西藏快报 建议 མི་རིགས་དབྱེ་འབྱེད་ཀྱི་གདོང་རིས།

The Tibet Express

选择语种

བོད་ཡིག繁體中文English
  • 註冊
    *
    *
    *
    *
    *
    Fields marked with an asterisk (*) are required.
  • 搜尋

མི་རིགས་དབྱེ་འབྱེད་ཀྱི་གདོང་རིས།

E-mail 列印 PDF
There are no translations available.

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༧༡  ཕྱི་ལོ་ ༢༠༡༢/༢/༡
རྒྱ་དམར་གཞུང་གིས་དུས་རྒྱུན་བོད་མི་རིགས་ལ་བདེ་སྐྱིད་ལྷ་ཡུལ་ལ་འགྲན་པ་ཞིག་ཡོད་པ་དང་། གུང་ཁྲན་ཏང་གི་བཀའ་དྲིན་འོག་བོད་ཡུལ་ཡར་རྒྱས་ཕུན་སུམ་ཚོགས་པ་ཞིག་ཡོད་ཚུལ་ཕྱིར་བསྒྲགས་བྱེད་བཞིན་ཡོད་ལ།

དེ་དང་འབྲེལ་བའི་བརྗོད་ཚིག་མང་པོ་ཞིག་རྒྱ་དམར་གཞུང་གི་དཔོན་རིགས་རྣམས་དང་རྒྱ་གཞུང་གི་གསར་འགོད་པ་དག་གི་ཁ་ལ་བྱང་གོམས་སུ་གྱུར་ཡོད། འོན་ཀྱང་དོན་དངོས་ཐོག་བོད་ཀྱི་ས་ཆ་ཁག་མང་པོ་ཞིག་ཏུ་ཞི་བའི་ངོ་རྒོལ་སྐད་འབོད་གང་མང་ཞིག་ཡོང་གི་ཡོད་པ་དང་། ལྷག་དོན་དུ་གཅེས་པའི་ཚེ་སྲོག་ལ་ཅི་མི་སྙམ་པར་བློས་གཏོང་གིས་བོད་མི་རིགས་དང་བསྟན་སྲིད་ཀྱི་བདེ་དོན་ཆེད་རང་ལུས་མེར་བསྲེག་གཏོང་མཁན་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་གི་ཡོད་པ་ནི། འཛམ་གླིང་མི་མང་གིས་ཤེས་རྟོགས་ཡོད་པ་རྣམས་དང་། འོན་ཀྱང་རྒྱ་དམར་གཞུང་གིས་བོད་མི་ཞི་རྒོལ་བ་དག་གི་ཐོག་ལ་མེ་མདའ་དང་དྲག་མཚོན་ཁོ་ན་བེད་སྤྱོད་བྱས་དང་བྱེད་བཞིན་པའང་ཤེས་རྟོགས་ཡོད་པ་རེད།

ལོ་ཁ་ཤས་ནང་རྒྱ་ནག་གི་ས་ཆ་གང་མང་ཞིག་ཏུ་ཞིང་པ་དང་བཟོ་པ་སོགས་ཀྱིས་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གང་མང་ཞིག་སྤེལ་ཡོད་པ་དང་། ཁག་ཅིག་གིས་ཉེན་རྟོག་པར་རྡུང་རྡེག་བཏང་བ་དང་། ཁང་པ་དང་རླངས་འཁོར་གཏོར་སྐྱོན་བཏང་བ་སོགས་ངོ་རྒོལ་གྱི་རྣམ་པ་མི་འདྲ་བ་མང་པོ་ཡོང་གི་ཡོད་ཀྱང་། བོད་པ་ཞིག་གིས་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་ངག་ནས་བརྗོད་པའམ། ཡང་ན་ཡིག་ཐོག་ཏུ་བྲིས་ནས་སྦྱར་གཏོར་བྱས་པའི་སྐབས། རྒྱ་དམར་གཞུང་གིས་གོ་མཚོན་དང་དྲག་ཤུགས་ཁོ་ན་བེད་སྤྱོད་བྱས་ནས་དམར་གསོད་གཏོང་བཞིན་པ་ལྟ་བུ་ཞིག་རྒྱ་མི་རིགས་ཀྱི་ཐོག་ལ་ད་ལྟའི་ཆར་གཏན་ནས་བྱེད་ཀྱི་མེད། གནད་དོན་འདི་གཅིག་པུའི་ཐོག་ནས་རྒྱ་དམར་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་གསལ་སྟོན་བྱས་ཡོད་ལ། བོད་རྒྱ་མི་རིགས་གཉིས་ལ་འདྲ་མཉམ་གྱི་སྲིད་བྱུས་ཤིག་མེད་པའང་ར་སྤྲོད་བྱས་ཡོད།

ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་བོད་ས་གང་མང་ཞིག་ཏུ་མ་དངུལ་མང་པོ་བཏང་ནས་ཕྱིའི་འཛུགས་སྐྲུན་ཡར་རྒྱས་སུ་གཏོང་བཞིན་ཡོད་ཀྱང་། རང་དབང་དང་ཞི་བདེའི་ཁོར་ཡུག་ཅིག་གཏན་ནས་མེད་པས་དུས་རྒྱུན་འཚེར་སྣང་དང་དངངས་སྐྲག་ཁོ་ནའི་ངང་མི་ཚེ་སྐྱེལ་དགོས་པ་ཞིག་བཟོས་ཡོད། ཞིང་གྲོང་མི་མང་གི་འཚོ་བ་ཡར་རྒྱས་སུ་བཏང་ཡོད་ཅེས་ཕྱི་ཕྱོགས་སུ་སྟོན་ཆེད་ལམ་ཆེན་གྱི་གཡས་གཡོན་རྣམས་སུ་ཁང་རྩེག་བསྟར་པ་མང་པོ་གསར་རྒྱག་བྱས་ཡོད་ཀྱང་། བོད་མི་རིགས་ལ་གདོད་མ་ནས་གོམས་པའི་འཚོ་བའི་གོམས་གཤིས་དང་འཚོ་རྟེན་རྣམས་གཏོར་བརླག་ཏུ་བཏང་ནས་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བཞིན་ཡོད། ད་དུང་བོད་ནང་གི་འཛུགས་སྐྲུན་ཡར་རྒྱས་སོགས་གང་འདྲ་ཞིག་བྱས་ཡོད་ཀྱང་མཐར་ཐུག་གི་དམིགས་ཡུལ་རྒྱ་མི་རིགས་བོད་དུ་གནས་སྡོད་བྱེད་ཐུབ་པ་ཁོ་ནར་དམིགས་ཡོད་པ་ལས། བོད་མི་རིགས་ལ་ཤ་ཚ་དང་སེམས་ཁུར་བྱས་པ་ཞིག་གཏན་ནས་མེད་ཅེས་བརྗོད་ཀྱང་ཆོག

ད་ལྟའི་ཆར་རྒྱ་དམར་གཞུང་གི་ངོས་ནས་འཛམ་གླིང་མི་མང་གི་མདུན་དུ་སྟོབས་ཆེན་དང་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཞི་བདེ་དང་འཆམ་མཐུན་ལ་སྐུལ་འདེད་བྱེད་མཁན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཡིན་པའི་རྣམ་འགྱུར་སྟོན་གང་ཐུབ་བྱེད་བཞིན་ཡོད་ཀྱང་། དོན་དམ་པར་དྲག་ཤུགས་ཀྱིས་ཆབ་འབངས་སུ་བསྡུས་པའི་བོད་མི་རིགས་དང་། ཤར་ཏིརྐི་སི་ཐན་གྱི་ཡུ་གུར་མི་རིགས་སོགས་ཀྱི་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པ་འདི་དག་གི་ཐོག་ནས་རྒྱ་དམར་གཞུང་གི་དཔོན་རིགས་རྣམས་ཀྱི་ངོ་གདོང་ཆུ་ལ་གཡུགས་བཞིན་ཡོད་ལ། འཛམ་གླིང་གི་ཁྱོན་ནས་ལོ་ལྟར་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་ཡང་ནས་ཡང་དུ་ངོས་འཛིན་བྱེད་བཞིན་པས་མཚོན། དོན་དངོས་རྒྱ་དམར་གཞུང་ནི་འདྲ་མཉམ་དང་འཆམ་མཐུན་ལ་རིན་ཐང་ཏིལ་འབྲུ་ཙམ་མི་བརྩི་བའི་རྒྱལ་ཁབ་ཐ་ཤལ་ཞིག་ཏུ་གྱུར་ཡོད།

འོན་ཀྱང་གནད་དོན་འདི་དག་གི་ཐོག་ནས་བོད་མི་རིགས་ལ་བསམ་བློ་གཏོང་ས་ཆེ་ཤོས་ཤིག་ཡོད་པ་ནི། བོད་དོན་ཆེད་ཡིག་ཆ་རེ་ཟུང་ཙམ་ཞིག་སྦྱར་འགྲེམས་བྱས་པ་དང། ཞི་བའི་ངོ་རྒོལ་གྱི་རྣམ་འགྱུར་ཅུང་ཙམ་བསྟན་པའི་སྐབས་སུ་དྲག་གནོན་བྱེད་བཞིན་པ་འདི། རྒྱ་དམར་གཞུང་བདེན་དོན་གྱིས་ཕོངས་ཏེ་ཨ་ཆད་ཨུ་ཐུག་ཏུ་གྱུར་ནས་དྲག་མཚོན་ཁོ་ན་བེད་སྤྱོད་བྱེད་བཞིན་པ་ཞིག་ཡིན་ལ། གནད་དོན་འདིའི་ཐོག་ནས་བོད་ཀྱི་གནད་དོན་དེ་རྒྱ་ནག་གཞུང་གི་ཁུར་པོ་ཆེ་ཤོས་སུ་གྱུར་ཡོད་པའང་གསལ་སྟོན་བྱས་པ་རེད། དེར་བརྟེན་བོད་གཞིས་བྱེས་གཉིས་ནས་སྔར་བཞིན་ཧུར་བརྩོན་བྱས་ན་༧གོང་ས་མཆོག་ཕོ་བྲང་པོ་ཏ་ལར་གདན་འདྲེན་ཞུས་ནས། གཞིས་བྱེས་མཉམ་འཛོམས་ཡོང་བར་དུས་ཡུན་རིང་པོ་ཞིག་སྒུག་མི་དགོས་པ་དང་། རྒྱ་དམར་གཞུང་གི་གྲུབ་ཆ་འདི་ཡང་རང་བཞིན་གྱིས་བརྟན་ལྷིང་མེད་པ་ཞིག་ཏུ་འགྱུར་སྲིད་པའི་སྔོན་བརྡ་རེད་ཅེས་བཤད་མི་ཆོག་པ་མེད།།

 

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

图片新闻

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow