བོད་ཀྱི་བང་ཆེན། ཟིན་བྲིས་རྣམས་ལ་གཟིཌ། 9816387411 དེང་སང་རྒྱ་ནག་བུད་མེད་ཀྱི་གོ་དབང༌།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文
2010.03.15 00:19:45
དེང་སང་རྒྱ་ནག་བུད་མེད་ཀྱི་གོ་དབང༌།

དེང་སང་རྒྱ་ནག་བུད་མེད་ཀྱི་གོ་དབང༌།

ཟླ་གསུམ་པའི་ཚེས་བརྒྱད་ཉིན་ནི་རྒྱལ་སྤྱིའི་བུད་མེད་དུས་དྲན་གྱི་ལོ་ངོ་བརྒྱ་ཏག་ཏག་ཕྱིན་པའི་ཉིན་མོ་རེད། རྒྱལ་སྤྱིའི་གསལ་ལམ་ཁག་ནས་དེའི་སྐོར་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནས་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་སྐོར་ལ་སྙན་ཐོ་ཞིག་སྤེལ་བའི་ནང་རྒྱ་གར་ནག་གཉིས་སུ་ཕོ་མཆོག་མོ་དམན་གྱི་ལྟ་བ་དང་གདམ་ཁ་ཡོད་པའི་ཐོག་གིས་ཕྲུ་གུ་བུ་མོ་མང་དག་གཅིག་མངལ་ནས་བཀག་པའི་རྐྱེན་གྱིས། རྒྱལ་ཁོངས་སུ་བུད་མེད་གྲངས་ཁྲི་8500ཉུང་དུ་སོང་ཡོད་པའི་སྐོར་འཁོད་འདུག

 

ལོ་ཤས་རིང་ཤར་གླིང་ཡུལ་གྲུ་ཁག་ཏུ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་འགྲོ་བཞིན་པ་ཡིན་ཡང་ཤར་གླིང་བུད་མེད་ཁྲི་སྟོང་ཕྲག་མང་པོར་དེའི་རྐྱེན་གྱིས་ཁེ་ཕན་གང་ཡང་རག་མེད་པ་རེད། བུད་མེད་ཀྱི་གོ་དབང་མཐོར་འདེགས་དགོས་ན་བུད་མེད་རྣམས་དཔལ་འབྱོར་དང་ཆབ་སྲིད་གོ་དབང་དུ་འཛུལ་བཞུགས་ཡོད་པའི་སྒོ་ནས་ཁྲིམས་ལུགས་ཀྱི་སྲུང་སྐྱོར་བཅས་ཕྱོགས་གསུམ་ཐོག་ནས་འདྲ་མཉམ་གྱི་ཁེ་དབང་རག་ཐབས་བྱ་དགོས། དེར་ལྟ་ཕྱོགས་སྣ་ཚོགས་ཡོད་ཀྱང་དཔལ་འབྱོར་གྱི་གོ་གནས་དང་ཆབ་སྲིད་ཀྱི་ཁེ་དབང༌། དེ་བཞིན་ཁྲིམས་མཐུན་གྱི་སྲུང་སྐྱོབ་ནི་བུད་མེད་ཀྱི་སྤྱི་ཚོགས་ཀྱི་གོ་གནས་མཐོར་འདེགས་བྱ་བའི་རྩ་བའི་རྨང་གཞི་གསུམ་ལ་ངོས་འཛིན་བྱེད་མཁན་ཡོད་པ་རེད། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་དེའི་ནང་རྒྱ་གར་ནག་གཉིས་སུ་ཕོ་མཆོག་མོ་དམན་གྱི་ལྟ་བ་ཤུགས་ཆེར་གནས་ཡོད་པ་མ་ཟད། ཡ་གླིང་དུ་ཕྲུ་གུ་ཕོ་མོ་གཉིས་གྱི་བསྡུར་ཚད་གྲངས་ནི་ཕོ་119དང༌། མོ་100ཡིན་ཞིང༌། གྲངས་ཀ་དེ་ནི་རྒྱལ་སྤྱིའི་ཐོག་ནས་ཕོ་མོ་བསྡུར་ཚད་ཀྱི་གྲངས་107དང༌། 100གཉིས་ལས་ཧ་ཅང་མཐོན་པོ་སྐོར་འཁོད་ཡོད།

 

སྙན་ཐོའི་ནང་ད་དུང་ཡ་གླིང་བུད་མེད་རྣམས་འཚོ་སྤྱོད་ཐད་ཉེན་ཁ་ཆེན་པོ་འཕྲད་བཞིན་པ་དང༌། དེ་དག་ལ་སྨོན་བཅོས་ཀྱི་རོགས་སྐྱོན་ཞན་པ་དང་འཚོ་བཅུད་ཉམས་པ། དེ་བཞིན་གདམ་ཁ་ཡོད་པའི་སྒོ་ནས་ཕྲུ་གུ་བུ་མོ་མངལ་ནང་བསད་པ་བཅས་ཀྱིས་ཡ་གླིང་ཡུལ་གྲུ་ཁག་ནང་བུད་མེད་གྲངས་ཁྲི་9600ཉུང་དུ་ཕྱིན་པ་དང༌། གྲངས་ཀ་དེ་མུ་མཐུན་འཕར་བཞིན་པའང་གསལ་ཡོད། གྲངས་ཀ་དེའི་ནང་རྒྱ་གར་ནག་གཉིས་ཀྱི་བུད་མེད་གྲངས་4260ཚུད་ཡོད་པ་རེད།


དེ་མིན་བུད་མེད་ཀྱི་ཆབ་སྲིད་གནས་སྟངས་སྐོར་ལ། ཡ་གླིང་གི་ལྷོ་ཕྱོགས་ས་ཁུལ་དུ་བུད་མེད་རྣམས་ལ་ཁྱིམ་མིའི་དྲག་ཤུགས་འགོག་པ་དང༌། འཕྲོད་བསྟེན་གྱི་ཁེ་དབང་ཐད་རོགས་སྐྱོར། དེ་བཞིན་སློབ་གསོ་དང་ལས་འཇུག དེ་མིན་ཆབ་སྲིད་ཀྱི་གོ་དབང་རྩོད་ལེན་བཅས་ཐད་ཀྱང་རྒྱལ་སྤྱིའི་ཨང་རིམ་ནས་མཇུལ་མཐར་ལུས་ཡོད་པར་གསལ་ཞིང༌། དེ་བས་མི་ནག་རྒྱལ་ཁབ་ཀྱི་ལྷོ་ཁུལ་དུ་དེའི་སྐོར་གྱི་གནད་དོན་ཚབ་ཆེན་ཡོད་པ་རེད། སྙན་ཐོའི་ནང་ཡ་གླིང་ཁུལ་གྱི་བུད་མེད་ཀྱི་གནས་དོན་ཐོག་གསུམ་མདོའི་ལམ་ཁ་ལྟ་བུའི་གནས་སྟངས་ལ་ཁ་ཕྱོགས་དགོས་པ་དང༌། བུད་མེད་ཀྱི་གོ་དབང་ནི་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་དེའི་སྐོར་མཐོང་ཆེན་གྱི་ཚད་གཞིར་ལྟ་དགོས་པའི་སྐོར་འཁོད་འདུག་ལ། བུད་མེད་ཚོ་སྤྱི་ཚོགས་ཀྱི་གོ་དབང་ནས་མཐོར་འདེགས་དགོས་ཚེ། ངེས་པར་དུ་བུད་མེད་རྣམས་དཔལ་འབྱོར་ཐོག་གི་ནུས་ཤུགས་སྤེལ་ཐབས་ལ་ཤུགས་གནོན་རྒྱག་དགོས་པ་དང༌། ཆབ་སྲིད་ནང་བཞུགས་ཐབས་དང༌། ཁྲིམས་མཐུན་གྱི་སྲུང་སྐྱོབ་བཅས་ཕྱོགས་གསུམ་ནས་འདྲ་མཉམ་གྱི་དབང་ཆ་རྩོད་དགོས་པའི་སྐོར་ཡང་འཁོད་འདུག་གོ།




2010.03.22 00:55:54
ཁྱེད་ཀྱིས་རྩོམ་ཡིག་འདི་ལྟར་མུ་མཐུད་དེ་བྲིས་དང་འབྲི་བཞིན་པ་ལ་བཀའ་དྲིན་ཆེ་ཞུ་བཞིན་ཡོད།