོ་གོས་ཀྱིས་ཀླུབ་པའི། །ཨ་ཅེ་གངས་དཀར་ལྷ་མོ། །ང་དང་བྱམས་པའི་ལས་ལ། །མགོན་གཅིག་བཙལ་རོགས་གནང་དང་།


བྱང་བུ།: