西藏快报 写博客文章 Tag: རང་ལ་ལྟ་ན་མེ་ལོང་དགོས།

The Tibet Express

选择语种

བོད་ཡིག繁體中文English
  • 註冊
    *
    *
    *
    *
    *
    Fields marked with an asterisk (*) are required.
  • 搜尋

Tag: རང་ལ་ལྟ་ན་མེ་ལོང་དགོས།

2012.04.12 11:22:56
There are no translations available.

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཕྱི་ཚེས་༡༠ ཉིན་དྷ་སའི་ཉེ་འགྲམ་དྷ་ཤོད་བོད་ཁྱིམ་དུ་ཚོགས་བཞིན་ཡོད་འདུག་པ་དང་། སྐབས་དེ་དུས་ས་གནས་ཀྱི་ཚོགས་མི་ཞིག་གིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ནང་གཞུང་དངུལ་ལྐོག་ཟ་བྱས་པའི་གནས་ཚུལ་ཞིག་ཡོད་ཚུལ་འདུག་པས། དེའི་སྐོར་གསལ་བཤད་དགོས་པའི་དྲི་བ་བཏོན་པར། གསལ་བཤད་ལན་འདེབས་གནང་ཡོད་འདུག





2011.08.17 01:19:00
There are no translations available.

༄༅།།ལོག་རྟོག་གི་སྙིང་སྟོབས་ལ་དཔྱད་པ་ལོག་སྨྲའི་རྩྭ་སྐྱ་སྲེག་པའི་བསྡུས་གྲྭའི་མེ་སྟག།

ཐང་དགོན་མཁས་མཆོག

མགོ་བརྗོད། 

རྒྱ་ཆེ་བའི་གསན་མཁན་རྣམ་པ་ལགས། ཁོ་བོས་ལོག་སྨྲའི་རྩྭ་སྐྱ་སྲེག་པའི་བསྡུས་གྲྭའི་མེ་སྟག་ཅེས་པའི་རྩོམ་ཐུང་འདི་། འབྲི་དགོས་པའི་དམིགས་ཡུལ་གཙོ་བོ་ནི།ནང་ཆོས་ཡ ང་དག་པར་སྒྲུབ་པ་མིན་ལ། ཚན་རིག་ཡང་མ་དག་པར་སྒྲུབ་པ་དེ་བས་ཀྱང་མིན། འོ་ན་དམིགས་ཡུལ་གང་ཡིན་ཞེ་ན། གཅིག་འོག་ནས་འཆད་འགྱུར་ལྟར་རང་ཉིད་དཔྱད་རྩོམ་ཡག་པོ་ཞིག་འབྲི་ཤེས་པའི་ཆེད་དང་།





2010.07.14 09:20:43
There are no translations available.

ད་ལྟའི་ཆར་སྤྱི་འཐུས་ཀྱི་འོས་གཞི་འདྲ་མིན་འདོན་བཞིན་ཡོད་པ་དང། དོན་དངོས་ཐོག་འོས་གཞི་དེ་དག་གིས་ཤུགས་རྐྱེན་ག་ཚོད་ཐེབས་ཐུབ་མིན་ཡང་སུ་གཅིག་གིས་བཤད་ཚོད་ཐིག་དཀའ་བ་ཞིག་རེད། ཉེ་བའི་ཆར་མདོ་སྟོད་ཆུ་སྒང་དབུས་རྒྱུན་གྱི་མིང་ཐོག་ནས་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞི་ཞིག་བཀྲམ་འདུག་ལ། དེའི་སྔོན་ལ་དབུས་གཙང་ཆོལ་ཁའི་དབུས་རྒྱུན་གྱི་ངོས་ཀྱང་སྤྱི་འཐུས་ཀྱི་འོས་གཞི་ཞིག་བཏོན་སོང་བ་དེ་དག་གི་ནང་དུ་ཡོད་པའི་འོས་གཞི་ཚང་མ་ལ་མོས་མཐུན་རྒྱབ་སྐྱོར་རྩ་བ་ཉིད་ནས་མེད། ངས་བལྟས་ན་དབུས་རྒྱུན་མ་ཡིན་པ་དང། ད་ལྟ་སྤྱི་འཐུས་བྱེད་བཞིན་པ་སུ་གཅིག་མ་ཡིན་པའི་གསར་པ་འབའ་ཞིག་སླེབས་ཐུབ་པའི་རེ་བ་རྒྱག་གི་ཡོད། ད་ལྟའི་ཆར་བཀའ་བློན་ཁྲི་པ་དེ་གལ་ཆེན་པོ་ཡིན་ཚུལ་གླེང་བཞིན་པ་ལྟར་དོན་དངོས་ཐོག་གལ་ཆེན་པོ་ཡིན་ཡང། སྤྱི་ཚོགས་ནང་གི་གླེང་རྙོག་མང་པོ་ཞིག་གི་འབྱུང་རྐྱེན་གཙོ་བོ་སྤྱི་འཐུས་ཆགས་ཡོད་པ་དང། སྤྱི་འཐུས་ཀྱི་ནང་ནས་ཀྱང་ཚོགས་གཙོ་ཚོགས་གཞོན་དེ་གལ་ཆེན་པོ་རེད། དེར་བརྟེན་ངས་སྤྱི་འཐུས་ཚོགས་གཙོར་འོས་པའི་སྤྱི་འཐུས་ཀྱི་འོས་གཞི་ཞིག་དང་ཚོགས་གཞོན་དུ་འོས་པའི་འོས་གཞི་གཉིས་བཅས་ངོ་སྤྲོད་ཞུ་རྒྱུ་ཡིན།





2010.06.26 06:23:31
There are no translations available.

ད་ལྟ་བ ཙན་བྱོལ་ཁྲོད་ཀྱི་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་ཞེས་པ་འདིས། སྤྱི་ཚོགས་ལ་ཕན་གཏན་ནས་ཐོགས་མ་མྱོང་ཞེས་བརྗོད་ཀྱང་ཆེ་ས་ནས་མི་ཆོག་པ་མེད་ལ། དུས་རྒྱུན་སྒྲིག་འཛུགས་འདི་གསུམ་གྱིས་སྤྱི་ཚོགས་ནང་ཟང་ཟིང་བཟོས་པའི་གནས་ཚུལ་ནི་རྒྱུན་ཆད་མྱོང་གཏན་ནས་མེད། དཔེར་ན་མདོ་སྟོད་ཆུ་སྒང་སྒྲིག་འཛུགས་ཀྱི་ངོས་ནས་རྩོད་རྙོག་རྒྱུན་ཆད་མེད་པ་ཞིག་བསླངས་ཡོད་ལ། ད་ལྟའི་ཆར་ཡང་སྒྲིག་འཛུགས་གཉིས་ཀྱི་མིང་ཐོག་ནས་མདོ་སྟོད་མི་མང་དུམ་བུ་གཉིས་སུ་འགྲོ་རྒྱུའི་ཐབས་ཤེས་གང་ཡོད་བྱེད་བཞིན་ཡོད་པ་རེད། མདོ་སྨད་ཆོལ་ཁའི་དབུས་རྒྱུན་ཟེར་བ་ལ་མཚོན་ན་དུས་རྒྱུན་༧གོང་ས་མཆོག་གི་སྐོར་ལ་ཤ་ཚ་བྱེད་མཁན་མདོ་སྨད་པ་ལས་གཞན་མེད་མདོག་མདོག་བྱེད་རྒྱུ་ཙམ་དང་། དེ་ལ་ཁ་གཏད་གཅོག་རྒྱུ་ཡིན་མདོག མདོ་སྨད་ནང་ཁུལ་ཙམ་ལས་བཙན་བྱོལ་སྤྱི་ཚོགས་ཧྲིལ་པོའི་ཁྲོད་བཟང་ངན་གཉིས་ཀ་བྱེད་ཐུབ་པའི་ནུས་པ་ཆེན་པོ་མེད་སྟབས་སྐབས་འདིར་མདོ་སྨད་ཆོལ་ཁའི་སྒྲིག་འཛུགས་དང་དེའི་འོས་གཞིའི་སྐོར་གླེང་སློང་བྱེད་དགོས་དོན་མེད་པ་ལྟ་བུར་མཐོང་བས་ཟུར་དུ་བཞག





2010.06.09 13:03:08
There are no translations available.

བོད་རིགས་བུ་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་དེ་རིང་ཊེ་ལྦ་ཊར་དྲ་ཚིགས་ནང་ཟིན་བྲིས་སྤེལ་བ་ཞིག་ལ་

西藏康区理塘县的近300藏民一路磕长头抵达拉萨,很多拉萨居民前往迎接,当地警察把朝佛者堵在拉萨大桥不让进入市区




2009.08.09 06:03:24
There are no translations available.

ངའི་སེམས་ནང་གི་བཀའ་ཁྲི་འོས་ཤོས་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ།

ད་ལྟའི་ཆར་མི་མང་པོ་ཞིག་གིས་བཀའ་བློན་ཁྲི་པའི་འོས་གཞིའི་སྐོར་བགྲོ་གླེང་དང་། བཀའ་བློན་ཁྲི་པ་ཞེས་པའི་དྲ་རྒྱའི་ནང་དུའང་བཀའ་ཁྲིའི་འོས་གཞི་རུ་མི་བཞི་སླེབས་འདུག དེའི་ནང་དུ་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་དང༌། སྦར་སིལ་སྐུ་ཚབ་བཀའ་ཟུར་བཀྲ་ཤིས་དབང་འདུས། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། སྐུ་སྒེར་དྲུང་ཟུར་བློ་བཟང་སྦྱིན་པ་བཅས་རེད་འདུག





2009.04.10 19:34:48
There are no translations available.

ཁོ་ཚེ་ཚུལ་ཁྲིམས་ཟེར་བ་ནི་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་འདུན་པ་ཞིག་ཡིན་པ་དང༌། ཁོ་ནི་བོད་ཀྱི་རིག་གནས་ལ་སྦྱང་བ་ཟབ་མོ་ཡོད་མཁན་ཞིག་ཡིན་འདུག ལོ་མང་བོའི་སྔོན་ནས་<<ཁོས་གངས་ལྗོངས་རིག་བཅུའི་སྙིང་བཅུད་ཆེན་མོ་>>ཞེས་པའི་དེབ་ཕྲེང་ཞིག་རྩོམ་སྒྲིག་པར་སྐྲུན་བྱེད་བཞིན་ཡོད་པ་དང༌། དེབ་དེའི་སྦྱིན་བདག་དོལ་ཚོགས་ཀྱི་འགོ་གཙོ་གངས་ཅན་བླ་མ་རྒྱ་བོ་དང༌། ད་དུང་དོལ་རྒྱལ་བའི་བླ་མ་ཁ་ཤས་ཤིག་ཡིན་འདུག་པ་དང༌། བོད་ནང་དུ་ཁོ་ཚེ་ཚུལ་ཁྲིམས་ལ་སྤྱི་ཚོགས་ནང་དུ་སྐྱོན་བརྗོད་བྱེད་མཁན་ཧ་ཅང་མང་བོ་ཡོད་འདུག་པ་དང༌། དྲ་རྒྱ་ཁག་ཏུའང་སྐྱོན་བརྗོད་བྱེད་མཁན་ཧ་ཅང་མང་བོ་ཡོད་པ་རེད། འོན་ཀྱང་སྔོན་མ་བལ་ཡུལ་དུ་དོལ་ཚོགས་ཀྱིས་གཉེར་བའི་ཚགས་པར་<<དམངས་གཙོའི་དུས་བབ་>>ཟེར་བའི་དགེ་བཤེས་ཆེན་མོ་ཁོ་ཚེ་ཚུལ་ཁྲིམས་ཞེས་ཁོའི་ལོ་རྒྱུས་དང་ཤེས་ཡོན་ལ་བསྟོད་པའི་རྩོམ་ཡིག་མང་བོ་ཞིག་སྤེལ་ཡོད་པ་སོགས། ཁོ་ཚེ་ནི་དོལ་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་ཞིག་ཡིན་པ་ཁོ་ཚེ་གོ་མྱོང་མཁན་ཞིག་ཡིན་ན་ཡོངས་གྲགས་ལྟ་བུར་གྱུར་ཡོད་པ་རེད།





2009.03.31 16:04:03
There are no translations available.

 

China's Panchen Lama at the World Buddhist Forum in March 2009

China hopes this monk will act as its public face on Tib

China has pushed a young bespectacled monk into the spotlight in an effort to show that it governs Tibet with a benign hand.

Officials have launched a vigorous propaganda battle over recent weeks, to demonstrate that Tibetans are thriving under Beijing's direction.

And the man China selected as its Panchen Lama, the second most important figure in Tibetan Buddhism, has been at the forefront of that campaign.

Although he is only 19, the Panchen Lama has already stepped onto the public stage to praise the Chinese Communist Party.

Tibet expert Professor Robert Barnett, of New York's Columbia University, says this is part of China's efforts to undermine the appeal of the Dalai Lama, the spiritual head of Tibetan Buddhism.

"He will never really replace the Dalai Lama, but his role confuses the picture and can gradually be used to weaken the Dalai Lama's standing," he said.

"I think [China's] Panchen Lama is being built up very gradually as a public spokesman within the Tibetan Buddhist world."

Lavish praise





2009.03.27 19:26:07
There are no translations available.

ཉེ་བའི་ཆར་རླུང་འཕྲིན་ཁག་ཅིག་ལས་ཐོས་པ་ལྟར་ན། ཁེ་ན་ཌར་གནས་སྡོད་སྤྱི་ཟུར་བསམ་གྲུབ་ལགས་ཨིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་བོད་གཞུང་གི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་པའི་གནས་ཚུལ་ཞིག་ཐོན་འདུག གནས་ཚུལ་དེ་ཕྱིར་བསྒྲགས་བྱས་པ་ནི་ཁོང་གིས་ཀྱང་དང་ལེན་གནང་ཟིན་པ་ཞིག་མ་ཡིན་པར་ཕྱི་བསྒྲགས་བྱེད་མི་སྲིད་པ་ཞིག་ཡིན་པས། དང་ལེན་གནང་ཟིན་པ་གསལ་པོ་རེད། སྤྱི་ཟུར་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་ལོ་སྔོན་མའི་མང་གཙོའི་དུས་ཆེན་ནས་བཟུང་བཀའ་བློན་ཁྲི་པ་ཞེས་པའི་དྲ་རྒྱ་ཞིག་འགོ་འཛུགས་བྱས་ཡོད་པ་དང༌། སྐབས་རྗེས་མའི་བཀའ་ཁྲིའི་འོས་གཞི་འཚོལ་རྒྱུའི་ལས་འཆར་ཆེན་པོ་ཞིག་ཡོད་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་མ་ཟད། མི་མང་པོ་ཞིག་གིས་དེ་ལ་དོ་སྣང་ཆེན་པོ་བྱས་ཡོད་པ་རེད།





2009.03.12 06:17:04
There are no translations available.

མི་མང་གི་ཐད་ཀར་འོས་བྱ་རྒྱུའི་བཀའ་ཁྲི་སྐབས་གསུམ་པ་འདི་ཧ་ཅང་གལ་ཆེན་ཡིན་སྟབས་ང་རང་གི་བསམ་ཚུལ་ལྟར་བྱས་ན་གཤམ་གསལ་མི་འདི་དག་འོས་འཚམས་ཡོད་པར་སྣང་ཡང་ཁྱེད་རྣམས་ལ་དགོངས་ཚུལ་གང་ཡོད་གསལ་པོ་གསུང་རོགས། གནད་དོན་འདི་དོན་མེད་རྩེད་མོའི་རིགས་དང་མི་འདྲ་བར་གལ་ཆེ་དོན་ཆེན་དུ་བརྩིས་ནས་བསམ་ཚུལ་སྤེལ་རོགས་གནང་ཞུ་རྒྱུ་ཡིན།

གཅིག བཀའ་ཟུར་བཀྲ་ཤིས་དབང་འདུས།

གཉིས། བཀའ་ཟུར་པདྨ་ཆོས་འབྱོར།

གསུམ། བཀའ་ཟུར་བློ་བཟང་སྙན་གྲགས།

གཤམ་དུ་གོང་གསལ་མི་སྣ་འདི་དག་གི་ངོ་སྤྲོད་མདོར་བསྡུས་རེ་ཞུ་རྒྱུ་ཡིན།





2009.02.15 20:23:49
There are no translations available.

གནད་དོན་འདིའི་སྐོར་ལ་བགྲོ་གླེང་དང་ལན་འདེབས་བྱེད་དགོས་པར་མཐོང༌།

ལོ་འདིར་བོད་ནང་དུ་བོད་རིགས་གང་མང་ཞིག་རྒྱ་གཞུང་གིས་དམར་གསོད་བཏང་བ་དང༌། གང་མང་ཞིག་གིས་བཙོན་འཇུག་མནར་གཅོད་སྣ་ཚོགས་མྱོང་བཞིན་པར་བརྟེན། བོད་ཕྱི་ནང་གཉིས་སུ་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་ལོ་སར་མི་ གཏོང་བའི་བྱེད་ཐབས་དེ་ལ་རྒྱ་གཞུང་གིས་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་དང༌། རྒྱ་ནག་གཞུང་གི་ངོས་ནས་ལོ་སར་གཏོང་དགོས་པའི་བཙན་བཀའ་དང་བསླུ་བྲིད་གང་མང་ གཏོང་བཞིན་པ་མ་ཟད། བཙན་བྱོལ་ཁྲོད་དུ་ལོ་སར་མི་གཏོང་བའི་བྱ་ཐབས་དེ་ལ་ངོ་རྒོལ་དང་སེམས་འཚབ་ཀྱི་ རྩོམ་ཡིག་ཅིག་གྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཟེར་བ་རུ་སྤེལ་འདུག་པ་ འདིར་ཆ་ཚང་དཔྱད་གཞིའི་ཚུལ་དུ་དྲངས་ཡོད་པས། ཚང་མས་དེའི་སྐོར་ལ་བགྲོ་གླེང་ལྷུག་པ་པོ་དང༌། ལན་འདེབས་གསལ་པོ་ཞིག་གནང་དགོས་པར་སྣང༌། གཤམ་དུ་རྩོམ་ཡིག་དེ་ཆ་ཚང་བཀོད་ཡོད་པས་དེར་གཟིགས་རོགས་ཞུ་བཞིན་ཡོད། རྩོམ་ཡིག་འདི་དྲ་དྲོགས་ཕལ་མོ་ཆེས་གཟིགས་ཡོད་ངེས་ཀྱང༌། གཟིགས་སྟབས་བདེ་ཕྱིར་འདིར་བཀོད་པ་ཡིན།

 





2009.01.26 23:51:46
bon
There are no translations available.

དོན་ཚན་བདུན་འདི་ནི་དྲ་གྲོགས་ཚོས་ཀྱང་རེ་སྒུག་བྱས་ནས་འགོར་སོང་བ་ཞིག་རེད་ལ།  རྨོག་རུ་བསྟན་པས་ཀྱང་བསགས་ནས་མ་བཟོད་པར་བྱོ་སོང་བ་ཞིག་རེད། འདི་རྨོག་རུ་ལ་མཚོན་ཧ་ཅང་གལ་ཆེན་ཡིན་པ་དེ་ཡིག་ཆ་འདིའི་མ་ཟིན་ང་ལ་སྤྲད་སྐབས།  ཨང་གྲངས་ཁ་ཤས་བབ་མེད་པ་དེ་ཡང་ཁོང་གིས་བསྐྱར་འབྲི་བྱས་ནས་འདི་དག་གང་ནས་གཏུགས་དགོས་ན་ང་ལ་ཁུངས་སྐྱེལ་ར་སྤྲོད་ཡོད།  གནས་ཚུལ་ཆ་ཚང་འདིར་ཡོད་ཅེས་བཤད་ཞོར་ང་ལ་སྤྲད་སོང་། ད་དུང་དོན་ཚན་བདུན་པོ་དེ་ཡི་འགོ་འདི་ལྟར་བཙུགས་འདུག  གཤམ་དུ་སྒོ་མང་དགེ་བསྐོས་ལགས་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིམས་བདག་ཡིན་པས་ཆ་ནས་སྐད་ཆ་དྲང་པོར་མ་བཤད་པ་མ་ཟད། སྐྱག་རྫུན་འདེམས་སྒྲིག་གིས་སྐད་ཆ་མང་པོ་ཞིག་བཤད་འདུག་པར་ངེད་ལ་བློ་ཕམ་བྱུང་ཞེས་དོན་ཚན་བདུན་གྱི་འགོ་བཙུགས་འདུག





2008.12.20 20:18:37
There are no translations available.

ད་ལྟའི་དུས་ཚོད་འདིར་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་རྩོད་རྙོག་ཧ་ཅང་ཉུང་ཉུང་ཡིན་ནའང༌། ཤུགས་ལྡན་སྐོར་གྱི་རྩོད་རྙོག་དེ་གཏན་ནས་འཇམ་ཐུབ་ཀྱི་མེད་པ་རེད། དེ་ལའང་རྒྱུ་མཚན་མི་འདྲ་བ་གཉིས་ཀྱི་ཐོག་ནས་འཇམ་ཐུབ་ཀྱི་མེད་པ་དང༌། དེ་ཡང་ཁེ་ཕན་དང་འབྲེལ་བའི་ཆ་ནས་རྩོད་རྙོག་དེ་ཞི་འཇམ་དུ་འགྱུར་ཐུབ་ཀྱི་མེད་པ་དང༌། ཁག་ཅིག་གིས་སྒེར་ནད་སྤྱི་སྤུངས་ཀྱི་ཐོག་ནས་རྩོད་རྙོག་དེ་ཞི་འཇམ་དུ་གཏོང་མི་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད་པའི་ཚོར་སྣང་བྱུང༌།





2008.12.15 20:36:43
There are no translations available.

བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་ཐོག་མ་དམིགས་བསལ་ཚོགས་ཆེན་སྐབས་དོན་ཚན་གསུམ་གསུང་རྒྱུའི་གྲ་སྒྲིག་གནང་བ་དང༌། གྲ་སྒྲིག་གནང་བ་དེ་བཀའ་ཟུར་ཁག་ཅིག་དང་གྲོས་བསྡུར་བྱེད་པའི་སྐབས་བཀའ་ཟུར་རྣམས་ཧ་ཅང་ཞེད་ནས་སྐུ་ངོ་དེ་འདྲ་མ་གསུངས་ཞེས་ཞུ་བ་འཐེན་པའི་གནས་ཚུལ་བྱུང་བར་བརྟེན་ཚོགས་ཆེན་ཐོག་དེ་ལྟར་གསུངས་ཡོད་མི་འདུག དོན་ཚན་གསུམ་གཤམ་དུ་བཀོད་ཡོད།



2008.12.13 20:22:20
There are no translations available.

ང་ནི་དུས་རྒྱུན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་གིས་གོ་སྒྲིག་བྱས་ཀྱང་མཛད་སྒོ་དང་ལས་འགུལ་གྱི་རིགས་ལ་བཅར་རྒྱུར་དགའ་ཞིང༌། ལོ་འདིའི་ཕྱི་ཟླ་༡༢ པའི་ཚེས་༡༠ ཉིན་ནི་ྋགོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་མི་ལོ་ཧྲིལ་པོ་༡༩ འཁོར་བའི་ཉིན་མོ་རེད། དེར་བརྟེན་ང་ཡང་ཞོགས་པ་སྔ་ཙམ་ནས་ཡར་ལངས་ཏེ་གཙུག་ལག་ཁང་གི་མདུན་ཐང་དུ་འབྱོར་བའི་སྐབས་མི་ཚོགས་ཀྱི་རྒྱུ་འགྲུལ་སྔོན་གྱི་མཛད་སྒོ་ཁག་དང་བསྡུར་ན་ཧ་ཅང་ཉུང་ལ། ནམ་རྒྱུན་རྐུབ་ས་ལ་འཛུགས་ས་རག་མིན་ལ་སེམས་ཁྲེལ་དགོས་ནའང༌། དེ་རིང་ང་འདུག་སའི་གཡས་གཡོན་དུ་དྷ་སྟེང་བོད་ཁྱིམ་དང༌། དྷ་ཤོད་བོད་ཀྱི་སློབ་ཕྲུག་རྣམས་ལས་གཞན་པ་ཧ་ཅང་ཉུང༌།