The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2012.02.07 07:09:56
རྩོམ་བརྡ།

༄༅།།མཁྱེན་དཔྱོད་མཆོག་ཏུ་ཡངས་པའི་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ།

                                                   འབོད་སྐུལ་ཞུ་རྒྱུར། འདི་ནས་ངེད་གྲྭ་རྐྱང་སྐོར་ཞིག་གིས་འུ་ཚོ་མི་རིགས་འདིའི་ལས་དབང་གི་གླེང་སྟེགས་ཤིག་སྟེ་<<ཆིག་སྒྲིལ>>ཞེས་པ་ཞིག་ཡུལ་དུས་དང་འཚམས་པའི་དམིགས་བསལ་གྱི་དུས་དེབ་ཅིག་གང་མགྱོགས་འདོན་འཆར་ཡོད་པས་རྣམ་པ་ཚོས་འདིའི་ནང་གི་ལེ་ཚན་ཁག་དང་ཁ་བྲལ་ཐབས་མེད་པའི་རྩོམ་ཡིག་གང་མང་ཞིག་ངེད་རྩོམ་སྒྲིག་པ་དག་ལ་རྒྱབ་སྐྱོར་ཚུལ་གྱི་གང་མགྱོགས་བསྐུར་གནང་ཡོང་བར་ཞུ་རྒྱུ་དང་།


ད་དུང་གསལ་བཤད་ཅིག་ཞུ་རྒྱུར་དུས་དེབ་འདི་ནི་དམིགས་བསལ་གྱི་དུས་དེབ་ཅིག་ཡིན་པས་ལོ་རེར་རེ་རེ་བཏོན་ཐུབ་མིན་ནི་དཔལ་འབྱོར་གྱི་མཐུན་རྐྱེན་དང་ཡུལ་དུས་སུ་བབ་མིན་ལ་བལྟ་རྒྱུ་ཡིན།

<<འདིའི་ནང་གི་ལེ་ཚན་ཁག་>>

1འདས་ཟིན་གྱི་མི་རིགས་འདིའི་ལོ་རྒྱུས་ཁྲོད་ཀྱི་དཔྱད་གླེང་དང་། 

 2ད་ལྟའི་མེ་ལྕེ་ཁྲོད་ཀྱི་འདས་གསོན་གཉིས་ཀ་ལ་ཕུལ་བའི་མྱ་ངན་གྱི་རྗེས་དྲན།

3འབྱུང་འགྱུར་མི་རིགས་འདི་ཉིད་ཀྱི་ཁ་ཕྱོགས་ཀྱི་དཔྱད་གླེང་གསུམ་གྱི་ནང་དུ་འདུས་ཡོད། 

 རྩོམ་ཡིག་གི་མང་ཉུང་ལ་ཚད་བཀག་མེད་ཅིང་བཅད་ལྷུག་དང་རང་མོས་གང་ཡིན་ཡང་རུང་མོད། འོན་ཏང་འདོན་ཐེངས་འདིའི་རྩོམ་བསྡུར་གྱི་དུས་ཚིགས་གཤམ་གསལ་ལྟར་ངེད་རྩོམ་སྒྲིག་ཁང་དུ་ངེས་འབྱོར་ཐུབ་པ་དགོས། <<ཚན་པ་གསུམ་གྱི་ནང་ནས་གཙོ་བོ་ལེ་ཚན་གཉིས་པ་སྟེ་སྐབས་སུ་བབ་པའི་མྱ་ངན་གྱི་རྩོམ་ཡིག་མཁོ་ཤས་ཆེ་བ་ཡོད།> >རྩོམ་བསྡུར་གྱི་དུས་ཚིགས་ནི་སྤྱི་ལོ། ༢༠༡༢་་་སྤྱི་ཟླ་་་༢་་་༧་ནས།  ༢༠༡༢་་་་་༢་་་་༢༡་་་ནང་ཚུད་དུ་ངེས་འབྱོར་དགོས།

འབྲེལ་གཏུགས་བྱ་ཡུལ།  This e-mail address is being protected from spambots, you need JavaScript enabled to view it ལག་ཐོག་ཁ་པར།     ༨༨༩༢༩༨༥༣༣༡


བྱང་བུ།:


2012.02.09 19:14:36
ཆིག་སྒྲིལ་ཞེས་པའི་རྩོམ་སྒྲིག་པ་ཚོར། ཡིད་རངས་དང་གུས་འདུད་མཉམ་དུ་ཞུ་གི་ཡིན། ད་ལྟའི་དུས་འདིར་ལས་འགུལ་ལམ་ལས་ཀ་འདི་འདྲ་ང་ཚོའི་གནས་བབ་ཀྱི་ཆ་ནས་སྤེལ་ཐུབ་ན་ཡག་པོ་འདུག གུས་པས་ཀྱང་དུས་ཚོད་དང་ནུས་པས་འདང་ན་རྩོམ་ཞིག་བསྐུར་ངེས་ཡིན། ཐུགས་རྗེ་ཆེ།

 
2012.02.09 19:58:16
དྲང་བདེན་ལ་རྒྱབ་སྐྱོར་བྱས་པར་དགའ་ནས་བསྡད་ཡོད། ཤ་ཉེ། ཚེ་རིང་རྒྱུ་བོ། ད་ལྟའི་དུས་འདིར་ལས་དོན་འདི་འདྲ་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་ཉུང་རེད།ད་དུང་སེམས་སུ་འདྲ་མིན་དྲན་མཁན་ག་ཚོད་ཡོད་རེད། དངོས་ཤུགས་བརྒྱུད་གསུམ་ནས་ལས་དོན་འདི་ལ་ཕན་ཐོག་བྱ་དགོས་བསམ་མཁན་ཁྱེད་དང་ཁྱེད་འདྲ་བའི་རྩོམ་ཡིག་རྒྱབ་སྐྱོར་བྱེད་མཁན་ཚོ་རེད།དེ་མིན་ད་དུང་སེམས་ནང་གི་སྐད་ཆ་མང་བས་རྗེས་སུ་ག་ལེ་ཟིན་བྲིས་སུ་འགོད་ཆོག