ངས་མིའི་ཁོངས་སུ་“འདྲེ”་ཞུགས་ནས་མི་དེ་གེའི་བསམ་སྤྱོད་ལ་དབང་བསྒྱུར་གྱི་ཡོད་པ་གོ་བྱུང་ལ། དེ་འདྲ་ཞིག་ཡིན་མིན་གསལ་བོ་ཤེས་ཀྱི་མེད་ཀྱང་འདྲེ་ཞུགས་པ་རེད་ཟེར་བའི་མི་དེ་འདྲ་མཐོང་མྱོང་ཡང་ཡོད། ཆུང་དུས་ཡིན་ན་འདྲེ་ལ་སྐྲག་མྱོང་། ལུས་སེམས་ཀྱི་ན་ཚོད་ཏོག་ཙམ་སྨིན་པའི་རྗེས་སུ་འདྲེ་ཟེར་བ་དེར་ཤེས་སྣང་གིས་མཐོང་འདོད་དང་། འཇིགས་སྐྲག་གིས་མཐོང་ན་མི་འདོད་བའི་ཚོར་བ་འདྲེས་མ་དེ་འདྲ་ཡང་སྐྱེས་མྱོང་། ད་སྐབས་འདྲེ་ཟེར་དུས་ཡོད་མེད་ཀྱི་ཤེས་སྣང་ཞིག་རྒྱུན་དུ་སྐྱེས་ཀྱི་འདུག འདྲེ་ཞིག་དང་དེའི་ཁ་གཏོད་དུ་“ལྷ”་ཟེར་བ་ཞིག་རང་ཉིད་ཀྱི་བསམ་བློའི་ཕྱི་རོལ་ན་ཡོད་སྲིད་རྒྱུ་ཨེ་རེད།
|
|



06:30:42