བསམ་ཚུལ་འདི་སྔོན་མ་དྲ་གྲོགས་ལྷ་སྨོན་ལགས་ཀྱིས་བཀའ་ཁྲིའི་འོས་གཞི་རུ་བཀའ་ཟུར་གསུམ་བཏོན་པའི་བགྲོ་གླེང་སྐབས་རང་ཉིད་ཀྱིས་བསམ་ཚུལ་བྲིས་པ་ཞིག་ཡིན་མོད། དེང་སྐབས་བརྗོད་གཞི་དེའི་ཐོག་འབྲེལ་མེད་ཀྱི་རྩོད་པ་མང་དག་ཅིག་མུ་མཐུད་དུ་བྲིས་ནས་བརྗོད་གཞི་ངོ་མ་གུད་དུ་ལུས་པ་ལྟ་བུ་ཆགས་འདུག དེར་བརྟེན་རང་ཉིད་ཀྱི་བསམ་ཚུལ་གང་ཡོད་པ་དེ་འདིར་བསྐྱར་དུ་བརྗོད་གཞི་རུ་བཀོད་ཡོད་པ་འདིའི་སྐོར་ལ་ལྟ་ཚུལ་གང་ཡོད་དྲ་གྲོགས་རྣམས་ཀྱིས་ཐད་ཀར་བརྗོད་གཞི་རང་དང་འབྲེལ་བའི་ཐོག་ནས་བགྲོ་གླེང་གནང་རོགས། ངའི་ངོས་ནས་གཤམ་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ནས་འབུར་དུ་ཐོན་པའི་འབུམ་རམས་པ་གསུམ་བཀའ་ཁྲིའི་འོས་གཞི་རུ་འཚམས་སྦྱོར་ཞུ་རྒྱུ་ཡིན།
གཅིག འབུམ་རམས་པ་(Dr.)དཀོན་མཆོག་བརྩོན་འགྲུས།
གཉིས། འབུམ་རམས་པ་(Dr.)བློ་བཟང་སེང་གེ།
གསུམ། འབུམ་རམས་པ་(Dr.)ངག་དབང་རབ་རྒྱས།
ཁོང་གསུམ་གྱི་ངོ་སྤྲོད་མདོར་བསྡུས་རེ་གཤམ་དུ་བཀོད་ཡོད་པས་དེར་གཟིགས་རོགས་ཞུ།
 |
|
བྱང་བུ།:
|
|