The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2012.02.02 23:51:13
༄༅།། བྱང་མཐའི་མྱོང་ཚོར་དམར་པོ།

 

༄༅།།  བྱང་མཐའི་མྱོང་ཚོར་དམར་པོ།

  གདུང་བ་དམར་པོ་ཞིག་གི་ཡུལ་ལུང་འདི་ནས།།
སུན་སྣང་བརྩེགས་མ་ཞིག་གི་འོག་རུམ་ཁྲོད་ནས།། 

  འཇོན་མདོག་མཁས་མདོག་འཁྲབ་སའི་གཡུར་ས་འདི་ནས།། 

སེམས་ཀྱི་དྲོད་སྣང་གཏོར་བའི་ན་ཟུག་བཞག་སོང་།།


 

   ཕ་ཁྱིམ་ཇག་པའི་གཏོར་བའི་ལོ་ཟླ་སྐྱུར་མོ།།

  སྤུན་ཟླའི་ཚེ་སྲོག་ཤོར་བའི་རང་ས་འདི་ནས།། 

   འོད་ཀྱི་ཕུགས་བསམ་ཡལ་བའི་གངས་རིའི་འགྲམ་ནས།། 

ཉི་ཟླའི་དྲོད་ཁོལ་ཡལ་བའི་ལོ་ཟླ་འདི་རེད།།

  དབའ་བོ་སྟག་འབྲོང་སྐྱེས་སའི་ཕ་ས་འདི་ནས།།

  དབའ་མོའི་ཡུམ་སྐད་གླེང་སའི་གནམ་འོག་འདི་ནས།།

  སྐྱོ་སྣང་གྲང་རླུང་ཁྲོད་ནས་ལས་དབང་ལྕི་མོ།།

  སེམས་ཀྱི་དཀྱིལ་ལ་ལྡང་བའི་ལྷགས་རླུང་འདི་རེད།། 

ཞེ་མཁོན་ནག་པོ་ཞིག་གི་ལས་དབང་གཤགས་ཐལ།། 

སྐྱོ་གདུང་འཕར་མ་ཞིག་གི་སེམས་ཁམས་གཙབས་ཐལ།། 

ཁྲག་རྒྱུན་དྲོན་མོ་ཞིག་གི་ཡུལ་ཁམས་གང་ཐལ།། 

  མིག་ཆུ་གྲང་མོ་ཞིག་གི་སེམས་པ་འཁྱག་ཐལ།། 

  གསེར་ལྡོམ་གངས་སྐྱེས་བུ་ངའི་ཧི་མ་ཅལ་ནས།།

  མྱོང་ཚོར་ལྷོག་ལྷོག་ལྡང་བའི་ཁ་རླང་དྲོན་མོ།། 

བྱང་ཕྱོགས་དྷ་སའི་རི་ནས་ཡིག་ཐོག་ཕབ་སྟེ།།

  མ་བཅོས་སེམས་ཀྱི་འཆར་ཡན་འདི་ནས་ཤོར་ཐལ།།

བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་དྷ་རམ་ས་ནས་གསེར་རྟ་
བསོད་ནམས་ཕུན་ཚོགས་སམ་དབལ་ཤུལ་འབྲོང་སྲས་སུ་འབོད་པས་

ཞོགས་པ་དུསཚོད་དྲུག་དང་སྐར་བཅུ་དྲུག་རིང་ལ་སུག་བྲིས་བགྱིས་སོ།།   ༡༠༠༢   ༡   ༣

 


བྱང་བུ།:


2012.02.03 05:43:39
དགའ་སྐྱོ་གླུ་རུ་བླངས་པའི་སྙན་འགྱུར་གྱི་དབྱངས་རྟ།།
དགའ་བའི་དྲན་འཛིན་དབྱིངས་ནས་དྲྭ་ཐོག་ཏུ་མགུར་བཞིན།།
དགའ་དགའི་འཛུམ་མདངས་ཆུང་ཆུང་ངེད་ཕྱོགས་སུ་བརྐྱངས་དུས།།
དགའ་དགའ་སྟོང་གི་དབུགས་རིང་ཁྱེད་ཕྱོགས་སུ་ཤོར་སོང་།།

སྐྱོ་བའི་དུང་བ་མོད་པོ་སྣང་བརྙན་དུ་བཞེངས་ཤིང་།།
སྐྱོ་སྐྱོའི་ལམ་ཕྲེང་སྣ་ཚོགས་རྩིག་ལྡེབས་སུ་དཔར་ནས།།
སྐྱོ་གདུང་བརྩེགས་མའི་འཚོ་བ་མི་ཡུལ་ན་རྫོགས་པའི།།
སྐྱོ་གུར་གླུ་རུ་ལེན་པའི་གྲོགས་ཁྱེད་ལ་དུངས་སོང་།།

 
2012.02.03 05:50:35
ཞོག་པ་ཐོ་རང་ཉམས་ཀྱི་སྣང་བ་ལ། མ་བཅོས་སེམས་སུ་བཅོས་མས་འཆར་ཡན་ཞིག། ཐོལ་བྱུང་ཀློང་རྡོལ་ཡིན་པ་སྨོས་ཅི་དགོས། ཁྱེད་རང་བཞུགས་སའི་ཐག་ཉེ་གང་རུང་ནས། ཆོས་བདག་མ་དང་འཕྲད་པར་སྦྱིན་གྱིས་རློབས།

 
2012.02.03 23:36:01
སྤྲེལ་ལོ་ལགས་ཀྱི་སེམས་ཀྱི་ཚོར་འདུ་རྗེན་པ་ཞིག་སེམས་གཏིང་ནས་སྤེལ་བ་ལ་བསྔགས་པ་ལ་རྗེས་སུ་ཡིན་རིང་ཡོད་་་་་་་་་་