西藏快报 博客 སྒ་པ་ཐུབ་བསྟན་དངོས་གྲུབ།

The Tibet Express

选择语种

བོད་ཡིག繁體中文English
  • 註冊
    *
    *
    *
    *
    *
    Fields marked with an asterisk (*) are required.
  • 搜尋

སྒ་པ་ཐུབ་བསྟན་དངོས་གྲུབ།


2012.05.03 11:01:41
There are no translations available.

 

 

 

རྨད་བྱུང་ལས་ཀྱི་ཁ་ཕྱོགས་ཤིག་གིས་གངས་དཀར་རི་བོའི་མཐོངས་སུ་བསུས་པའི།། 

གངས་རིའི་བླ་སྲོག་བསྟན་འཛིན་རྒྱ་མཚོ་ཁྱོད་དང་ཁྱེད་ཀྱི་གཟི་འོད་དག་གིས།།

དགོང་དམར་བོད་པའི་ཚེ་སྲོག་ནད་པ་བདེ་གནས་ལམ་དུ་འཁྲིད་པ་མཛད་དེར།།

ཡིད་སྨོན་དྭངས་མའི་ཆབ་ཀྱི་མཆོད་ཡོན་དུང་བ་དྲག་པོས་ཤུགས་ཀྱིས་འབུལ་ལོ།།

ཀྱེ་་་་་་་་་་་་་་་གངས་རི་ཡི་བླ་སྲོག  

 





2011.11.22 08:29:13
There are no translations available.

གཞིས་ལུས་ནས་རང་ལུས་མེར་བསྲེགས་ཀྱི་སྐབས་སུ་མོན་གྷོ་ནས་འདི་སྟར་བྱས་སོང་།

བཙན་གནོན་ངར་མའི་ནུས་ཤུགས་འོག་ནས།། 
གཞིས་ལུས་བོད་མི་རྒན་གཞོན་བར་གསུམ།། 
ཆོད་སེམས་དྭངས་མི་རླབས་ཕྲེང་གཙང་མས།། 
གོམ་ཁ་ཡོངས་པོར་སྒྱུར་སྟངས་ལྟོས་དང་།།


Tags:



2011.07.07 09:35:09
There are no translations available.

 

བརྒྱད་གཉིས་གྲངས་ལས་མ་ཡོལ་གཞོན་ནུ་ཞིག་གིས།།

ལུགས་ཟུང་ཉི་ཟླའི་དཔལ་ལ་གྲོགས་སུ་བརྟེན་ཏེ།།

གདོང་དམར་བོད་པའི་ཚེ་སྲོག་དྲོད་ཐིགས་སྟེར་མཁན།།

ཁ་བའི་རྒྱལ་རབས་བར་ན་ཁྱོད་ཉིད་གཅིག་པུ།།


Tags:



2011.06.11 04:19:08
There are no translations available.

སྤྲིན་གྱི་མ་གོས་ལྷ་ལམ་ཇི་བཞིན་རབ་ཡངས་ཡིད་ཀྱི་འཛིན་མའི་ཁྱོན།།

ཁྱོད་སྐུ་ལང་ཚོ་པདྨའི་ཁྲི་ཤིང་དུས་བཞི་ཁྱད་མེད་སྐྱེས་པས་ན།།

གཙང་གསུམ་ཆུ་བོའི་རྒྱན་དུ་ཆེ་བའི་ཁུ་བྱུག་འཇོ་མོའི་དབྱངས་དང་སྟོན།།

སྐྱེས་མ་ང་ཡི་གནས་ལུགས་འདའི་ཀོ་གླུ་རུ་ལེན་པས་གསན་རོགས་གནང་།།

 





2011.02.25 22:39:49
There are no translations available.

 


དུས་རབས་ཉེར་གཅིག་ཅེས་པའི་ལོ་ཟླ་ཡི་ཕྲོད་ནས།།

འཆལ་སྤྱོད་དུག་གི་མངར་ཁས་ཀླད་མེད་ཀུན་བཟི་ཞིང་།།

ཞི་བདེ་དྭངས་མའི་ཚོར་བ་རྒྱང་རིང་དུ་སྐྱེལ་བཞིན།།

འཕྲལ་མའི་ཟག་བཅས་བདེ་བར་ཡིད་སྨོན་གྱིས་ཁེངས་འདུག།Read More





2010.11.15 02:50:03
There are no translations available.

 

ལུས་ཀྱི་བྱེད་གཟུགས་མཛེས་པའི་ཉམས་བརྒྱ་འབར།།

སེམས་ཀྱི་ཚོར་འདུ་རིས་མེད་ཀུན་ལ་མཉམ།།

རང་གཤིས་དྲང་ཞིང་གཞན་གྱིས་བསླུ་སླ་བ།།

འདི་ནི་གྲོགས་མཆོག་ཁྱོད་ཀྱི་མཚན་ཉིད་ཡིན།།





2010.11.14 04:54:39
There are no translations available.

བྱམས་བརྩེའི་མཛའ་ཐག་རིང་ནས་ཆད་དེ་འགྲོ་བའི་སྲོག་ལ་སྒྱུད་ནས་བརྒོལ།།

ཀོ་ལྤག་དམར་རུ་འཐན་རྒྱང་བྱས་ནས་དམར་སེར་ན་བཟའ་ནག་ནོག་བསྒྱུར།།

ཚུར་རོལ་ཁེ་ཕན་ཅུང་ཟད་མཐོང་ཚེ་རྒྱུ་འབྲས་ཚང་ཐེག་སྐྱོག་ནས་འགྲོ།།

དེ་ལྟར་བྱེད་པའི་སེར་མོ་བ་དག་རབ་བྱུང་གཙང་མ་བྱས་ན་མཛེས།།





2010.10.06 02:13:06
There are no translations available.

ཕྲ་རག་འགྲོ་བའི་འཚོ་གནས་གཅིག་པུ།།

མ་བཅོས་སེམས་ཀྱི་རང་གཤིས་གཙང་མའི།།

ཚེ་སྲོག་རིན་ཆེན་གསེར་གྱི་མཆོད་གདོང་།།

གཅེས་སྤྲས་སྟོང་གི་བསུ་མ་བྱོས་དང་།།


Tags:



2010.09.05 23:51:34
There are no translations available.

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་།དང་བླངས་ཀྱི་ལས་འགུལ་བ་་འགའ་ཞིག་གིས་བཏོན་པའི་བཀའ་ཁྲིའི་འོས་མི་དང་། རང་ཉིད་དང་བླངས་ཀྱིས་ལངས་པའི་བཀའ་ཁྲིའི་འོས་མི་གཉིས་ལས་གྲུབ་པའི་འོ་མི་བཅུ་ཕྲག་གཅིག་ལས་རྒལ་བ་ཞིག་ད་ཆར་ཀུན་གྱི་མིག་སྔར་གསལ་ཞིང་ཡོད།འོ་ན་འདི་དག་ལས་གཞན་པ་བཀའ་ཁྲིའི་འོསཆོས་ཚང་བ་མེད་དམ་སྙམ་ན་མ་ཡིན་ཡང་། ཡོང་ལ་ཉེ་བའི་སྐབས་གསུམ་པའི་བཀའ་ཁྲི་ལ་འདི་དག་ལས་གཞན་པ་ཞིག་གཏན་ནས་ཡོང་མི་ཐུབ་པའམ་ཡོང་མི་སྲིད་པར་ཁོ་བོས་ཚོད་དཔག་བྱེད་བཞིན་ཡོད།
Tags:



2010.06.30 09:58:18
There are no translations available.

   

 ང་ནི་དེ་རིང་དྲ་བ་འདིའི་ཐོག་གསར་དུ་འབྱོར་བའི་ཀླད་མེད་ཅིག་ཡིན།

མཐོང་ཆུང་དང་ཁྱད་གསོད་མེད་པར་ཕན་ཚུན་ལག་ཟུང་འཁྱུད་དེ་མཉམ་དུ་སྐྱོད་རོགས།


Tags: