There are no translations available.
བདེན་པའི་སྙིང་སྟོབས་ཕྱིར་དྲན།
གཅིག
ཡུལ་གྱལ་གྱི་འབྲས་སྐྱ་ཟ་ཞིང༌། ཕམ་ཁའི་ཆུ་འཁྱག་འཐུང་དགོས་པ་ནི་སྒེར་དབང་བཙན་པོས་རིགས་མཐུན་ཚོར་འཐེན་པའི་རྒྱང་བསྐྱོད་ཀྱི་ཀྱོག་ལམ་རིང་མོ་ཞིགསེམས་པ་གྲང་ངར་གྱིས་སྡོམ་ཡང་རྩམ་དྲི་དང་ཤ་མར་ཐུད་ཀྱི་རང་གཤིས་སྒོམ་ཞིང༌། མེས་པོ་ཚོའི་ཁྲག་དྲོན་གྱིས་སྦགས་མྱོང་བའི་ཀྱོག་ལམ་ཕྲ་མོ་རྒྱ་བསྐྱེད་དགོས་པ་ནི་དེང་གི་གདོང་དམར་བ་ཀུན་ལ་བབས་པའི་འགན་འཕྲི་ལྕི་མོ་ཞིག་ཡིན། ལོ་རྒྱུས་ལ་ཕྱི་མིག་བལྟས་རྗེས་རླབས་ཆེན་གྱི་དཔའ་རྒོད་ངར་མ་ཁྱུ་མཆོག་གིས་དྲན་གསོའི་རྡོ་རིང་བརྩེགས་ཤིང༌། དེ་དག་རྗེས་འཛིན་པ་ཚོའི་མདུན་སྙེགས་ཀྱི་རྒྱབ་བརྟེན་ལ་བཞེངས་དུས།ཁྱོད་ཅག་ནི་རིགས་མཐུན་ཚོའི་སྙིང་རྩ་ཕྲ་མོར་འཕར་ལྡིང་གི་ནུས་སྟོབས་སྦྱིན་ཐུབ་པའི་གསོན་ཤུགས་ངོ་མ་ཡིན་པ་གཞི་ནས་རྟོགས།