ལྷ་སྨོན་པ། |
དེ་རིང་ང་བོད་ཀྱི་བང་ཆེན་གྱི་དྲ་རྒྱར་འཛུལ་ཞུགས་བྱེད་ཐུབ་པས་དགའ་པོ་བྱུང༌། ངས་གནས་འདི་ནས་རང་ཉིད་ལ་དབང་བའི་མལ་ས་ཆུང་ཆུང་བཟོས་ནས་དུས་རྒྱུན་རྨི་ལམ་སྐྱིད་པོ་རེ་གཏོང་ཐབས་བྱེད་ཀྱི་ཡོད། དྲ་གྲོགས་དག་ཁྱེད་ཅག་གིས་ཉོབ་སྣང་མ་བྱེད། ངའང་གདོང་དམར་བའི་རིགས་རྒྱུད་འཁྲུལ་མེད་ཅིག་ཡིན་ལ། དུས་རྒྱུན་མི་རིགས་དང་རང་ཉིད་ཀྱི་ལས་དབང་ལ་སེམས་ཁུར་བྱེད་མཁན་ཞིག་ཀྱང་ཡིན། འོན་ཀྱང་བོད་ཡིག་སྐྱོ་ཙམ་ཡོད་པས་དུས་རྒྱུན་ལམ་སྟོན་གནང་རོགས།
|