西藏快报 写博客文章 Tag: བདག་གཞན་འདྲ་མཉམ།

The Tibet Express

选择语种

བོད་ཡིག繁體中文English
  • 註冊
    *
    *
    *
    *
    *
    Fields marked with an asterisk (*) are required.
  • 搜尋

Tag: བདག་གཞན་འདྲ་མཉམ།

2012.04.22 12:37:29
There are no translations available.

བརྩེ་བའི་སྤུན་ཟླ་རྣམ་པ་ལགས།    ང་ནི་བང་ཆེན་ཚང་གི་ཟིན་བྲིས་པ་གསར་པ་ཡིན།    ང་ལ་ཁྱེད་རྣམ་པའི་ལམ་སྟོན་ཅིས་ཀྱང་མཁོ་བས་ཁྱེད་རྣམས་ཀྱིས་ལམ་སྟོན་དང་རོགས་རམ་མང་ཙམ་གནང་རོགས།





2012.02.23 05:27:00
There are no translations available.

ཨ་རིའི་རླུང་འཕྲིན་ནང་བོད་ཀྱི་རྒྱལ་གླུ་གཏོང་མི་ཆོག་པ་བཞིན་བོད་ཆས་ཀྱང་གྱོན་མི་ཆོག་པ་ཡིན་སྲིད།

བཙན་བྱོལ་བོད་མི་རྣམས་ལ་མཚོན་ན་རང་ཉིད་ལ་དབང་བའམ། ཡང་ན་ཤ་ཞེན་དགོས་པའི་འཆར་ཅན་གྱི་བརྙན་འཕྲིན་བརྒྱུད་ལམ་ཞིག་མེད་པ་དང་། བོད་པ་ཚོའི་སེམས་ནང་དུ་ཡོད་པའི་བརྙན་འཕྲིན་བརྒྱུད་ལམ་ཉག་གཅིག་ཡོད་པ་ནི་བདུན་རེའི་ནང་ཐེངས་གཉིས་རེ་ལས་མེད་པའི་ཨ་རིའི་རླུང་འཕྲིན་གྱི་ཆ་ཤས་ཀུན་གླེང་ལེ་ཚན་དེ་རེད། བཙན་བྱོལ་བོད་མི་ཚོས་དེ་ལ་དང་འདོད་དང་དགའ་ཞེན་ཆེན་པོ་བྱེད་ཀྱི་ཡོད་ལ། དེ་མ་གཏོགས་མེད་པས་མི་ཕྱེད་རང་ཕྱེད་ཀྱང་ཆགས་ཡོད། བོད་ནང་གི་ས་གནས་མང་པོ་ཞིག་ཏུའང་གཟིགས་ཐུབ་ཀྱི་ཡོད་འདུག བདུན་ཕྲག་གཅིག་གི་ནང་བགྲོ་གླེང་ལེ་ཚན་ཐེངས་གཉིས་ཡོད་པའི་སྐབས་སུ་གཙོ་སྐྱོང་བ་རྡོ་རྗེ་ཚེ་བརྟན་དང་། པདྨ་རྡོ་རྗེ། རྣམ་རྒྱལ་ཤསྟྲི་བཅས་གཙོ་བོ་ཡིན་པ་དང་། དེ་དག་གིས་བོད་ཆས་སྤྲས་པའི་དུས་ཚོད་ཅིག་གཏན་ནས་མེད་ཅེས་བརྗོད་ཀྱང་ཆོག འོན་ཀྱང་མི་མང་གིས་སེམས་ངོར་བོད་ཆས་ཤིག་གྱོན་ན་སྙམ་ནས་རེ་བ་རྒྱག་མཁན་སྔ་རྗེས་སུ་བར་མ་ཆད་དུ་ཡོད་ཀྱང་། དེ་ལ་ཉན་འཇོག་གཏན་ནས་མེད་པས་ཁོང་རྣམ་པའི་སེམས་ནང་དུ་ཁུར་པོ་ཆེ་ཤོས་ནི་བོད་ཆས་གྱོན་རྒྱུ་དེ་རང་ཆགས་འདུག

ང་ལ་མཚོན་ན་དུས་རྒྱུན་ཀུན་གླེང་ལེ་ཚན་ཆད་མེད་དུ་ལྟ་ཐུབ་རྒྱུ་མེད་ཀྱང་། དུས་ཁོམ་ནམ་ཡོད་ལ་བལྟ་བཞིན་ཡོད། ཀུན་གླེང་ལ་བལྟ་མཁན་མང་པོ་ཞིག་གིས་གཙོ་སྐྱོང་བས་བོད་ཆས་གྱོན་དགོས་པའི་འབོད་སྐུལ་གཅིག་རྗེས་གཉིས་མཐུད་ཀྱིས་ཞུས་སོང་ཡང་། ཁོང་རྣམ་པས་དེ་ལ་དོ་སྣང་དང་ཉན་འཇོག་གཏན་ནས་གནང་གི་མི་འདུག བོད་ཆུ་འབྲུག་ལོའི་ལོ་སར་ཉིན་སྤྱི་འཐུས་རྣམས་ཀྱིས་སྣེ་ཁྲིད་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བ་དང་། གུས་པར་ཡང་སྤྱི་འཐུས་ཤིག་གི་མིང་ཞིག་ཡོད་པས་དེའི་ནང་དུ་ཞུགས་ཡོད། ལོ་འདིའི་ལོ་སར་དེ་རེས་གཟའ་ལྷག་པར་ཁེལ་ཡོད་སྟབས་དགོང་མོ་ནང་དུ་སླེབས་པའི་ཚེ་ཀུན་གླེང་ལས་རིམ་འགོ་འཛུགས་བྱས་སོང་། བགྲོ་གླེང་གི་ནང་དོན་ལོ་སར་སྐོར་ཡིན་པས་དོ་སྣང་བྱེད་འོས་པ་ཞིག་གང་ཡང་མི་འདུག་མོད། ཡང་སྔར་བཞིན་དྲི་བ་གཏོང་མཁན་མང་པོ་ཞིག་བྱུང་སོང་ལ། ལྷག་པར་དུ་ཀུན་གླེང་ལས་རིམ་གཙོ་སྐྱོང་བས་བོད་ཆས་གྱོན་དགོས་པའི་བསམ་ཚུལ་ཤོད་མཁན་གསུམ་ཙམ་ཞིག་བྱུང་སོང་། ཉིན་དེའི་ལས་རིམ་གཙོ་སྐྱོང་བ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་དྲི་ལ་ཁ་ཤས་ལ་ལན་མ་བརྒྱབ་པར་གཡོལ་ཐབས་བྱས་སོང་ཡང་། དྲི་བ་ཡང་ཡང་སླེབས་པའི་རྗེས་སུ་དེ་རིང་ལས་ཀའི་དུས་ཚོད་ཡིན་པས་ཕྱུ་པ་གྱོན་རྒྱུ་སྟབས་བདེ་མ་བྱུང་ཞེས་ལན་འདེབས་ཤིག་གནང་སོང་། དོན་དངོས་ཐོག་ཕྱུ་པ་གྱོན་ནས་ལས་ཀ་བྱེད་རྒྱུར་དཀའ་ངལ་ཡོད་པ་དེར་རོབ་ཙམ་བལྟས་ན་རྒྱུ་མཚན་གཏན་ནས་མེད་པ་ཞིག་ཡིན། རྒྱུ་མཚན་མེད་ཅེས་བརྗོད་དགོས་དོན་བོད་ཆས་གྱོན་ནས་ལས་ཀ་བྱེད་སྟབས་མི་བདེ་བ་གང་ཡང་མེད། ད་དུང་ད་ལྟའི་དུས་འདིར་ལྷག་དཀར་རྩི་སྲུང་བྱེད་བཞིན་པའི་སྐབས་ཡིན་པས་གཟའ་ལྷག་པའི་ཉིན་བོད་ཆས་གྱོན་མཁན་མང་པོ་ཡོད་པས་སུ་གཅིག་ལ་དཀའ་ངལ་འཕྲད་བཞིན་མེད་ན། ཨ་རིའི་རླུང་འཕྲིན་གྱི་ཆ་ཤས་ཀུན་གླེང་ལེ་ཚན་གྱི་གཙོ་སྐྱོང་བ་ཁོ་ནར་དེ་ཙམ་དཀའ་ངལ་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་མི་ཐུབ་ལ། རྒྱུ་མཚན་ཡོད་པ་ཞིག་ཏུའང་མཐོང་དཀའ།

 

འོན་ཀྱང་བསམ་བློ་གཏོང་ས་ཆེན་པོ་ཞིག་འདུག ཁོང་གིས་བོད་ཆས་གྱོན་ན་ལས་ཀ་བྱེད་དུས་སྟབས་མི་བདེ་བས་ཞེས་གསུངས་ཡོང་དུས། ངའི་སེམས་ལ་དོན་དག་གཞན་ཞིག་དྲན་སོས་སོང་། ཨ་རིའི་རླུང་འཕྲིན་དེ་ཨ་རིའི་སྲིད་གཞུང་གི་འཛིན་སྐྱོང་འོག་ཏུ་ཡོད་པ་ཞིག་ཡིན་པ་དང་། ཨ་རིའི་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱེད་བཞིན་ཡོད་པས། ཨ་རིའི་རླུང་འཕྲིན་ནང་བོད་ཀྱི་རྒྱལ་གླུ་གཏན་ནས་གཏོང་ཆོག་གི་མ་རེད་ཟེར་བ་ཞིག་གོ་མྱོང་ལ། ཨ་རིའི་རླུང་འཕྲིན་ནང་བོད་ཀྱི་རྒྱལ་གླུ་བཏང་བ་ཞིག་ཀྱང་གོ་མ་མྱོང་། དེར་བརྟེན་རྡོ་རྗེ་ཚེ་བརྟན་གྱིས་ལས་ཀ་བྱེད་དུས་སྟབས་མི་བདེ་བ་ཞེས་པ་དེ་ཅིག་བྱས་ན། ཨ་རིའི་བོད་སྐད་རླུང་འཕྲིན་ནང་བོད་ཀྱི་རྒྱལ་གླུ་གཏོང་མི་ཆོག་པ་ཇི་བཞིན། ལས་རིམ་གཙོ་སྐྱོང་བ་སྐྱེས་པ་རྣམས་ཀྱིས་བོད་ཆས་ཀྱང་གྱོན་མི་ཆོག་པ་ཡིན་སྲིད་པ་རེད། དེ་ཡིན་ན་ཁོང་རྣམས་ལ་ཐུགས་ཁག་གཏན་ནས་མི་འདུག་པས། ཀུན་གླེང་གཟིགས་མཁན་རྣམས་ཀྱིས་ཁོང་རྣམ་པར་ཁ་རྡུང་གཏོང་འོས་པ་ཞིག་གཏན་ནས་མ་རེད། ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་པ་རེད་ཟེར་བ་ཞིག་བོད་ནས་ཡོང་མཁན་མང་པོའི་ཨ་མཆོག་ལ་གོམས་འདྲེས་སུ་སོང་ཡོད་པ་བཞིན། དངོས་གནས་ཨ་རིའི་གཞུང་དེ་ཡང་བཙན་རྒྱལ་རིང་ལུགས་པ་ངོ་མ་ཞིག་ཡིན་སྲིད་པ་རེད།

 

ཀུན་གླེང་ལས་རིམ་གཙོ་སྐྱོང་བ་རྣམ་པར་དེ་འདྲའི་དཀའ་ངལ་མེད་བཞིན་དུ་གཟིགས་མཁན་དེ་འདྲ་མང་པོ་ཞིག་གི་དགོངས་ཚུལ་སྣང་མེད་དུ་བཞག་པ་ཡིན་ན། མང་གཙོའི་སྤྱི་ཚོགས་ཤིག་གི་ནང་དུ་འགན་མ་ཁུར་བ་ཞིག་ཏུ་གྱུར་ཡོད། ཨ་རིའི་བོད་སྐད་རླུང་འཕྲིན་དེ་བོད་མི་རིགས་ཀྱི་ཆེད་དུ་ཡིན་སྲིད་པ་ལས། ལས་ཀ་བྱེད་མཁན་ཁ་ཤས་ཀྱི་ཆེད་དུ་ཡིན་སྲིད་ཀྱི་མ་རེད། དེ་ཡིན་དུས་གཟིགས་མཁན་ཚོའི་བསམ་ཚུལ་ལ་ཉན་འཇོག་བྱེད་དགོས་པ་དེ་རྨང་གཞི་གཙོ་བོ་ཞིག་རེད།

 

ད་ལྟའི་དུས་འདིར་རྒྱ་ནག་གཞུང་གིས་གཉེར་བའི་བོད་ལྗོངས་བོད་སྐད་བརྙན་འཕྲིན་ཟེར་བ་དང་། མཚོ་སྔོན་བརྙན་འཕྲིན་སོགས་ཀྱི་གཙོ་སྐྱོང་བ་རྣམས་ཀྱིས་བོད་ཆས་རྐྱང་པ་གྱོན་བཞིན་ཡོད་སྟབས། རང་དབང་ལུང་པར་ཡོད་མཁན་དག་གིས་རང་ཉིད་བོད་ཆས་ལ་དགའ་ཞེན་གཏན་ནས་མེད་ཀྱང་། མི་མང་གི་བསམ་ཚུལ་དང་རེ་བ་དེ་ཙམ་ལའང་ཉན་འཇོག་གནང་མ་ཐུབ་ན་དོན་ཆེན་གཞན་ཞིག་ང་ཚོས་ཇི་ལྟར་སྒྲུབ་ཐུབ་བམ།།





2011.08.27 08:02:15
There are no translations available.

གནད་དོན་འདིའི་ཐོག་ནས་སློབ་གྲྭའི་འཛིན་སྐྱོང་ལ་ནོར་འཁྲུལ་དང་ཉེས་པ་མེད་པར་འདོད་པ་ནི་དོན་དང་མི་གནས་པའི་བསམ་ཚུལ་ཞིག་ཏུ་མཐོང་། དཔེར་ན་ཕྱི་ལོ་༢༠༠༣ ལོར་རྒྱ་ནག་ཏུ་སཱར་སི་(SARS)ན་ཚ་ཁྱབ་གདལ་སོང་བ་དང་། དུས་ཐོག་སྨན་བཅོས་དང་སྔོན་འགོག་མ་ཐུབ་པར་བརྟེན་རྒྱ་ནག་དབུས་གཞུང་འཕྲོད་བསྟེན་བློན་ཆེན་ལས་གནས་ནས་རྩ་དགོངས་ཞུ་དགོས་བྱུང་བ་རེད། མང་གཙོ་མེད་པའི་སྤྱི་ཚོགས་ཤིག་ནས་འདི་ལྟར་བྱེད་མྱོང་ཡོད་པ་དང་། མང་གཙོའི་སྤྱི་ཚོགས་ནས་ལས་འཛོལ་འདི་ལྟ་བུའི་སྐབས་སུ་འགན་གཙོ་བོ་ཁུར་མཁན་ལ་ནོར་འཁྲུལ་དང་ནག་ཉེས་ཡོད་པ་ནི་སྨྲོས་མི་དགོས་པ་རེད། ད་ལན་གྱི་དོན་རྐྱེན་འདི་ལ་བརྟེན་ནས་སློབ་གྲྭའི་ངོས་ནས་ནོར་བ་དང་འགན་ཚུལ་བཞིན་མ་འགྲུབ་པའི་ལྟ་ཚུལ་བྱུང་བ་ཁག་གཤམ་དུ་འབྲི་རྒྱུ་ཡིན།





2011.08.22 09:51:24
There are no translations available.

ཕྱི་ལོ་༡༩༩༨ ལོ་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་རང་ལུས་མེ་སྲེག་བཏང་ནས་བོད་དོན་ཞི་བའི་ལས་འགུལ་སྤེལ་ཡོད་དང་། ཕྱི་ལོ་༢༠༠༩ ལོར་རྔ་པ་ཀིརྟི་དགོན་པའི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་(སྲོག་སྐྱོན་མ་བྱུང་ཙམ་བྱུང་ཡང་དབང་པོ་སྐྱོན་ཅན་དུ་གྱུར་ཡོད) ཕྱི་ལོ་༢༠༡༡ ལོའི་ཕྱི་ཟླ་༣ ཚེས་༡༦ ཉིན་སླར་ཡང་ཀིརྟི་དགོན་པའི་གྲྭ་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེ་སྲེག་གིས་ཞི་རྒོལ་བྱས་ནས་རང་སྲོག་བློས་གཏོང་གནང་བ་རེད། ཉེ་ཆར་ཕྱི་ཟླ་༨ ཚེས་༡༥ རྒྱ་གར་རང་བཙན་དུས་ཆེན་ཉིན་ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེ་སྲེག་བཏང་ནས་ཞི་བའི་ངོ་རྒོལ་བྱས་ནས་རང་སྲོག་བློས་གཏོང་གནང་ཡོད་པ་དང་། དེ་བཞིན་རང་སྲོག་མ་ཤོར་ཙམ་བྱུང་ཡང་རྩ་དོན་ཆེད་རང་ལུས་མེ་སྲེག་གཏོང་མཁན་ཁག་ཅིག་སྔ་རྗེས་སུ་བྱུང་ཡོད།





2011.08.11 22:44:50
There are no translations available.

ཟླ་འདིའི་ཕྱི་ཚེས་༥ ཉིན་གྱི་མཚན་མོ་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་མཁྱེན་རབ་ཀྱིས་ཐ་མག་འཐེན་མི་ཆོག་པའི་སྒྲིག་ལམ་དང་འགལ་བ་དང་། དེ་ལ་བརྟེན་ནས་འབྲེལ་ཡོད་རྒན་བདག་གཉིས་ཀྱིས་ཉེས་ཆད་གཏོང་བའི་སྐབས་སློབ་ཕྲུག་དེས་དང་ལེན་ཚུལ་བཞིན་མ་བྱས་པར་བརྟེན། མཐར་རྒན་བདག་གཉིས་ཀྱིས་སློབ་ཕྲུག་དེ་ལ་ཉེས་རྡུང་ཚབས་ཆེན་བཏང་ནས་རྐྱེན་ལམ་བཏང་བའི་གནས་ཚུལ་ཐོན་ཡོད་པ་རེད།





2011.08.08 23:56:10
There are no translations available.

ངའི་མེས་པོ་ཚོའི་དུར་ཐང་དུ

བཅར་གྱིན བཅར་གྱིན

དཀྲོལ་ཟིན་པའི་རོལ་དབྱངས་དེ

རླུང་བུ་དང་ལྷན་དུ་སྡིང་ཞིང་རླུང་བུ་དང་ལྷན་དུ་བཞུད

རོལ་དབྱངས་དེའི་སྔ་གཞུག་ཏུ





2011.07.23 05:01:01
There are no translations available.

༼ ཞབས་བྲོ་འཁྲབ་སྟངས་དང་རོལ་ཆས་དཀྲོལ་སྟངས༽

===========ངོ་གདོང་རུ་བཤད་འདོད་པའི་སྐད་ཆ་འགའ།

གནས་ལུགས་ཤིག་ལ་འགྲེལ་བཤད་སྐྱོན་དུས་བློ་སྙིང་ཡོད་ཚད་ཟུར་ནས་མཐོང་།།

གོ་ལའི་སྒང་ནས་རྒྱང་མཇལ་བྱེད་ཚེ་འཛམ་གླིང་ཁྱོན་པོ་སྒོར་སྒོར་མཐོང་།།

གསང་མིང་བར་ནས་མི་ཚད་འཇལ་དུས་གྲོགས་པོ་རྙིང་པའི་སྣང་བརྙན་མཐོང་།།

བདེན་དོན་འོག་ནས་མཐོང་ཚུལ་འདི་དག་རྒྱུ་འབྲས་བློ་མིག་མིན་པར་མཐོང་།།





2011.07.15 00:57:38
There are no translations available.

༄༅། །རེས་གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤོན་ཌོན་གྱི་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་དང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོའི་དབར་གཞོན་ནུའི་ཚོང་ཁང་དང་འབྲེལ་བའི་གནས་ཚུལ་བྱུང་སྐོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་ལྷན་ཚོཌ་གནང་བའི་ཐད། དུས་དབང་གྲ་སྒྲིག་ཚོགས་ཆུང་གི་གསལ་བཤད་རགས་ཙམ་ཞུ་རྒྱུར།





2011.07.13 22:01:18
There are no translations available.

དེ་རིང་ཞོགས་པ་འབྲེལ་ཡོད་ཅིག་གི་ཁ་པར་བརྒྱུད་ནས་གནས་ཚུལ་མི་སྙན་པ་ཞིག་ཐོས་སོང་། དེར་བརྟེན་རང་གི་སེམས་ཚོར་ངོ་མ་དེ་ཟིན་བྲིས་སུ་མི་སྤེལ་ཀ་མེད་བྱུང། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཟབ་མོ་སྩོལ་བཞིན་པའི་སྐབས་འདིར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ཏུ་བཀུར་བར་འོས་པ་ཚེ་དབང་རིག་འཛིན་ལགས་ཀྱིས་བོད་དོན་དྲིལ་བསྒྲགས་དང། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཔལ་འབྱོར་འདུ་འགོད་ཆེད་བོད་དོན་ཁྱབ་བསྒྲགས་ཀྱི་འབོད་ཚིག་འཁོད་པའི་སྟོད་གོས་སོགས་ཚོང་འགྲེམས་གནང་བཞིན་ཡོད་པ་དང། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོར་འབོད་པ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་ལྡན་བློ་གྲོས་ཟེར་བས་སྟོད་གོས་སྟེང་དུ་“བཙན་བྱོལ་བོད་གཞུང་”ཞེས་པ་དེ་འཁོད་ཡོད་སྟབས་ཁྲོམ་སྟོན་མི་ཆོག་ཅེས་ཁ་སང་བཙན་གྱིས་ཕྱིར་འཕུད་བྱས་ནས་ཁྲོམ་སྟོན་བཅུག་མི་འདུག





2011.07.09 06:29:49
There are no translations available.

us_congress_1

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༧ ཚེས་༧ ཉིན་ཨ་རིའི་མི་སེར་རྒྱལ་ཁབ་ཀྱི་གཞུང་འཛིན་མང་གཙོ་ཚོགས་པ་དང་། ཕྱོགས་འགལ་སྤྱི་མཐུན་ཚོགས་པ་ཐུན་མོང་གི་ཚབ་ཞུས་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་རྗོན་ཨེ་ནར་མཆོག་གིས་གདན་ཞུས་ལྟར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གནད་ཡོད་མང་པོ་ཞིག་དང་མཇལ་འཕྲད་གནང་འདུག





2011.06.23 22:26:48
There are no translations available.

ཕྱི་ཟླ་༦ པའི་ཚེས་༦ ནས་ཕྱི་ཟླ་༦ པའི་ཚེས་༢༠ བར།

ཕྱི་ལོ་༢༠༡༡ ཟླ་༦ ཚེས་༦ ཉིན་ནས་བཟུང་ད་བར་ཁམས་དཀར་མཛེས་རྫོང་ཁོངས་ནས་གྲྭ་པ་དང་བཙུན་མ་མི་སྐྱ་ཁག་ཅིག་བཅས་ཀྱིས་མུ་མཐུད་བོད་དོན་ཆེད་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད། གྲྭ་པ་དང་བཙུན་མ་སོགས་ངོ་རྒོལ་བ་ཚོས་ངོ་རྒོལ་བྱེད་དགོས་དོན་རྒྱ་དམར་གཞུང་གི་བཙན་གནོན་འོག་ཏུ་བོད་ལ་རང་དབང་མེད་པ་དང་། བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། སྤང་རི་སྣ་རིན་པོ་ཆེ་མཆོག་གིས་དབུས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་ཞེས་པ་སོགས་ཀྱི་དགོས་འདུན་བཏོན་ནས་ཡིག་ཆ་འགྲེམས་སྤེལ་དང་ངོ་རྒོལ་སྐད་འབོད་བྱས་པའི་འབོད་ཚིག་གཅིག་གྱུར་ཡིན་པས་གཤམ་དུ་རེ་རེ་བཞིན་བཀོད་མེད།





2011.05.19 11:45:58
There are no translations available.

སྤྱིར་གླིང་གེ་སར་གྱི་སྒྲུང་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་སྤྱི་དང་ལྷག་པར་མདོ་ཁམས་ཕྱོགས་སུ་ཤུགས་རྐྱེན་བཟང་ཕྱོགས་ནས་ཐེབས་པ་ཧ་ཅང་མང་ལ། དཔེར་ན་བོད་ཡིག་ཀློག་འདོན་ཤེས་ལ་མ་ཤེས་ཙམ་ནས་གླིང་གེ་སར་གྱི་སྒྲུང་ཀློག་ནའང་དོན་གོ་བ་དང་། དེའི་ནང་དོན་ཚང་མ་བོད་པ་རང་གི་བསམ་བློ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ནས་བྱུང་བ་ཤ་སྟག་ཡིན་པས་སྐད་ཡིག་གཞན་ལས་བསྒྱུར་བ་དང་མི་འདྲ་བར། བོད་པ་རང་ཉིད་ཀྱི་རྩམ་དྲི་དང་མར་དྲི་འཐུལ་ལེར་ཡོད་པས་གླིང་སྒྲུང་དེ་དག་གི་ནུས་ཤུགས་ནི་བོད་པའི་སྤྱི་ཚོགས་ལ་ཧ་ཅང་ཆེན་པོ་རེད། འོན་ཀྱང་བོད་མདོ་སྟོད་སྨད་གཉིས་དང་ལྷག་པར་དུ་ཁམས་ཕྱོགས་ལ་གླིང་སྒྲུང་གིས་ཤུགས་རྐྱེན་ངན་ཕྱོགས་ནས་ཆེན་པོ་ཐེབས་ཡོད་པའི་སྐོར་ཡང་ཡོད་པས་གཤམ་དུ་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།





2011.04.02 04:28:13
There are no translations available.

འདི་ག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་རྩོམ་སྒྲིག་གཙོ་གཉེར་བྱེད་བཞིན་པའི་བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་དང་དྲ་རྒྱའི་ཆེད། གསར་འགོད་པ་གཅིག་དགོས་པས་གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་པ་རྣམས་ཀྱིས་ཕྱི་ལོ་༢༠༡ཟླ་ ཚེས་༢༠ ནང་ཚུད་འདི་ག་སྲི་ཞུ་ཁང་དུ་ཡིག་ཐོག་སྙན་ཞུ་འབྱོར་དགོས་པ་དང། དེའི་རྗེས་སུ་འབྱོར་རིགས་རྣམས་རྩིས་མེད་ཡིན། སྙན་ཞུ་འབྱོར་མཁན་རྣམས་ལས་དབྱིན་བོད་གཉིས་ཀྱི་ཤེས་ཚད་རྒྱུགས་སྤྲོད་ཀྱི་ལམ་ནས་འདེམས་སྒྲུག་བྱ་རྒྱུ་ཡིན་ཞིང་། འདེམས་སྒྲུག་ཟིན་རྗེས་དགོས་མཁོའི་མཐུན་རྐྱེན་རྣམས་སྲི་ཞུ་ཁང་གི་སྒྲིག་གཞིའི་ནང་གསལ་ལས་བྱེད་སྤྱི་མཚུངས་ལྟར་འཐོབ་རྒྱུ་ཡིན་པ་བཅས་དེ་ལུགས་དགོངས་འཇགས་ཞུ།

 




2011.03.01 06:42:45
There are no translations available.

མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུང་རྩོམ་པོད་བཞི་རིན་མེད་འགྲེམས་སྤེལ་བྱེད་འཆར།

གསེར་རྟ་བླ་རུང་ཆོས་སྒར་ཆེན་མོའི་མཁན་པོ་གནའ་དེང་རིག་པའི་གནས་ལ་མཁས་པའི་དབང་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་སྔ་ཕྱིར་བརྩམས་གནང་བའི་གསུང་རྩོམ་ཁག་པོད་བཞི་བྱས་ནས་ཕྱོགས་བསྒྲིགས་ཀྱིས། ཐེ་ཝན་དུ་རྟེན་གཞི་བྱས་པའི་ཆོས་ཚོགས་བླ་རུང་ཐེག་གསུམ་ཆོས་གླིང་གི་དབུ་འཛིན་མགོ་ལོག་དབང་སྟོད་པ་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་མཆོག་གིས་གཙོ་འགན་འོག ཐེ་ཝན་ནང་པའི་ཤེས་ཡོན་བདེ་རྩ་ལྷན་ཚོགས་ནས་པར་སྐྲུན་ཞུས་ཡོད་པ་དང། གསུང་རྩོམ་དེ་དག་ནང་དོན་གྱི་ཆ་ནས་འཛམ་གླིང་ཤར་ནུབ་ཀྱི་རིག་པའི་རྣམ་གཞག་དང་བླ་ན་མེད་པའི་མཁྱེན་རབ་ཀྱིས་བསྐྲུན་པའི་ཡ་རབས་དྲང་བདེན་གྱི་ལྟ་བའི་རྨང་གཞིའི་སྟེང་ནས་དེང་རབས་རིག་པའི་གཞུང་ལུགས་ལ་སྦྱང་བརྩོན་བྱེད་ཚུལ།





2010.11.05 00:33:54
There are no translations available.

ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་མཛད།

རྒྱལ་སྲིད་རིན་ཆེན་སྣ་བདུན་གླུའི་ཟོལ་དུ་སྣང་བ་དྲི་ཟའི་བུ་མོའི་རྒྱུད་སྟོང་ཞེས་བྱ་བ་བཞུགས་སོ། །

 

དབུས་ལྷ་ས་ཆོས་ཀྱི་ཕོ་བྲང་ན། །

ཆོས་ཀུན་རིག་བགྲོ་གླེང་བྱེད་གི་ཡོད། །

བན་ཆུང་ཆུང་ཆོས་གོས་ཆབ་རིལ་ཅན། །

ཆོས་ཞུ་འདོད་ཡོད་ན་མཉམ་འགྲོ་བྱེད། །

ཆོས་ཐེག་དགུ་ཤེས་ན་སྐྱིད་རབས་ཡོད། །





2010.11.05 00:24:33
There are no translations available.

ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་མཛད།

གཏན་གྱི་སྐྱབས་གཅིག་པདྨ་ཐོད་ཕྲེང་རྩལ། །

སྐལ་དམན་བདག་ལ་ཐུགས་རྗེས་ལྷག་པར་དགོངས། །

མགོན་ཁྱོད་རྔ་ཡབ་པདྨའི་ཕོ་བྲང་དུ། །

རིག་འཛིན་མཁའ་འགྲོའི་ཚོགས་ལ་ཟབ་ཆོས་ཀྱི། །

གདམས་པ་སྟོན་བཞིན་ད་ལྟ་བཞུགས་ཞེས་ཐོས།།





2010.11.03 07:52:10
There are no translations available.

ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་མཛད།

རབ་འབྱམས་སྲས་བཅས་རྒྱལ་བའི་གསང་གསུམ་ཀུན། །

གཅིག་བསྡུས་མཚན་དཔེའི་གཟུགས་སུ་སྨིན་པའི་སྐུ། །

གཞོན་ནུ་སྨྲ་བའི་ཉི་མ་གང་དེ་ཡིས། །

ཁྱོད་བློ་བྱང་ཆུབ་ལམ་དུ་སྒྱུར་བར་མཛོད། །





2010.11.02 02:29:56
There are no translations available.

ཐུགས་སྟོབས་གོ་ཆ་བཙན་པོ་ཕྲག་ཏུ་བཞེས་ནས།།
དགྲ་དང་གཉེན་ལ་བྱམས་བརྩེ་ཉེ་རིང་མེད་པར།།
མ་ཡི་བུ་ལྟར་བརྩེ་བའི་ཕྱག་ན་པདྨོ།།
འདི་ཕྱི་ཀུན་ཏུ་འབྲལ་མེད་རྗེས་སུ་ཟུངས་ཤིག།




2010.11.01 21:14:11
There are no translations available.

ཕྱི་ལོ་༢༠༡༠ ཟླ་༡༡ ཚེས་༡ ཁ་སང་མཚན་མོ་ཕྲན་དུས་རྒྱུན་བཞིན་དྲ་ཐོག་གིས་གྲོགས་པོ་རྣམས་དང་བགྲོ་གླེང་བྱས་པ་དང། སྐབས་དེར་དུས་རྒྱུན་འོད་ཟེར་ལགས་དང་དྲ་ཐོག་ནས་བགྲོ་གླེང་གནང་མཁན་ངའི་གྲོགས་པོ་ཞིག་དང་དྲ་ལམ་ནས་ཐུག་པས་བགྲོ་གླེང་གནང་བ་ཡིན། ཁོང་གིས་བློ་ཕམ་གྱི་ཐོག་ནས་འོད་ཟེར་ལགས་ལ་ལྷ་སའི་ཉེན་རྟོག་པས་ཉེན་རྟོགས་ལས་ཁུངས་སུ་ཡོང་དགོས་ཞེས་ཁ་པར་ཞིག་སླེབས་འདུག་པ་དང།  ཁོང་གི་ twitter གྱི་ནང་དུ་འཛུལ་ཐུབ་ཀྱི་མི་འདུག་ཅེས། དེའི་སྐོར་མོ་རང་གི་པོད་ཁུག་ཏུ་འཕྲིན་ཞིག་བཞག་འདུག





2010.10.11 06:07:15
There are no translations available.

རང་གི་ཕ་ཡུལ་ལུང་བའི་རྒན་པོ་དག་གི་ངག་ལམ་ནས་བསྡུས་པའི་ཤོ་འབོད་དམ་དུམ།
དང་པོ་ཤོ་རྩེད་པ་ལ་མི་མགོ་དུ་མ་ཞིག་གིས་རྩེད་ཆོག་གི་འདུག་ལ། དེང་སྐབས་ཤོ་རྡེལ་མི་བཀོལ་བར་ཤོ་ཤིང་མཛོ་མོ་བཀོལ། ཤོ་གདན་གཞི་རྒྱ་ཆེ་བ་དངོས་བདེ་བ་ཞིག་དང་། རྩེད་མཁན་མི་རེ་རེ་ལ་ཤོ་ཁྱི་འམ་ཤོ་རྟ་ཞེས་པའི་ཤིང་ཐུར་དགུ་རེ་དགོས་པ་དང་། གཞན་ཐོབ་གྲངས་གཞལ་བྱེད་རྡེའུ་ཅི་མང་རེ་གྲ་སྒྲིག་གྲུབ་དགོས། དང་པོ། ཤོ་གདན་ཤར་ཕྱོགས་ནས་ཤོ་བ་བཟང་ཤོས་སམ་ཤོ་འཕེན་རྒྱུར་བྱང་གང་ཆེ་བ་ཞིག་གིས་མགོ་འཛུག་དགོས་པས།





2010.10.03 10:06:21
There are no translations available.

དེ་རིང་བཙན་བྱོལ་བོད་མིའི་ས་གནས་གང་ས་ནས་སྐབས་བཅོ་ལྔ་པའི་སྤྱི་འཐུས་དང། བཀའ་བློན་ཁྲི་པ་སྐབས་གསུམ་པའི་སྔོན་འགྲོའི་འོས་བསྡུའི་དུས་ཚོད་ཡིན་ཞིང། བོད་པ་སྐྱབས་བཅོལ་བ་རྣམས་ཀྱིས་ཀྱང་ཐུགས་སྣང་ཆེན་པོ་ཐོག་ནས་ཆ་ཤས་གང་ཐུབ་ཀྱིས་ལེན་བཞིན་ཡོད་པ་རེད། འོན་ཀྱང་བློ་ཕམ་པ་ཞིག་ལ་བལ་ཡུལ་མཆོད་རྟེན་ཁུལ་དང་། འཕགས་པ་ཤིང་ཀུན་དང་རྒྱལ་ས་ཁུལ་གྱི་འོས་ཤོག་བླུག་ཟིན་པའི་འོས་སྒམ་དེ་བལ་ཡུལ་གཞུང་གི་ཉེན་རྟོག་པས་བཙན་འཕྲོགས་བྱས་འདུག གནད་དོན་དེ་ཕྱོགས་གང་ནས་བལྟས་ཀྱང་བློ་ཕམ་དགོས་པ་དང་། གནད་དོན་འདིའི་རིགས་ནི་མང་གཙོའི་སྤྱི་ཚོགས་ཤིག་གི་ནང་དུ་ལྷགས་མི་དགོས་པའི་གནད་དོན་ཞིག་ཏུ་གྱུར་འདུག





2010.10.01 09:51:41
There are no translations available.

ད་ལྟ་བཀའ་ཁྲིའི་འོས་གཞི་ཧ་ཅང་མང་བ་དང་། སྤྱི་འཐུས་ཀྱི་འོས་གཞི་དེ་བས་ཀྱང་མང་བར་བརྟེན། མི་མང་པོ་ཞིག་སྔོན་འགྲོ་ལ་འོས་ཤོག་བླུག་ཤེས་ས་མ་རེད། དེ་བས་དངོས་གཞི་ལ་མི་མང་པོ་མེད་པས་དེ་དུས་འོས་ཤོག་བླུག་པ་ཡིན་ན་ཏག་ཏག་ཡོད་པའི་བསམ་ཚུལ་འཛིན་མཁན་ཡོད་ཚུལ་འདུག དོན་དངོས་བཀའ་བློན་ཁྲི་པ་ཡིན་ནའང་འདྲ། སྤྱི་འཐུས་ཡིན་ནའང་འདྲ། སྔོན་འགྲོའི་སྐབས་འོས་ཤོག་མ་རག་ན་དངོས་གཞིའི་ནང་ཡོང་ཐུབ་ཐབས་གཏན་ནས་མེད་པས་སྔོན་འགྲོའི་འོས་འཕེན་སྐབས་དངོས་གཞིའི་འོས་འགྲན་དུ་འགྲོ་ཐུབ་པ་ཞིག་དགོས་པ་དེ་གལ་ཆེན་པོ་རེད།



2010.10.01 00:16:36
There are no translations available.

འདི་ག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་རྩོམ་སྒྲིག་གཙོ་གཉེར་བྱེད་བཞིན་པའི་བོད་ཀྱི་བང་ཆེན་དྲ་རྒྱའི་ཆེད། རྒྱ་ཡིག་གི་གསར་འགོད་པ་ཞིག་དགོས་པས་གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་པ་རྣམས་ཀྱིས་ཕྱི་ལོ་༢༠༡༠ ཟླ་༡༠ ཚེས་༡༥ ནང་ཚུད་འདི་ག་སྲི་ཞུ་ཁང་དུ་ཡིག་ཐོག་སྙན་ཞུ་འབྱོར་དགོས་པ་དང། དེའི་རྗེས་སུ་འབྱོར་རིགས་རྣམས་རྩིས་མེད་ཡིན། སྙན་ཞུ་འབྱོར་མཁན་རྣམས་རྒྱུགས་སྤྲོད་ཀྱི་ལམ་ནས་འདེམས་སྒྲུག་བྱ་རྒྱུ་ཡིན་ཞིང་། འདེམས་སྒྲུག་ཟིན་རྗེས་དགོས་མཁོའི་མཐུན་རྐྱེན་རྣམས་སྲི་ཞུ་ཁང་གི་སྒྲིག་གཞིའི་ནང་གསལ་ལས་བྱེད་སྤྱི་མཚུངས་ལྟར་འཐོབ་རྒྱུ་ཡིན་པ་བཅས་དེ་ལུགས་དགོངས་འཇགས་ཞུ།

གཤམ་གསལ་དགོས་མཁོའི་ཆ་རྐྱེན་ཁག





2010.08.30 04:34:07
There are no translations available.

ནམ་རྒྱུན་ལྟར་གཟའ་ཉི་མའི་དགོང་དྲོར་དམ་བཅའ་ཡོད་པ་བཅའ་ཁྲིམས་མངའ་བདག་མཆོག་གིས་ཉིན་དགུང་ཚོགས་ལ་གསུངས་གནང་སོང་ དེ་སྔོན་གྱི་གཟའ་འཁོར་འགའ་ཤས་ཞིག་དམ་བཅའ་མེད་པ་ནི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་བློ་རྒྱུགས་གྱི་སློབ་ཚན་ཟིན་མ་ཚར་བ་རྣམས་ལ་གོ་སྐབས་ཕུལ་བ་རེད་ལ་སྤྱིར་ན་གུས་ཚོའི་བློ་རྒྱུགས་ཀྱི་ལེ་ཚན་གདན་ས་གཞན་དང་ཐུན་མིན་གྱི་ད་ལོ་དང་ན་ནིང་གི་རྩོད་གཞུང་རྣམས་རྒྱུགས་འབུལ་རྒྱུ་ཡིན་པས་དཀའ་ངལ་ཆེ་ཙམ་དང་དམངས་ཡོངས་ནས་ཚགས་ཚུགས་ཡོང་བའི་ཆེད་དེའི་སྐབས་གོང་རིམ་རྣམས་པས་ཐུགས་འཁུར་ཆེན་པོ་གནང་གི་ཡོད་ དེ་རིང་ནས་བཟུང་ཉིན་གསུམ་བཞིའི་རྗེས་རྒྱུགས་སྤྲོད་ཀྱི་ཉིན་མོ་འཁེལ་བས་འདུས་དམངས་ནས་གྲ་སྒྲིག་ཨང་གསར་གྱི་དངོས་གཞིའི་བྱ་བ་ལ་འཇུག་རྒྱུའི་སྐབས་སྒུག་བཞིན་ཡོད་





2010.08.21 23:30:26
There are no translations available.

ཁ་སང་དགོང་མོ་ཆུ་ཆུ་ཚོད་༨ སྐར་མ་༥༠ ཐོག་ལྡི་ལི་ནས་ཐོན་ཏེ་ད་ལྟའི་ཆར་ནག་པུར་མེ་འཁོར་འབབ་ཚིགས་སུ་སླེབས་སོང་། སང་ཉིན་ཞོགས་པ་ཆུ་ཚོད་༦ པ་དང་༧ པ་ཞིག་ལ་བྷེང་ལོར་དུ་སླེབས་ས་རེད། ངས་མཉམ་འཁྱེར་དྲ་ལམ་TATA Photon གྱིས་ཀྱང་ལས་ཀ་ཡག་པོ་བྱེད་ཀྱི་འདུག འོན་ཀྱང་གཏམ་གསར་པ་གང་ཡང་བཤད་ཀྱི་མེད། རྗེས་མ་མཇལ་ཡོང་། གསེར་རྟ་ཚུལ་ཁྲིམས་ཀྱིས་ཕྱི་ལོ་༢༠༡༠ ཟླ་༨ ཚེས་༢༢ ཀྱི་སྔ་དྲོ་ཆུ་ཚོད་༡༠ དང་སྐར་མ་༣༠ ཐོག་བྲིས།





JPAGE_CURRENT_OF_TOTAL