བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ། བཀའ་ཟུར་ཁྲི་པ་ཨ་ལགས་འཇིགས་མེད།
ད་ལྟའི་ཆར་དྷ་སའི་སྤྱི་ཚོགས་ཁྲོད་བཀའ་བློན་ཁྲི་པ་ཟམ་གདོང་རིན་ཆེ་དང༌། བཀའ་ཟུར་ཁྲི་པ་ཨ་ལགས་འཇིགས་མེད་ཅེས་པའི་མིང་དེ་ཁྱབ་བཞིན་ཡོད་པ་རེད། དེ་ལྟར་ཐོགས་དོན་ནི་ད་ལྟའི་ཆར་བོད་ཀྱི་ཛ་དྲག་གི་གནས་སྟངས་ཧ་ཅང་ཆེ་བའི་དུས་ཚོད་ཅིག་ཡིན་སྟབས་ཉེ་བའི་ཟླ་ཤས་སྔོན་བཀའ་ཟུར་རྣམ་པའི་ལྷན་འཛོམས་ཤིག་གནང་ཡོད་པ་དང༌། དེའི་ཐོག་དོན་ཚན་བཅུ་ཅན་གྱི་གྲོས་ཆོད་ཅིག་ཀྱང་བཞག་ནས་ྋགོང་ས་མཆོག་དང་བཀའ་ཤག་ལ་ཕུལ་ཡོད་པ་མ་ཟད། གསར་འགྱུར་གྱི་བརྒྱུད་ལམ་ཁག་ལའང་ཁྱབ་བསྒྲགས་གནང་ཡོད། དེར་བརྟེན་སྤྱི་ཚོགས་ཁྲོད་གླེང་ཕྱོགས་འདྲ་མིན་སྣ་ཚོགས་ལྷགས་ཡོད་པ་དང༌། ཁག་ཅིག་གིས་སྐྱོན་བརྗོད་དང་ཁག་ཅིག་གིས་བསྔགས་བརྗོད་ཀྱང་གནང་བཞིན་ཡོད་པ་རེད། གང་ལྟར་བཀའ་ཟུར་གྱི་ཚོགས་འདུ་དེ་གོ་སྒྲིག་བྱེད་མཁན་གཙོ་བོ་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ་ཡིན་པ་དང༌། ཁོང་གི་ཕྱག་རོགས་གཙོ་བོ་བཀའ་ཟུར་ལྕམ་རིན་ཆེན་མཁའ་འགྲོ་ལགས་ཡིན་པ་རེད།
|
|



20:59:20