བོད་ཀྱི་བང་ཆེན། ཟིན་བྲིས་རྣམས་ལ་གཟིཌ། འཆམ་ར་དྲི་མེད་རྒྱལ་མཚན།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

འཆམ་ར་དྲི་མེད་རྒྱལ་མཚན།


རླུང་དམར་གྱི་གསེབ་ནས་ལུས་པོ་འདི་གང་ལ་ཁྱེར་ཡང་
སེམས་ཁོང་ནས་གངས་རླུང་ལྡང་བཞིན་པ་འདིས་ང་འདི་ལྟར་ངུ་ཤོར་ཀྱིན་འདུག

2012.02.04 21:53:52
དྲག་པོའི་མཚོན་སྦྱོར་གྱི་འོག་ནས་རང་དབང་ཞུ་སྦྱོར་བྱེད་ཀྱིན་པའི་ངའི་བཀུར་འོས་སྙུག་ཐོགས་པ་ཚོ། ན་ནིང་དང་ད་ལོ་ནི་ཡ་ང་བའི་མེ་ལྕེའི་ནང་གི་བོད་ཀྱི་ལོ་རྒྱུས་དེ་འགྲུབ་བཞིན་པ་ཡིན་ལ། འདས་སོང་ཕུ་ནུ་མི་སྲིང་ཉི་ཤུ་ལྷག་གི་ཚེ་སྲོག་གིས་དེ་ལྟར་མེ་ལྕེའི་ནང་གི་བོད་ཀྱི་ལོ་རྒྱུས་བཞེངས་སོང་། འདི་ནས་ང་ཚོས་ཀྱང་འགན་ཞིག་ཁྱེར་ཏེ་རྒྱལ་གཅེས་པ་ཁོང་ཅག་ལ་མྱ་ངན་དང་རྗེས་དྲན། དེ་བཞིན་དྲག་པོའི་དམག་དཔུང་ལ་ངོ་རྒོལ་གྱི་གླུ་གཞས་གང་མང་ཞིག་བང་སྒྲིག་དགོས་པ་ནི། སྙུག་ཐོགས་པ་ཚོའི་ལག་ཐོགས་ཀྱི་ལས་ཀ་ཞིག་ཆགས་ཡོད།




2012.02.01 06:51:20

མེ་མདའི་འོག་གི་ད་ལྟའི་ཁམས་བྲག་མགོ

西藏局势:被枪杀、枪伤藏人图片首次曝光




2012.01.25 05:35:33
                          __________ ད་ནི་བོད་ཀྱི་འགོ་ཁྲིད་ཚོ་མ་འཆུག་རོགས། 
ཕྱི་ལོ་གསར་པ་འགོ་བཙུགས་ནས་ཕྱི་ཚེས་༢༣ ཉིན་ཁམས་བྲག་མགོ་ནས་ཞི་རྒོལ་བྱས་ཏེ་དགྲ་ནག་གིས་བོད་མི་གཉིས་དམར་གསོད་བཏང་སོང་ལ། བོད་མི་སུམ་ཅུ་ཡན་མན་ཞིག་རྨས་མ་ཚབས་ཆེན་བཟོས་འདུག བོད་མི་བྱིངས་ནི་དྲག་པོའི་མཚོན་ཆ་འཕྱར་བའི་དམག་མི་ཚོས་མེ་མདའ་རྒྱག་ཆོག་ཆོག་གི་གནས་སྟངས་འོག་ལུས་ཡོད། ད་དུང་འདི་ནས་ཧ་མ་གོ་བ་ག་ཚོད་ཡོད་སྲིད་དམ།




2012.01.19 00:24:42
༅། །དུས་དབང་གི་སྔོན་གཞུག་ནས་བཏུས་པ། 
སྟོང་ཆེན་ནམ་མཁའི་ངོས་ལ་འཕགས་པ་ཡི།།
ཤར་གྱི་ཟླ་བ་དཀར་མོའི་བསིལ་གྲིབ་འོག།།
སྐྱོ་བའི་བྲང་གོག་བཟེད་པའི་མི་རྐྱང་ལ།།
སྟོན་པ་དོན་ཀུན་གྲུབ་པས་གཉོར་སྐྱོང་གྱིས།།




2012.01.08 11:08:55
རྡོར་གདན་དུ་དུས་དབང་ཐེངས་༣༢ པར་བཅར་བ།  མི་ལོ་བཅུ་ཕྲག་ལྔའི་རྗེས་སུ་གཞིས་བྱེས་བོད་མི་འབོར་ཆེན་ཞིག་གནས་མཆོག་རྡོ་རྗེ་གདན་དུ་ལྷན་འཛོམས་བྱུང་སོང་། ལྷན་འཛོམས་འདིའི་གསེང་ནས་འདས་པའི་བོད་ཀྱི་གཞིས་བྱེས་ཁ་བྲལ་བའི་ལོ་རྒྱུས་ནང་གི་གནད་དོན་མང་པོ་ཞིག་གསལ་པོར་བྱུང་ཡོད་ལ། གང་ཟག་སྒེར་སོ་སོར་མཚོན་ནའང་རང་ཡུལ་ནས་མི་ཡུལ་དང་། མི་ཡུལ་ནས་མི་ཡུལ་དུ་གྱེས་སོང་བའི་ནང་མི་བུ་ཕྲུག་ཐུག་འཕྲད་དང་། མ་བུ་མཉམ་འཛོམས་སོགས་ཀྱིས་མཚོན་ཧ་ཅང་ཁེ་ཕན་བྱུང་ཡོད།




2012.01.02 03:24:21
བོད་མི་ནང་འཁྲུག་ལ་ལམ་སྟོན་གྱི་ཐབས་ལམ། 
ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་ད་དུང་ཡང་དཔའ་བློ་ཁོག་ཟེར་བ་དེ་ནི་འཁྲུག་འཛིང་ཙམ་ལ་ངོས་འཛིན་བྱེད་ཀྱི་ཡོད། ད་དུང་སྟབས་ཉེས་པ་ཞིག་ལ་འཁྲུག་འཛིང་དེའང་བོད་པ་ནང་ཁུལ་ལ་བསྐོར་ནས། ང་ཚོའི་སྤུན་ཟླ་མང་པོ་ཞིག་འཆི་ལམ་དུ་བཏང་དང་གཏོང་བཞིན་པའི་གནས་སྟངས་སྡུག་ཆགས་ཤིག་རེད།“མེ་འབར་ཁར་ཤིང་ཆག་”ཞེས་པའི་དཔེ་ལྟར།




2011.12.27 23:20:10
སྟབས་ཡག་པ་ཞིག་ལ་ད་ལོའི་དུས་འཁོར་དབང་ཆེན་སྐབས་སུ་བོད་ནས་བོད་མི་གང་མང་ཞིག་འབྱོར་བྱུང་། ཚོད་དཔག་བྱས་ན་ཁྲི་ཚོ་ཡན་མན་ཤོད་ཀྱི་འདུག འདི་ནི་དཔེར་ན་མ་དང་བུ་མོ་གཞིས་བྱེས་གྱེས་ནས་ཡོད་པ་དང་། སྤུན་དང་བཟའ་ཟླ་ཁ་འཐོར་ནས་ཡོད་པའི་བོད་མི་སྒེར་བའི་གནས་སྟངས་ལ་མཚོན་ན་སྐལ་བ་བཟང་པོ་ཞིག་ཡིན་པ་ལྟར།



2011.12.21 07:09:42

ང་རོའི་དཔེ་ཚོགས་གསར་ཐོན་གྱི་བརྡ་སྦྱོར། (པར་ཡོད)

ཨ་རོག མྱིག་གཉིས་ཕྱིས་ནས་ལྟོས་དང་། རྣ་ཅོག་གཉིས་གཏད་ནས་ཉོན་དང་། སྙན་ངག་གསར་པ་ཐོན་སོང་། རྩོམ་ཡིག་གསར་པ་སྤེལ་བྱུང་། དཔེ་དེབ་གསར་པ་སྐྲུན་འདུག ལྟོས་དང་། ངོ་མ་ཡིན། ང་རོའི་དཔེ་ཚོགས།--(1)<<ས་མཐའི་ང་རོ།>>(2) <<བྲང་གཞུང་གི་ང་རོ།>>(3)<<ས་ནག་གི་ང་རོ།>> འོ་ཡ། དར་རྒུད་ཀྱི་ལེའུ་སྣམ་བུ་བཞིན་དུ་སྒྲིལ་འདུག མི་རིགས་ཀྱི་སྐྱོ་གདུང་མིག་ཆུ་ལྟར་དུ་ཕབ་འདུག གྱེས་སོང་གི་ལོ་ཟླ་མུན་ནག་གཞིན་དུ་གཤོམ་འདུག དད་དམ་གྱི་འོ་མཚོ་རྒྱ་མཚོ་ལྟར་དུ་སྐྱིལ་འདུག





2011.12.08 07:30:10

དེའང་ཕྱི་ལོ་༢༠༡༡་༡༡་༢༣ ནས་༢༤་བར་ཉིན་གཉིས་རིང་། རྒྱལ་སྤྱིའི་ཧི་མ་ལ་ཡའི་ནང་པའི་ཚོགས་ཆེན་དེ་གནས་མཆོག་ལུམྦི་ནི་འབྲི་གུང་བཀའ་བརྒྱུད་པད་སྤུངས་མཆོད་རྟེན་དགོན་གྱི་འདུ་ཁང་ནང་དུ་ཚོགས་ཡོད་པ་རེད།





2011.11.11 04:42:16
༈ བོད་ཀྱི་གཞས་ཚིགས་དྲ་བའི་སྒོ་འབྱེད་ཀྱི་གསལ་བརྡ།
སྟོད་རྒྱ་གར་ཡུལ་ནས་གླུ་ཞིག་བླངས་སོང་། །
བར་ཉི་མའི་གྲོང་དུ་བརྡ་ཞིག་ཕོག་སོང་། །
སྨད་མདོ་ཁམས་ཡུལ་ནས་གཞས་ཤིག་གཏོང་བྱུང་། །
སྟོད་གངས་དཀར་རྩེ་ནས་འོད་མདངས་རྒྱས་བྱུང་། །




2011.11.08 00:53:11
༈ དེང་སང་བོད་པ་ཕན་ཚུན་སྲུང་སྐྱོབས་བྱེད་རོགས། མེ་ལྕེ་ཞིག་སྨད་ནས་སྟོད་ལ་མཆེད་ཅིང་། མེ་ལྕེ་ཞིག་སྟོད་ནས་སྨད་ལ་མཆེད་སོང་། ད་དུང་མེ་ལྕེ་ཞིག་དམར་ལམ་ལམ་འབར་སོང་། དམར་ལམ་ལམ་གྱི་མེ་ལྕེ་དེ། མེ་ལྕེ་དེ། མེ་ལྕེ་དེས་ཧི་མ་ལ་ཡའི་ས་མཚམས་བརྒལ་སོང་ལ། མེ་ལྕེ་དེའི་ངར་ཤུགས་གཤིན་རྗེའི་སྒོ་དྲུང་དུའང་ཆས་སོང་།




2011.10.29 06:12:25
མིག་ངོར་སྐྱ་རེངས་སུ་སྣང་བ་དེས

ཡོད་ཚད་རུམ་སྒོ་ནས་ཐོན་ཏེ

གཅེར་རྒྱུག་བྱས་ཀྱང

སྐྱ་རེངས་སྐྱ་རེངས་སུ་གྲུབ་མེད་པ་དེས

ནམ་གུང་ཞིག་ཡོད་ཚད་འཁྱག་རོམ་གྱི་ཀློང་དུ་ཚོད





2011.10.24 11:28:54
སི་ཁྲོན་བོད་ཡིག་དཔེ་རྙིང་མྱུར་སྐྱོབ་འཚོལ་སྒྲིག་ཁང་།

བོད་ཡིག་དཔེ་རྙིང་མྱུར་སྐྱོབ་འཚོལ་སྒྲིག་ཁང་འདི་ནི། བོད་ཀྱི་བཅུ་ཕྲག་རིག་གནས་ལ་ཤ་ཚ་བའི་བྱ་བཟང་ལག་ལེན་དུ་དངོས་སུ་འདེབས་མཁན་གྱི་མི་སྣའི་གྲས། ཁྲོཾ་ཐར་མཁན་པོ་འཇམ་བློ་ལགས་ཀྱིས་དཀའ་བ་བརྒྱ་ཕྲག་ལ་བརྟེན་ནས་གྲུབ་པ་ཞིག་རེད།


བྱང་བུ།:



2011.10.03 00:50:29

དེ་ རིང་སྟེ་ཕྱི་ལོ་༢༠༡༡ལོའི་ཟླ་༡༠བའི་ཚེས་༡ཉིན་ནི་རྒྱ་ནག་ཀྲུང་ཧྭ་མི་དམངས་ སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ཡི་འཁོར་མོ་༦༢འཁོར་བའི་ཉིན་མོ་རེད། རྒྱ་ནག་གིས་དབང་བསྒྱུར་བྱས་པའི་བོད་ཡུལ་གང་སར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་ རྒྱལ་ཁབ་ཁྲི་ལོ་ཤོག་དང་དམངས་དམག་སེམས་པ་གཅིག་འདྲེས་རྒྱ་བོད་ཆུ་ནང་ཉ་མོ་ སོགས་ཁ་དོན་མི་མཚུངས་པའི་འཕྲེད་དར་དམར་པོའི་ངོས་སུ་རྒྱ་བོད་ཡིག་རིགས་ བསྒྲགས་མ་བྲིས་འདུག





2011.09.29 09:19:56
                                                   སྒེར་དེབ་《འཆིང་བའི་ཕྱི་ནང་》གི་སྤྱིར་བསྒྲགས་ཆེན་མོ།
༈ དེ་རིང་འདི་ནས་རང་གི་སྒེར་དེབ་《འཆིང་བའི་ཕྱི་ནང་》སྐོར་གྱི་སྤྱིར་བསྒྲགས་སྟབས་བདེ་ཞིག་བྱེད་འདོད་བྱུང་། དེའང་གུས་པའི་རྩོམ་དེབ་ཐོག་མ་《འཆིང་བའི་ཕྱི་ནང་》ཞེས་པ་དེ་བཀྲམས་ནས་ཟླ་ངོ་འགར་ཕྱིན་སོང་ལ། དེའི་བར་ནས་བཀུར་འོས་ཀློག་པོ་འགའི་ཕྱག་ཏུ་འབྱོར་ཏེ་དགའ་གཏམ་གྱི་འཚམས་འདྲི་དང་ཡག་བསྟོད་ཀྱང་འགའ་ཤས་འབྱོར་བྱུང་བ་ནི་དེབ་དེར་དོ་སྣང་ཞིག་གནང་རྗེས་ཡིན་སྟབས་ད་རེས་ཁ་དྲོ་ཞུ།




2011.09.15 06:51:58

༈ དད་གདུང་རོལ་མོ་སྟོང་གི་འགྱུར་ཁུག།

(༸སྐྱབས་རྗེ་དམ་པ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་སྐུ་ཞི་བར་གཟིམ་པའི་རྗེས་དྲན་དུ་ཕུལ།)

གཞི་དབྱིངས་ནང་བྱན་ཆུབ་པའི་སྲུབས་ཀ་ནས།།

རྗེས་ཆགས་ཟུག་མིག་སྟོང་གི་འཇོ་སྒེག་ཁྲོད།།

སྣ་ཚོགས་གར་གྱི་རྩེན་པའི་གུ་རུ་སྟེ།།

དུས་ཀྱི་སྟོན་པ་ཁྱེད་ལ་ཕྱག་འཚལ་ལོ།།





2011.08.22 06:30:43

༈ མེ་ལྕེ་དེ་ངའི་སེམས་ན་འཁྱིལ་དུས།


མེ་ལྕེའི་ནང་དུ་སྙིང་ཤ་བསྲེགས་པ་འདི།།

སྔོན་པོ་གནམ་གྱིས་བྱིན་པའི་ན་ཟུག་སྟེ།།

ནག་པོ་དགྲ་ཡིས་མནར་བའི་མི་དག་ལ།།

སེམས་ཀྱི་སྡུག་བསྔལ་ཞི་བའི་ཐབས་ལམ་ཡིན།།





2011.07.26 05:54:15
ཏཱ་ལའི་བླ་མར་ཇག་པས་བགྲེས་ཡོལ་བྱེད་བཅུག་པ་རེད་ཟེར།
དེའང་ཉེ་བའི་ཆར་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་ “ སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་སུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་འབྲེལ་ཏེ། ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་དང་བཙན་བྱོལ་བོད་གཞུང་མཚན་སྒྱུར་གནང་བ་བཅས་ཀྱི་ཐད་བཅར་འདྲི་ཞུས་ཡོད།”ཅེས་པའི་དྲིས་ལན་ནང་དུ།




2011.07.16 07:27:47

༈ ལྷ་འདྲེས་བརླམས་པའི་འཇིག་རྟེན།

བྱ་བ་འདི་ཀུན་ལད་ཟློས་བྱས་ཏེ་སྡུག་གི་རྗེས་སུ་སྡུག་བསྔལ་ཞིག།

སྡུག་གི་ཁུར་པོ་དོར་བ་འདོད་དེ་སྡིག་པའི་རྗེས་སུ་འགྲན་རྩོད་ཅིག།

འགྲན་རྩོད་ངར་མའི་གྲུ་ཁ་རེ་ནས་ཆོ་ངེ་འདེབས་པའི་སྐད་སྒྲ་ཞིག།

ལྷ་དང་འདྲེ་ཞེས་ངོ་ཆོད་མེད་པ་རི་བོང་རྐྱལ་རྗེས་འདྲོགས་ལ་ལྟོས།།





2011.05.18 09:20:19
༈ གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ། ཁམས་སྡེ་དགེ ཨ་ཕྱུག་བཤད་པ།
འཛམ་གླིང་གེ་སར་རྒྱལ་པོ་ཟེར་བ་ནི་བློ་རིག་གསལ་ཞིང་ཐབས་ལ་མཁས་པ།གཉེན་ལ་བྱམས་ཤིང་དགྲ་ལ་སྡང་བ། རྫུ་འཕྲུལ་རྩལ་དང་ལྡན་ལ་བཙན་པོ་གཉའ་ནས་གནོན་མཁན། ཉམ་ཆུང་མཐའ་ནས་སྐྱོང་མཁན།




2011.04.29 11:13:32
༅། །སེང་གེའི་རྒྱལ་གླུ།
སྤྲང་པོའི་བུ་ལ་ཡོན་ཏན་ཡོད་ནས་བཀའ་བློན་ཁྲི་པའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ།
(བཀའ་ཁྲིའི་དངོས་གཞིའི་འོས་ཤོག་ཁྱབ་བསྒྲགས་བྱས་རྗེས་སུ།)




2011.04.18 20:12:00
༄། །རྒ་འབོད་རྒུན་ཆང་སིལ་མ།།
ས་ཡོམ་གྱི་གོད་ཆག་ཕོག་པའི་ངའི་སེམས་ཀྱི་རྒ་བ་བ་དྲན་ནས་
རྒུན་ཆང་སིལ་མ་ལྟ་བུའི་སྙན་ངག་གིས་འབོད་པ།




2011.03.30 06:00:38

ཐུགས་རྗེའི་ལྕགས་ཀྱུ་དཔྱོང་དུས། དད་པའི་ཨ་ལོང་ཡོད་པ་བྱེད་དགོས།  (ཚན་པ་ལྔ་པ)
༥། ཡོང་ངེས་པའི་༸གོང་ས་མཆོག་མེད་པའི་མིག་ཆུའི་ལོ་ཟླ་ལ་ད་ལྟ་ནས་དད་ལྡན་བོད་མི་གཞིས་བྱེས་གཉིས་བློ་གོམས་ཐབས་བྱེད་ཐུབ་པ།
ད་ལྟའི་གནམ་འོག་གི་བོད་པ་ནི་༸གོང་ས་མཆོག་ལ་དད་པ་དང་ཡིད་ཆེས་ཀྱིས་འཚོ་ཡོད་ལ།




2011.03.30 05:54:52
ཐུགས་རྗེའི་ལྕགས་ཀྱུ་དཔྱོང་དུས། དད་པའི་ཨ་ལོང་ཡོད་པ་བྱེད་དགོས། (ཚན་པ་བཞི་པ)
༼བཞི་པ༽
རླབས་ཆེན་དགོངས་གཞི་ལྡན་པའི་བགྲེས་ཡོལ་གྱི་གསུངས་འཕྲིནཐོག་ཤར་བསྐྱོད་དགོས་པའི་རྒྱུ་མཚན་རིམ་པ་བགྲངས་པ།
༡། རླབས་ཆེན་གྱི་དགོངས་བཞེད་ལ་ཚད་དཀག་མེད་པ་ལག་བསྟར་ངེས་པར་དགོས་པའི་རྒྱུ་མཚན་གཙོ་བོ།




2011.03.30 05:51:03
ཐུགས་རྗེའི་ལྕགས་ཀྱུ་དཔྱོང་དུས། དད་པའི་ཨ་ལོང་ཡོད་པ་བྱེད་དགོས། (ཚན་པ་གསུམ་པ)
༼གསུམ་པ༽ བགྲེས་ཡོལ་གྱི་གསུངས་འཕྲིན་ལ་ལོག་པ་འགྲེལ་ནས་༸གོང་ས་མཆོག་ལ་སྐུལ་འདེབས་བྱེད་ཀྱིན་པ།
༡། ཁ་ཅིག་གིས་“བགྲེས་ཡོལ་གྱི་གསུངས་འཕྲིན་ཕེབས་པ་ནི་ད་ལྟའི་བོད་པའི་སྤྱི་ཚོགས་ནང་མི་འགའ་རེས་རྩོམ་ཡིག་འདྲ་མིན་སྤེལ་བས་རེད་”ཟེར།




2011.03.30 05:47:45
ཐུགས་རྗེའི་ལྕགས་ཀྱུ་དཔྱོང་དུས། དད་པའི་ཨ་ལོང་ཡོད་པ་བྱེད་དགོས། (ཚན་པ་གཉིས་པ)

༼གཉིས་པ༽བགྲེས་ཡོལ་གྱི་གསུངས་འཕྲིན་ཕེབས་པ་ནི་ཐབས་ལམ་གྱི་སྙིང་པོ་ཞིག་གནང་བ་ལས་འུ་ཐུག་དགོས་པའི་དུས་ཚོད་ཅིག་མིན་པའི་གནད་དོན་གསེད་བཀྲོལ་བྱེད་པ།





2011.03.30 05:17:42
ཐུགས་རྗེའི་ལྕགས་ཀྱུ་དཔྱོང་དུས། དད་པའི་ཨ་ལོང་ཡོད་པ་བྱེད་དགོས། (ཚན་པ་དང་པོ)

གོང་ས་མཆོག་གིས་ “རིམ་བཞིན་གནད་དོན་འདིའི་དགག་དགོས་རྒྱུ་མཚན་རྣམས་གོ་རྟོགས་ཀྱིས་ངོས་ཀྱི་ཐག་གཅོད་ལ་མོས་མཐུན་དང་ལེན་བྱེད་པའི་ཡིད་ཆེས་ཡོད།”༢༠༡༡་༣་༡༡ ཉིན།

༼དང་པོ༽ ༸གོང་ས་མཆོག་གི་བགྲེས་ཡོལ་གྱི་གསུངས་འཕྲིན་ཕེབས་པརའ་ཆད་འུ་ཐུག་གི་རྣམ་པ་འདིའི་ཡོང་སྟངས་བཤད་ནས་གླེང་སློང་བ།





2011.03.20 11:00:24
བཙན་བཀའི་འོས་ཆོས་མ་ཚང་བའི་གྲྭ་བཙུན་འོས་འཕེན་མཁན།
ཁྲིམས་མཐུན་མང་ཚོགས་ཀྱི་ཐོབ་ཐང་བཤད་ས་མེད་པའི་འོས་བསྡུ་ལས་བྱེད། 
དེ་རིང་ནི་བཙན་བྱོལ་གཞུང་གིས་བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བླུགས་པའི་དུས་ཚོད་ཧ་ཅང་གལ་ཆེན་དེ་རེད་ལ། དེ་དག་ཀྱང་དྲག་སྤྱོད་པའི་དབང་ཤུགས་འོག་ལུས་ཡོད་པ་ལྟར་མིན་པ། མི་མང་རང་རང་གི་འདོད་མོས་ལྟར་སུ་ཞིག་འདེམས་ཆོག་པའི་རང་དབང་མང་གཙོའི་ཁེ་དབང་ཞིག་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་ཐོག་ནས་བྱུང་ཡོད་པའི་ཁུལ་རེད།




2011.03.19 10:29:52
༈ ཁ་སང་ཚེས་༡༨ ཉིན། རྒྱ་གར་ལྷོ་ཕྱོགས་ལུགས་ཟུང་བསམ་འགྲུབ་གླིང་གི་ཁོངས་གཏོགས་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་དུ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་འཁོར་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་རྣམ་གྲོལ་གླིང་གི་མཁན་པོ་དང་། བླ་མ་རྡོ་རྗེ་སློབ་དཔོན་གྱི་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་ཟབ་རྒྱས་ཤིག་འཚོགས་གནང་ཡོད་པ་རེད་འདུག




2011.03.15 10:11:48
སྙན་ངག་གི་གདུང་འབོད།།

ཡ་ཀའི་སྤྲིན་ཕུང་ནང་གི་ཡེ་ཤེས་ལྷ་ཚོགས།།

བྱིན་རླབས་སྦྲང་ཆར་དཀར་པོ་ཤིག་ཤིག་ཕོབས་དང་།།

དད་གདུང་ཆར་འབེབ་སྟོང་གི་གསོལ་འདེབས་དྲག་པོས།།

སྐྱོ་གདུང་མིག་ཆུ་ཤར་རེ་འདི་ནས་བལྟས་ཡོད།།





2011.03.02 02:46:04
losar༈ ལོ་གསར་ནི་ངའི་སྡུག་གི་སྣོན་མ་རེད།།
( ཕྱི་ལོ་ ༢༠༠༤ བོད་ཟླ་ ༡༢ ཚེས་༣༠ ཉིན )
སེམས་ཁ་མི་གང་བའི་དགོང་མོ་རེ་རེ་བཞིན་མིག་ཆུ་འདི་བཞུར་ཆོག་ཆོག་འདུག་ལ།




2011.02.26 10:54:54
གཟིམ་ཆུང་སྐྱ་བོ།
ལྷབ་ལྷུབ་ཤིང་ལོ་འབབ་པའི་སྡོང་འོག་ནས།།
མེ་ཏོག་ལྡུམ་ར་རྙིང་པའི་དཀྱིལ་མ་ནས།།
ཁ་དོག་ལྷགས་པས་ཁྱེར་བའི་གཟིམ་ཆུང་ཞིག།
བྲང་གི་རུས་པ་རྡུང་བའི་ཐོ་བ་རེད།།




2011.02.19 00:23:12
༈ ཡར་ཀའི་སྤྱི་གཙུག་སྟེང་གི་ཡེ་ཤེས་ལྷ་ཚོགས།།

ཐུགས་བསྐྱེད་འགན་ཁུར་ལྕི་མོ་དལ་གྱིས་བཞག་ནས།།

ལྷུན་གྲུབ་གཞལ་ཡས་ཁང་དུ་ལྷོད་ཀྱིས་བཞུགས་དང་།།

འདི་ནས་འགྲོ་ཀུན་བདེ་བའི་སྨོན་ལམ་ཞུས་ཟིན།།





2011.02.16 05:10:10


སེར་པོའི་གསེར་ཞག་འཁྱིལ་བའི་འདུ་ཁང་མཐའ་ནས།།
དམར་པོའི་རས་སྣེ་ཡང་པོ་རླུང་ཁར་འཕྱོ་བའི།། 
ལྷོ་མཐའི་ཚ་བའི་རོང་གི་འབྲས་སྤུངས་ཆོས་སྡེ།། 
འདུལ་བའི་རྩིས་ཁྲ་ཞིབ་མོས་ལམ་ཆེན་འགག་ས།།




2011.02.04 09:53:02
༈ རྙིང་མའི་སྨོན་ལམ་ཆེན་མོ་ཚོགས་འགོ་ཚུགས་པ།

ཁ་སང་བོད་ཟླ་༡༢་༡་ཕྱི་ཟླ་༢་༣་ཉིན་དཔལ་གསང་ཆེན་(སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་༢༢ པ་)དེ་གནས་མཆོག་རྡོ་རྗེ་གདན་དུ་དབུ་འཛུགས་ཀྱིས་འཚོགས་གནང་སོང་། སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ནི་ཐོག་མ་དར་ཐང་མཆོག་སྤྲུལ་རིན་པོ་ཆེས་དབུ་བཙུགས་པ་དང་། དེ་ནས་དཔལ་སྔ་འགྱུར་རྙིང་མའི་དབུ་འཛིན་གསུམ་པ ༸སྐྱབས་རྗེ་༸གྲུབ་དབང་པད་ནོར་རིན་པོ་ཆེ་དང་། ལ་དྭགས་ཆོས་རྗེ་རིན་པོ་ཆེ་སོགས་ཀྱིས་མཐུན་འགྱུར་རོགས་དན་གནང་བ་ལ་བརྟེན་ནས། ད་བར་སྨོན་ལམ་འཚོགས་ཐེངས་༢༢ བར་སོང་ཟིན།





2011.01.02 12:02:03

རྡ་སར་ཁ་བ་འབབ་དུས།

རྡ་སའི་རི་མགོ་ཁ་བ་གངས་ཀྱིས་བཟུང་སོང་།།

གངས་རི་དཀར་པོ་སྙིང་ཁམས་སྟོད་ལ་མཛེས་བྱུང་།།

(མི་ལོག་གན་རྐྱལ1)མཛེས་མའི་གོམ་སྟབས་འཁྱིལ་དུས།།

ཁ་བའི་འདབ་མ་དབུ་སྐྲའི་གསེང་ནས་ཞུ་བྱུང་།།





2010.12.16 02:44:34

(ནགས་ཚང་ཞི་ལུ་དང་ཁོང་གི་རྩོམ་ཆོས་ནགས་ཚང་ཞི་ལུའི་སྐྱིད་སྡུག་ངོས་སྦྱོར)

ནགས་ཚང་ཞི་ལུ་ཞེས་པའི་(ནགས་ཚང་)གི་དོན་ནི། ཞི་ལུའི་ནང་ཚང་གི་མིང་དང་། (ཞི་ལུ་)ཞེས་པ་ནི་དེབ་འདིའི་རྩོམ་པ་པོ་དང་། དངོས་སྒྲུང་འདིའི་མི་སྣ་གཙོ་བོའི་མིང་ཚབ་ཡིན།  དངོས་མིང་ནུས་ལྡན་བློ་བཟང་། ཁོང་ནི་ཕྱི་ལོ་༡༩༤༨ ལོའི་བོད་ཟླ་༨ པའི་ཚེས་༡༥ ལ་མགོ་ལོག་གི་ས་ཆར་ཕ་ནགས་ཚང་དགྲ་འདུལ་དང་། མ་དམེ་བཟའ་ཚེ་རིང་སྐྱིད་གཉིས་ལས་འཁྲུངས།





2010.12.05 23:02:43
༈ གུང་ཁྲན་ཏང་གིས་བོད་ཀྱི་སྐད་ཡིག་ལ་དོ་སྣང་གསར་བ་བསྐྲུན་པ།
ད་ལོ་མདོ་སྨད་ཕྱོགས་སུ་བོད་ཀྱི་སྐད་ཡིག་སློབ་ཚན་བཅོས་བསྒྱུར་གྱི་ལས་འགུལ་ཁྲོད། བོད་པ་ལ་རྨ་ཁ་གསར་བ་ཞིག་གཏོད་པ་དང་། རྨ་ཁ་དེའི་ཁྲོད་ནས། བོད་ཀྱི་མི་རབས་གཞོན་བ་ཚོར་གཉིད་ལས་སད་མགོ་རྩོམ་ཀྱིན་ཡོད། དེའང་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་ཁོ་བོའི་གྲོགས་པོ་ཞིག་དང་འདི་ཟླའི་ཕྱི་ཚེས་༣ གི་དགོང་མོར་ཁ་པར་ལམ་ནས་གླེང་མོལ་བྱས་དོན་དུ།




2010.11.04 05:28:54
sago༈ བོད་ནང་གི་རྩོམ་པ་པོ། སྒོ་ཡོན་ལགས་ཀྱིས། ཉེ་ཆར་བོད་ནང་སྐད་ཡིག་གི་བདག་དབང་འཕྲོག་བཞིན་པ་ལ། རྒྱལ་སྤྱིའི་ཁྲིམས་དང་། མ་ཁེ་སའི་གཞུང་ལུགས། དགྲ་གཞུང་རང་གི་ཁྲིམས་ལུགས་སོགས་ལ་ཁུངས་བཏུགས་ནས། མི་འཐད་པའི་རྒོལ་ལན་གྱི་དཔྱད་བརྗོད་རྩོམ་ཡིག་ཞིག་སྤེལ་བའི་ང་ཚོའི་སྐད་ཡིག་གང་ན་ཡོད། ཅེས་པ་དེ་འདི་ནས་འོས་སྦྱོར་ཞུ་གིན་ཡོད། རྩོམ་པ་པོ་ཁོང་ནི། ཁམས་བྲག་མགོ་ནས་སྐྱེས་པ་ཞིང་། གསེར་རྟ་བླ་རུང་དགོན་ནས་སློབ་སྦྱོང་གནང་བའི་གཞོན་སྐྱེས་རྩོམ་པ་པོ་ཞིག་རེད།





2010.10.28 10:39:47
བོད་དོན་དྲིལ་བསྒྲགས་ཆེད་འཛམ་གླིང་ནང་བསྐོར་བསྐྱོད་པ་ལྷག་པ་ཚེ་རིང་ལགས་བཙན་བྱོལ་བོད་ཀྱི་རྒྱལ་སར་འབྱོར་བ། འདི་ཟླའི་ཚེས་ ༢༨ དེ་རིང་ཕྱི་དྲོ་ཆུ་ཚོད་ལྔ་བའི་ཐོག་ས་གནས་རྡ་རམ་ས་ལ་རུ། བོད་དོན་དྲིལ་བསྒྲགས་ཆེད་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་འཁོར་སྐྱོད་བྱེད་ཀྱིན་པའི་སྐུ་ཞབས་ལྷ་པ་ཚེ་རིང་ལགས་འབྱོར་སོང་། སྐབས་དེར་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་དང་སྣེ་ལེན་འོག རྡ་སའི་བོད་པའི་སྦག་སྦག་གཏོང་མཁན་བཅོ་ལྔ་ཉི་ཤུ་ཡན་མན་ཞིག་གིས། ཁོང་ཉིད་སྦག་སྦག་ཐོག་ནས་ཕེབས་བསུ་དང་། ཁྲོམ་བསྒྲགས་བྱས་ཞོར། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། གཏམ་བཤད་ཀྱི་གོ་སྒྲིག་ཞིག་གནང་སོང་།




2010.10.26 01:57:59
༄། །ལྷ་ས་དང་དར་རྩེ་མདོའི་སློབ་མའི་ངོ་རྒོལ
༈ ང་དང་གྲོགས་པོ་ཚོས་མདུན་ལམ་དེ་དེད་ནས་ལྷ་སའི་བར་སྐོར་ནང་། གཡས་སྐོར་གྱིས་སྐྱོད་བཞིན་པའི་སྐབས་ཤིག་ངའི་ལག་ཁྱེར་ཁ་པར་གྱིས། ཁ་པར་ཐོན་ཐལ། ཁ་པར་ཐོན་ཐལ་ཟེར་བའི་གླུ་དབྱངས་ཉན་སྤྲོ་བ་དེ་གཏོང་བྱུང་། ཁ་པར་གྱི་ཨང་གྲངས་ནི། ༡༣༩༩་་་་་་སོགས་བྱས་པ་ཞིག་རེད། ངས་འཁྲིས་ཀྱི་གྲོགས་པོ་ལ་དགོངས་དག་ཞུས་པ་དང་ཁ་པར་བླངས། “ཨ་རོགས། ཁྱེད་བདེ་མོ་ཨེ་ཡིན།




2010.10.22 07:44:36
རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ནིག་ཡོག་གྲོང་ཁྱེར་ནང་ཡོད་པའི་རྒྱལ་སྤྱིའི་བུད་མེད་ཀྱི་གསར་འགོད་ཐེབས་རྩ་ཚོགས་པས་སྤྱི་ལོ་༢༠༡༠ལོའི་གསར་འགོད་པའི་བྱ་དགའ་དེ་བོད་ཀྱི་བུད་མེད་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་ལགས་ཐེ་པའི་བུད་མེད་བཞི་ལ་གནང་ཡོད་པ་དང་བྱ་དགའ་འབུལ་




2010.10.21 02:14:11

དེ་རིང་གི་སྙན་ངག་ཞིག
ཕ་ས་དང་བསྡེབས་ནས་འཕྱུར་དུས་
དེ་རིང་གི་སྙན་ངག་ཞིག་
ཐད་བརྗོད་ཀྱི་གནས་ལུགས་དང་བསྡོངས་ནས་འདི་ལྟར་ཤོར་དུས
ཁྱེད་ཀྱིས་དང་ལེན་ཐུབ་བམ?





2010.10.18 07:18:03
འབའ་སྐལ་བཟང་གི་དྲྭ་ཚིགས་གསར་བའི་གསར་འགྱུར།

འབའ་བ་སྐལ་བཟང་ཕྲིན་ལས་ལགས་ཀྱི་དྲྭ་ཚིགས་༼ཟུངས་ཁྲག་གི་འགྱུར་ཁུག༽ཞེས་པ་ལེགས་གྲུབ་ཡོང་བཞིན་པའི་གཏམ་བཟང་ཞིག་གྲགས་པ་དང་། ངས་ཀྱང་ཅི་ཞིག་རེ་བ་ཁྱེར་བཞིན་སྤྲོ་སྣང་ཞིག་དང་ལྡེབས་ནས་ཁོང་གི་གཞིས་ཁྱིམ་དེར་སོང་མོད། རིག་མཛོད་འཕྲུལ་ཆས་འཁོར་རིམ་བཞིན། ང་རང་ཧོབ་སྟེ་སེམས་པ་སྐྱོ་ལྷང་ངེ་བ་ཞིག་བྱུང་།





2010.10.15 07:18:16
༅ ། །དྲྭ་ཚིགས་ལ་རིན་ཐང་བསྐྲུན་སྟངས།།
དྲྭ་ཐོག་ཏུ་ཡོང་ནས་ཁ་རྒྱག་བཤད་པ་དང་། དོན་མེད་དང་གཞི་མེད་ཀྱི་སྐུལ་འདེབས་གནང་བ། དེ་ལས་ཀྱང་ཡི་གེ་འགའ་མཉམ་དུ་བསྒྲིགས་ནས་ཟིན་བྲིས་སུ་སྤེལ་བ་སོགས་ལས་སླ་ཞིང་། དངོས་མིང་དང་། དངོས་མིན་མིན་པའི་རང་ས་ནས་རང་དབང་ལྟར་སྣང་ཡང་། དེ་ལའང་དམ་གཟབ་དགོས་ས་དང་། འགན་ཁུར་དགོས་ས། དེ་ལས་ཀྱང་སྡིང་ཆ་འདི་ངོས་ཟིན་ཤིང་འདིར་འཁོད་པ་དང་། དྲྭ་ཚིགས་འདིའི་ཐོག་མའི་དམིགས་ཡུལ་ལ་བསམ་ཤེས་རེ་ངེས་པར་དུ་གནང་དགོས།




JPAGE_CURRENT_OF_TOTAL