བོད་ཀྱི་བང་ཆེན། ཟིན་བྲིས་རྣམས་ལ་གཟིཌ། བོད། ལྷ་ཀླུ་གཉན་གསུམ། རིགས་རུས་ཀྱི་འགྱུར་བག་ཁྲོད་ནས་ངུས་པ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文
2010.03.16 16:28:53
རིགས་རུས་ཀྱི་འགྱུར་བག་ཁྲོད་ནས་ངུས་པ།


ཕར་ལ་དེད་ཀྱང་ཚུར་ལ་འཁོར་ནས་འོང་།།
ཚུར་ལ་འཁོར་བ་དེ་ཡི་ཁ་མི་གྲགས་པ།།
ཚོར་བའི་སྣང་བརྙན་འདི་ཡི་སྔ་གཞུག་དུ།།
རང་ཉིད་བོད་པ་ཡིན་པ་ཡང་ཡང་དྲན།།


དྲན་པ་གོར་མོ་རི་མགོའི་དར་ལྕོག་བཞིན།།
རླུང་འཚུབ་དྲག་པོས་ཡང་ཡང་བསྐྱོད་ཐེངས་ཤིག།
འགྲོ་འདུག་བསྐྱོད་གསུམ་གསུབ་ན་བཞུར་བ་འདིས།།
རང་གི་སྐྱི་འབག་འདི་ལ་ཤེད་ཅིག་སྩལ།།

དཀར་པོ་དུང་ལ་བརྒྱུས་པའི་བསམ་གཞིགས་དང་།།
དམར་པོ་མེ་ཡི་བསྲེག་པའི་ཞེན་རྩ་དང་།།
ལྷོག་ལྷོག་ཁོང་ནས་བརྡོལ་བའི་སྙིང་ཆུང་གིས།།
རིགས་ཞེན་དྲི་མ་མེད་པའི་ཚུལ་ཞིག་མངོན།།

ཐག་རིང་བྱང་གི་ཡུལ་ན་འཚོ་བ་ཡི།།
ས་ཡ་དྲུག་གི་ངོ་ཚབ་བོད་མི་རྣམས།།
ཉིན་མཚན་རང་དབང་མེད་པའི་ཁོར་ཡུག་ན།།
ཁྲག་དང་བརྣག་གི་རྨ་ཁ་བསམ་དུས་སྐྱོ།།

བྱེས་སུ་རང་ཁ་གསོ་བའི་ངན་གཤིས་དང་།།
ཕྱི་རུ་བུད་ནས་སྒོར་མོའི་བྲན་གཡོག་མཁན།།
རིགས་ཞེན་མེད་པའི་བོད་མི་གཟུགས་ཙམ་དག།
མཐོང་བའི་ཚེ་ན་སྙིང་ཁར་གཟེར་ཤད་རྒྱག།

མཐོ་སར་འགྱིང་བའི་དཔོན་པོ་བརྗིད་ཉམས་ཅན།།
དམའ་སར་བསྡོད་པའི་ཁེ་བཙོང་ཙག་ཙག་མཁན།།
གཅིག་ལས་གཅིག་མགྱོགས་དཔལ་འབྱོར་ཁོ་ནའི་ཆེད།།
གཞན་སྐད་སྤྱང་ནས་རང་སྐད་དོར་དུས་སྡུག།

མི་ཤེས་ཟེར་ནས་བསྡོད་པ་བཟང་དུ་བརྩི།།
མ་རིག་ཟེར་མཁན་དྲང་བོའི་མི་ལ་འདྲེན།།
མ་གོ་ཟེར་ན་མི་གཤིས་འཇམ་པོར་རློམ།།
བྱེད་སྟངས་འདི་ཚོས་རིགས་རུས་གཡང་དུ་དེད།།




2010.03.17 01:07:27
ང་ཚོའི་སྤྱི་ཚོགས་འདི་ནི་ནད་ཅན་རེད།

སྤུན་ཟླ་ཁྱེད་ཀྱིས་གསུང་བ་ཧ་ཅང་བདེན།
ཡིན་ཡང་དེ་ཙམ་གྱིས་ཀྱང་ག་ལ་ཚད།
ངས་ཀྱང་རིགས་སྐྱོན་ཚིག་འགས་སྐྱོན་མཚང་འགའ།
ད་དུང་འདི་བཞིན་འདུགོ་ཚུར་ལ་གསོན།


རྒན་རབས་དག་ལ་གཟུགས་ཕུང་འཕྲོད་བསྟེན་དབེན།
ཉི་མ་ཕར་ལ་བསྐྱེལ་ཞིང་ཚུལ་ལ་བསུ།
ཁ་ནས་མ་ཎི་བགྲང་ཁུལ་རྫུན་ཆོས་ལས།
དོན་དན་རྨོངས་དད་ངར་མོས་ཚོས་ནས་ཡོད།

གཞོན་དར་ངར་མ་ཚོགས་ལ་འུར་སྒྲ་རྒོད།
གནམ་ས་དབང་བསྒྱུར་ལྟར་གྱི་ཁེངས་གཏམ་མང༌།
དོན་དམ་ནད་ཅན་སྤྱི་ཚོགས་གང་ས་རུ།
ཤེས་འཇོན་ཅན་གྱི་དཔུང་སྡེ་སྟོང་ནས་ཡོད༌།

བུད་མེད་ཨ་མ་དག་ཀྱང་འདུར་རྒྱུག་རྒོད༌།
གང་སར་སྤྲང་འཁྱམ་ཙམ་ལས་ཡ་རབ་དབེན།
ཕྱི་ཚུལ་མཛེས་བཟོ་དག་ལ་ཧ་ཅང་བརྩོན།
བཟའ་ཚང་ཕུང་དཀྲུག་ལས་ལ་ཤིན་ཏུ་བསྙེས།

ལོ་ཆུང་རྣམས་ཀྱང་རྣམ་གཡེང་ལས་ལ་དགའ།
ཤེས་བྱ་ཡོན་ཏན་ཀུན་ལ་བརྩོན་འགྲུས་ཞན།
ཕོ་མོ་བརྩེ་དུང་ལ་ཡང་རྨོངས་དད་ཀྱིས་།
དོན་དམ་བཟང་སྤྱོད་མེད་ཅིང་ཁེར་རྐྱང་མང༌།

ད་དུང་འདི་བཞིན་ལས་ངན་མང༌པོ་ཡིན།
ད་ནི་ཚིག་བཅད་འགའ་ཡིས་ཇི་ལྟར་འགྲེལ།
སྐྱོ་གདུང་སེམས་སུ་འཚང་ཡང་སྨྲ་སྒོ་འགག
ཉིན་མཚན་གསུམ་ལ་བཤད་ཀྱང་རྫོགས་མཐའ་མེད། །

 
2010.03.17 08:28:49
གངས་ལྷ་མོ་ལགས།

ཤར་མར་སེམས་ནས་བརྡོལ་བའི་ཚིག་བཅད་འདིས།།
མ་གསང་ངག་ལས་ཤོར་བའི་མདའ་མོ་འདི།།
ཉག་ཕྲན་གཞི་ལས་འཕངས་པའི་མེ་ཏོག་ཕྲེང་།།
བོད་མི་སུ་ཡིས་མཐོང་ཚེ་འདར་སྲིད་རེད།།