西藏快报 写博客文章 Tag: སྐྱིད་མ་སྡུག་གི་ཡུལ་གྱར་བའི་འཚོ་བ།

The Tibet Express

选择语种

བོད་ཡིག繁體中文English
  • 註冊
    *
    *
    *
    *
    *
    Fields marked with an asterisk (*) are required.
  • 搜尋

Tag: སྐྱིད་མ་སྡུག་གི་ཡུལ་གྱར་བའི་འཚོ་བ།

2009.11.09 03:09:01
There are no translations available.

གཡུ་ཡི་མེ་ལོང་ཕྱིས་བརྡར་བྱས་འདྲའི་སྤང་ན།།
མཐིང་སྨུག་སྦྲ་དང་ནོར་བའི་ནག་པོ་ཆེན་པོ།།
རྭ་རྩེ་གནམ་ལྕགས་ཐོག་ལས་དྲག་ཤུལ་ཆེ་ཞིང༌།།
ངར་སྒྲ་འབྲུག་ལ་འགྲན་པའི་གཡག་རྒོད་དར་མ།།





2009.10.19 07:07:35
There are no translations available.

སྤྱོད་པ་འཇམ་ལ་ཀ་ཤིའི་རས་འདྲ་ཞིག་འདུག་སྟེ།།

ཀིམ་པའི་འབྲས་བཞིན་ཁ་ཁོག་མི་མཚུངས་དེ་སྐྱོ་བ།།

ག་ལེར་གདན་ལ་བཞུགས་དུས་བླ་མ་ཞིག་འདྲ་སྟེ།།

ང་དང་ཁོ་ཞེས་ཕྱོགས་ཞེན་ཆེ་བ་དེ་སྐྱོ་བ།།



2009.10.05 06:30:32
There are no translations available.

སྔར་ཡིན་ན་དབུས་ལྷ་སའི་ཇོ་བོ་མཇལ་རྒྱུ་བྱུང་ན། ཚེ་ཕྱི་མར་ངན་སོང་མི་གཏོང་ཞེས་པའི་ཤོད་སྲོལ་དང་འབྲེལ་ནས། མདོ་ཁམས་ཀྱི་མི་རྣམས་ལྷ་སར་ཇོ་བོ་རིན་པོ་ཆེ་མཇལ་དུ་འགྲོ་བའི་སྟ་གོན་གྲ་རྒྱས་པོ་ཞིག་བྱེད་དགོས་ཀྱི་ཡོད། དཔེར་ན། དུས་ཚོད་རིང་པོའི་སྔོན་ནས་ལག་དངུལ་གང་ཐུབ་གསོག་པ་དང་།





2009.03.12 03:54:49
There are no translations available.

                        བོད་རང་བཙན་གྱི་དྲག་ཤེད་དོན་རྐྱེན་ལས་འཕྲོས་པའི་ཡི་གེ

        ཏཱ་ལའི་ཡིས་འདི་སྐད། ང་ལ་ཀྲུང་གོ་བའི་ཐབས་ཇུས་ཀྱི་ཆ་འཕྲིན་གལ་ཆེན་ཞིག་ཡོད། ཁོང་ཚོས་དྲག་ཤེད་ཀྱི་བྱ་སྤྱོད་བསླངས་པའི་རྒྱུ་མཚན་ནི་ཁོ་ཚོའི་བྱེད་ཐབས་དྲག་ པོ་དེ་ཁྲིམས་མཐུན་དུ་བསྒྱུར་བར་འདོད་པ་དེ་ཡིན། 

           ཨན་ཚེ་བརྟན་གྱིས་འདི་སྐད། སྐད་ཆ་དེས་ཏཱ་ལའི་ཡིས་སྔ་མོ་ནས་བོད་རང་བཙན་གྱི་ དྲག་ཤེད་བྱེད་མཁན་དང་འཇིགས་སྐུལ་ཚོགས་པའི་བྱེད་སྤྱོད་ཀྱི་ཉེས་འགན་གཡོལ་འགོ་ བརྩམས་པ་དེ་རེད། ད་ལྟ་བོད་གཞོན་ནུ་ཚོགས་པ་དེ་ རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དྲག་ཤེད་ཅན་གྱི་འཇིགས་སྐུལ་ཚོགས་པ་ཡིན་པ་ཁས་ ལེན་བྱས་ཡོད་མོད། ཏཱ་ལའི་ཡིས་ཅིས་ཀྱང་དེ་ལྟར་མིན་ཚུལ་བཤད་པ་རེད།   





2009.02.21 12:48:11
There are no translations available.

Clinton: Chinese 'human rights can't interfere' with other crises

BEIJING, China (CNN) -- U.S. Secretary of State Hillary Clinton broached the issue of human rights with Chinese leaders Saturday, but emphasized that the world economic and other crises are more pressing and immediate priorities.





2009.01.18 12:41:17
bon
There are no translations available.

དེ་རིང་ཧི་གཟུགས་ཟིན་བྲིས་ནང་ཟིན་ཐོ་ཁ་ཤས་བཀོད་པ་བོར་སོང་བས་ངའི་སྙིང་ན་སོང། དེ་ནས་ཧི་གཟུགས་ནང་ལ་གཤམ་འོག་གི་ཟིན་བྲིས་འདི་འདྲ་ཞིག་སྤེལ་ནས་འོང་བ་ཡིན། བསམ་བློ་ཞིག་བཏང་ནས་འདིའི་དྲ་གྲོགས་ཧི་གཟུགས་བ་ཚོས་ཀྱང་ཆབ་སྲིད་སྐོར་བོད་ནང་གི་དྲ་བར་འགོད་པ་ལ་གཟབ་གཟབ་བྱེད་དགོས་པ་འདྲ།  ཁོང་ཚོ་ལ་དཀའ་ངལ་འཕྲད་ཀྱིན་ཡོད་པ་འདྲ་ཞེས་པའི་གསལ་འདེབས་ཙམ་དུ་ཧི་གཟུགས་ནང་བཀོད་པའི་སྡུ་གཏམ་དེ་འདིར་ཡང་བཀོད་པ་ཡིན།    


2009.01.13 04:47:10
There are no translations available.

དུས་རབས་ཉེར་གཅིག་པ་འདི་རྡུལ་ཕྲན་དང་ཆ་འཕྲིན་གྱི་དུས་རབས་ཞེས་སུ་འབོད་ཅིང༌། མི་རྣམས་ཚ་ཚ་འུར་འུར་དུ་དཔལ་འབྱོར་རང་བཞིན་གྱི་འཕེལ་རྒྱས་ལ་བློ་ཁ་ཕྱོགས་པའི་དུས་རབས་ཤིག་ཀྱང་ངང་གིས་ཆགས་ཡོད། དེར་བརྟེན་འཛམ་གླིང་ཧྲིལ་པོའི་མི་མང་ཕལ་ཆེ་བར་ནམ་ཞིག་འབྱོར་ལྡན་མི་དྲག་ཅིག་བྱ་ཐུབ་ན་སྙམ་པའི་ཚོར་སྣང་ཞིག་རྟག་ཏུ་འབྱུང་གིན་ཡོད་མོད། འོན་ཀྱང་གང་ཟག་སྒེར་སོ་སོའི་བསམ་བློར་ཡར་ཐོན་དང་བཟང་ཕྱོགས་སུ་སྒྱུར་བཅོས་ཅི་ཡང་མི་བྱེད་པར་དེ་ནི་ངའི་གཤིས་ཀ་ཡིན་སྙམ་པའི་ལྟ་བ་མཁྲེགས་པོ་རེ་འཁུར་ནས་བསྡད་ཡོད།



2008.12.31 06:24:54
There are no translations available.

 བཙན་བྱོལ་བོད་ཀྱི་གཞས་པའི་དཀའ་ངལ་དང༌། འགན་འཁྲི། གདོང་ལེན།

ང་ཚོ་སྐྱབས་བཅོལ་བ་ལ་མཚོན་ན་ཉིན་རེའི་འཚོ་བ་འགྲིག་ཙམ་ལས་དཔལ་འབྱོར་གྱི་མཐུན་རྐྱེན་སྐྱོ་པོ་ཡིན་སྟབས། ཕུན་སུམ་ཚོགས་པ་དང་རྒྱས་སྤྲོས་བྱེད་རྒྱུ་ཤིན་ཏུ་ནས་ཁག་པོ་རེད། དེའི་མཚོན་རྟགས་ནི་བཙན་བྱོལ་ཁྲོད་ཀྱི་གཞས་པ་རྣམས་ཀྱིས་ལྟད་མོ་ཡོད་པའི་གཞས་ཀྱི་བརྙན་འཁོར་(VCD)དང་(DVD)ལྟ་བུ་བཟོ་ཐུབ་མཁན་དཀོན་པ་དང༌། ཕལ་ཆེ་བས་སྒྲ་དབྱངས་འོད་སྡེར་(ACD)བཟོ་བའི་རྒྱུ་མཚན་དེ་ལྟར་རེད། དེ་ལ་འགྲོ་སོང་ཧིན་སྒོར་འབུམ་གཅིག་དང་ཕྱེད་ཀ་བརྒལ་བ་མེད་ན་ལེགས་འགྲུབ་ཡོང་རྒྱུ་ཧ་ཅང་ཁག་པོ་ཡིན།





2008.12.22 01:44:30
There are no translations available.

སྦེལ་ཀོབ་ས་གནས་གཞོན་ནུ་དང་བུད་མེད་སོགས་ཀྱིས་མྱང་ངན་དྲན་གསོའི་ཆེད་ལོ་གསར་མི་གཏོང་བའི་ལས་འགུལ་ཟེར་བ་དེར་ང་རང་གི་ངོས་ནས་རྒྱབ་སྐྱོར་བྱེད་འོས་སུ་མཐོང༌། ད་ལོར་ཆ་མཚོན་ན་བོད་གངས་ཅན་གྱི་ལྗོངས་དེ་ཉིད་བཙོན་ར་ཆེན་པོ་ཞིག་གི་ངང་ཚུལ་ལས་མེད་ལ། བོད་མི་ཚོར་མཚོན་ན་བཙོན་པ་རྐྱང་རྐྱང་གི་འཚོ་བ་ཞིག་བསྐྱལ་དང་སྐྱེལ་མུས་རེད། ལོ་རྗེས་མར་ཆ་བཞག་ན་བོད་ཁམས་ཡོངས་རྫོགས་རྒྱ་འོག་ཏུ་བསྡུས་པ་དང༌། ྋགོང་ས་སྐྱབས་མགོན་ཆེན་པོས་གཙོས་བོད་མི་མང་པོ་མི་འདོད་བཞིན་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་མྱ་ངན་དུས་དྲན་གྱི་ལོ་ཞིག་ཡིན་པ་ལས། དགའ་སྐྱིད་ཀྱི་དཔལ་ལ་རོལ་བའི་དུས་བཟང་ཞིག་གཏན་ནས་མིན། དེར་བརྟེན་བཙན་བྱོལ་ནང་ཙམ་དུ་མ་ཟད། བོད་ནང་གི་རྒྱ་ཆེའི་སྤུན་ཟླ་རྣམས་ཀྱིས་མྱ་ངན་མཚོན་བྱེད་དུ་ལོ་གསར་གྱི་དགའ་སྟོན་མི་བྱེད་པའི་ལས་འགུལ་ཞིག་སྤེལ་ཐུབ་ན་བོད་སྤྱི་པའི་རྩ་དོན་ལ་གང་ལ་གང་འཚམ་གྱི་ཕན་ཐོགས་ཡོང་ངེས་རེད། དེར་བརྟེན་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ལས་འགུལ་དེར་རྒྱབ་སྐྱོར་དགོས་རྒྱུ་གལ་ཆེན་པོ་རེད་སྙམ།།





2008.12.20 07:10:48
There are no translations available.

དོན་དམ་པའི་ཤེས་ཡོན་པ་ཞིག་ཡིན་ན། རྒྱུ་མཚན་ལྡན་པ་དང༌། དངོས་ཡོད་གནས་ཚུལ་དང་མཐུན་པའི་རྣམ་དཔྱོད་དང་རིག་པའི་རྩལ་གྱིས་གཞན་ལ་འགྲན་ཟླ་དང་སྐྱོན་བརྗོད་བྱེད་པ་ལས། སྒེར་གྱི་འཁོན་འཛིན་དང་ཚོད་དཔག་རྐྱང་རྐྱང་གིས་གཏམ་ཉོག་གང་སར་སྤེལ་བ་ནི། ཤེས་ཡོན་པ་དངོས་གནས་ཤིག་མིན་པའི་རྟགས་མཚན་རེད། དེ་ལྟར་ཞིབ་ཚགས་ཀྱིས་བསམ་བློ་གཏོང་ན་དོན་དམ་པའི་ཤེས་ཡོན་པ་དང༌། རྩོམ་པ་པོ། སྙན་ངག་པ་ཞིག་ང་ཚོའི་སྤྱི་ཚོགས་སུ་རྙེད་དཀའ་བར་གྱུར་ཡོད། དེའི་རྒྱུ་མཚན་ནི་མི་གཞིའི་ཀུན་སྤྱོད་ལ་དོ་སྣང་མ་བྱས་པ་དང༌། ཁ་ཙམ་གྱི་ཤེས་ཡོན་པ་དང༌། རྩོམ་པ་པོ། སྙན་ངག་པ་ཞིག་ལས། བསམ་བློའི་སྒྲོ་འདོགས་ཆོད་པ་ཞིག་བྱེད་པའི་སྙིང་རུས་སམ་བརྩོན་འགྲུས་ཀྱིས་མི་འདང་བའི་སྐྱོན་མངོན་གསལ་དོད་པོ་ཉིན་མཚན་བར་མེད་དུ་ཡོང་གི་ཡོད་པ་ང་ཚོས་ཚོར་དགོས་པ་འདུག བསམ་ཚུལ་འདི་ནི་རང་གིས་རང་ལ་དཔེ་བྱས་ནས་ཀློག་པ་པོ་རྣམས་ལ་དྲན་སྐུལ་གྱི་ཚུལ་དུ་ཡིན་པ་ལས། སུ་ལ་ཟུར་ཟ་དང་ནག་པོ་བཟོ་འདོད་ཀྱིས་བྲིས་པ་ཞིག་མིན། 





2008.12.18 07:36:30
There are no translations available.

 དོན་སྙིང་མེད་པའི་གསེར་གྱི་རྟགས་མའི་གྲངས་འབོར།

རྩོམ་འདི་བྲིས་ནས་དུས་ཚོད་ཅུང་ཙམ་འགོར་སོང་བས་ཀློག་པ་པོ་རྣམས་ལ་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།


    ངས་འདི་ལྟར་རྒྱལ་སྤྱིའི་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མའི་གྲངས་འབོར་ནི་དོན་སྙིང་མེད་པ་ཞིག་རེད་ཅེས་བརྗོད་རྒྱུ་མིན་པར། ད་ལོའི་ལུས་རྩལ་འགྲན་ཚོགས་སྐབས་རྒྱ་ནག་ལ་གསེར་གྱི་རྟགས་མའི་གྲངས་འབོར་མང་ཤོས་ཐོབ་པ་དེར་བསམ་གཞིགས་ནན་མོ་བྱས་ན་དོན་སྙིང་མེད་པ་ཞིག་རེད་ཅེས་བརྗོད་འདོད་པ་ཡིན།
    སྤྱིར་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ནི་ཞི་བདེ་དང་རང་དབང་ཆ་ཚང་ཡོད་སའི་རྒྱལ་ཁབ་ཅིག་ཏུ་འཚོག་གི་ཡོད་པ་ནི་ཀུན་གྱིས་གླེང་གཞིར་གྱུར་པ་ལྟར་རེད། ད་ལོར་ཆ་མཚོན་ན་རྒྱ་གཞུང་གིས་ཁ་བྲལ་ཐབས་མེད་པའི་ཆ་ཤས་སུ་སྒྲོག་བཞིན་པའི་བོད་དེ་ཉིད་དྲག་དམག་དང་མཚོན་ཆས་བསྐོར་ནས་མི་རིགས་སྡེབ་གསོད་དང༌། བཙོན་འཇུག རྡུང་རྡེག་གི་སྲིད་ཇུས་ཤིག་ལག་ལེན་དུ་བསྟར་བཞིན་དུ། རྒྱལ་ས་པེ་ཅིང་དུ་འབོད་པའི་དམངས་གཙོའི་རིང་ལུགས་ཀྱི་ཞི་བའི་གྱེན་ལངས་པ་རྒྱ་ནག་རང་གི་མཐོ་རིམ་སློབ་མ་སྟོང་ཕྲག་མང་པོའི་སྲོག་དམར་བཅད་སའི་བཤས་ར་དང༌། རྣམ་ཤེས་འཁྱམ་སའི་གཤིན་ས་དེར་དགའ་འབོད་ཐལ་རྡེབ་ཀྱིས་གསེར་གྱི་རྟགས་མར་འགྲན་རྩོད་བྱེད་པ་ནི། རོ་ཐོག་ཞབས་བྲོ་འཁྲབ་པ་དང་གཉིས་སུ་མེད་ལ། ཚེ་སྲོག་འཕྲོགས་པའི་སློབ་མ་འདས་པོ་ཚོའི་རྣམ་ཤེས་ལ་སྡིག་སྨོད་བྱས་པ་དང་ཁྱད་པར་མེད། དེ་ནི་གསེར་གྱི་རྟགས་མའི་གྲངས་འབོར་ལ་དོན་སྙིང་མེད་པའི་རྒྱུ་མཚན་དང་པོ་དེ་རེད།





2008.12.17 08:40:48
There are no translations available.

ངས་ནམ་ཡང་དྲན་ཡོང་བ་ཞིག་ནི། ང་ཚོ་བོད་མི་ཡོངས་རྫོགས་ལ་རང་དབང་གི་ཉིན་མོ་ཞིག་ཤར་ནས་རང་ཡུལ་ལུང་པར་ལྷན་འཛོམས་ཀྱི་ཉིན་མོ་ཞིག་འཆར་རྒྱུ་དེ་རེད། དེ་ནི་ང་ཙམ་མིན་པར་བོད་མི་ཡོད་དོ་ཅོག་གི་སེམས་ལ་གནག་པའི་དོན་ཆེན་དང༌། རེ་སྒུག་ཅིག་རེད། འོན་ཀྱང་ཇི་ལྟར་བྱས་ནས་ལྷན་དུ་འཛོམས་ཐུབ་བམ། དུས་ནམ་ཞིག་ལ་འཛོམས་ཐུབ་བམ། རེ་སྒུག་རྐྱང་རྐྱང་གིས་འཛོམས་ཐུབ་བམ་ཟེར་བའི་དྲི་ཚིག་ལྗིད་པོ་འགའ་མིག་མདུན་དུ་ལྷུང་ཡོང་ཚེ། མི་སྒེར་སོ་སོའི་འཇོན་ཚོད་ཀྱིས་འཕག་ཚག་རེ་རྒྱག་དགོས་པའི་གནས་ལུགས་ཤིག་རིམ་བཞིན་རྟོགས་འོང༌། གཞན་མ་གཏོགས་ནམ་ཡང་རེ་སྒུག་གི་ཉི་མ་འཁྱོལ་ཐབས་བྱས་ན་སྐྲ་དཀར་པོ་སྐྱེ་སྲིད་ལ། སོ་དཀར་པོ་བུད་སྲིད། དེ་དུས་སྡུག་བསྔལ་ཞིག་འཁུར་བཞིན་ཨ་ཁུ་ཆོས་རྒྱལ་མཇལ་དུ་འགྲོ་རྒྱུ་ལས་ལྷག་མེད།