西藏快报 博客 ཁྱེད་དང་ལྷན་དུ་གླེང

The Tibet Express

选择语种

བོད་ཡིག繁體中文English
  • 註冊
    *
    *
    *
    *
    *
    Fields marked with an asterisk (*) are required.
  • 搜尋

ཁྱེད་དང་ལྷན་དུ་གླེང


2012.05.21 00:19:29
There are no translations available.

གྲོགས་པོ་ཡོང་ལ་འཚམས་འདྲིས་བཀྲ་ཤིས་བདེ་ལེགས་ཞུ། ཡུན་རིང་མ་མཇལ་བའི་ཟླ་བའི་ནང་

ཁྱེད་ཅག་གི་སྐུ་གཟུགས་བདེ་ཐང་ཡོད་པ་དང་། བྱ་བ་ལམ་འགྲོ་ཡོང་བཞིན་ཡོད་པའི་རེ་བ་དང

་ལྷན་ཅིག་ཏུ། ངས་ཁྱེད་ཅག་ལ་ཞུ་འདོད་པ་ཞིག་ནི། དེ་རིང་ནི་རྒྱལ་ཡོང་རང་བཞིན་ཅན་དུ་

བདུན་ཕྲག་གཅིག་གི་ཐོག་མའི་ལས་ཀའི་འགོ་འཛུགས་བྱེད་བཞིན་པ་ལྟར།


Tags:



2012.04.28 05:04:20
There are no translations available.

བོད་དོན་གྱི་ཆབ་སྲིད་འཐབ་རྩོད་དེ་ཛ་དྲག་ཅན་དང་འཛམ་གླིང་རང་བཞིན་ཅན་དུ་གྱུར་ནས་མི་ཚང་མས་དོ་སྣང་གི་བློ་ཁ་དེ་ལ་ཕྱོགས་བཞིན་པའི་སྐབས་དེར་ངས་འདི་ནས་ཆབ་སྲིད་མ་ཡིན་པའི་སྡེ་ཚན་ཞིག་ཁྱེད་ཅག་གི་མདུན་དུ་ཁྱེར་ཡོང་ནས་ཐིབ་ཐིབ་ཞིག་བཤད་ཁུལ་བགྱིས་ཀྱང་ངས་ཁྱེད་ཅག་གི་བློ་ནས་དོ་སྣང་ཞིག་འབྱུང་རྒྱུ་ཡོད་པར་ཡེ་མ་སེམས།


Tags:



2012.04.17 01:10:34
There are no translations available.

དེ་རིང་ནི་ངས་གྲོགས་པོ་ཡོངས་ལ་ཚིག་ཁ་ཤས་ཤིག་ཞུ་བར་འདོད། ཁྱེད་ཅག་གིས་ཀྱང་

སྙན་གྱི་དབང་པོ་དལ་གཅིག་བདག་ལ་གཡར་བར་ཞུ། དེས་ན་ཁྱེད་ཅག་གིས་ཀྱང་མི་འདིས་

གང་ཞིག་ཞུ་བར་བྲོད་ནས་འདིར་ཡོང་བ་ཡིན་ནམ་སྙམ་པའི་ཚོར་སྣང་ཞིག་སྤྲོད་སྲིད།


Tags:



2012.03.27 00:28:29
There are no translations available.

༄༅། །འཛམ་གླིང་ཞི་བདེ་དེད་དཔོན་ཆེན་པོ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པར་ཤོག བོད་ལ་གདན་འདྲེན་ཞུ་དགོས། ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་ཚོགས་མཉམ་འཛོམས་བྱས་ནས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕོ་བྲང་པོ་ཏ་ལའི་མདུན་དུ་འབྲུག་སྒྲ་གྲགས་པ་གནང་བཞིན་སྨོན་ལམ་དང་ཡིད་ཆེས་བརྟན་པོ་ཡོད།


Tags:



2012.03.24 00:20:40
There are no translations available.

མཁས་དབང་འདི་དག་གིས་མི་ཞིག་ལ་ནག་ཉེས་ཕོག་ ཏུ་འཇུག་འདོད་ལྟ་བུ་ཞིག་ལས་དོན་གྱི་སྐད་ཆ་འཇལ་རིན་ཅན་ཞིག་མི་འདུག་པ་ནི་ཤེས་ ཐུབ་ཀྱིན་འདུག མཁས་དབང་ཞིག་ལ་སྨོད་པ་དང་། 
Tags:



2012.03.10 04:54:44
There are no translations available.

གཞན་ཡུལ་ནས་འཚོ་བ་སྡུག་གིས་བསྐྱལ་ཞིང་རང་ཡུལ་གྱི་རང་སའི་རང་དབང་སླར་གསོ་ཆེད་དུ་མི་ཚེ་སྲིད་དོན་འཐབ་རྩོད་ཀྱིས་བསྐྱལ་བའི་ངའི་སྤུན་ཟླ་དག ། དེ་རིང་ནི་བོད་ཁུལ་ཡོངས་རྫོགས་རྒྱ་དམར་ལ་ངོ་རྒོལ་གྱིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ནས་མི་ལོ་༥༣ འཁོར་བའི་ཉིན་མོ་ཡིན་པ་དང་།

Tags:



2012.03.06 23:40:53
There are no translations available.

གྲོགས་པོ་དག་དང་མ་ཐུག་པར་ཡིན་རིང་འགོར་བའི་བརྒྱུད་རིམས་ཁྲོད་སྔར་བཞིན་དུ་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོའི་ངང་གནས་པའི་རེ་བ་དང་ལྷན། ང་རང་གིས་ཁྱེད་ཅག་ལ་སྔར་སེམས་གཏམ་རེ་ཞུ་བཞིན་ཡོད་མུས་ལྟར། ད་རེབ་ཀྱང་སེམས་འགྱུ་འགའ་བཤད་པར་འདོད།
Tags:



2012.01.31 04:39:46
There are no translations available.

མཛའ་ཤིང་བརྩེ་བའི་གྲོགས་པོ་རྣམས་པ། མི་རིགས་རེ་ཡི་ལོ་རྒྱུས་རེ་ཡི་དཀྱོགས་མཚམས་རེ་ན། འགྱུར་ལྡོག་གིས་དཀྲུགས་པའི་དཀྱོགས་མཚམས་ཤིན་ཏུ་མང་པོ་ཡོད་། དཀྱོགས་མཚམས་དེ་དག་རྣམས་སུ་ཆེས་ཡིད་དུ་འོང་བའི་མཚར་སྡུག་གི་བཀོད་པའི་ལྷ་ཡུལ་ལས་ལྷག་པའི་གཞལ་མེད་ཁང་དང་གྲོགས་དགའ་མཛའ་དང་ཉེ་དུ་སོགས་ཕུན་སུམ་ཚོགས་པའི་རིན་ཐང་གིས་ཡོངས་སུ་གཏམས་ནས་བདེ་སྐྱིད་ཁོ་ནས་དུས་འདའ་བར་བྱས་པ་ལྟ་བུའི་སྣང་བ་བསྟེར་མྱོང་ཡོད་།


Tags:



2012.01.16 01:09:51
There are no translations available.

 

གསེར་མོ་ལྗོངས་ཞེས་གྲགས་པའི་གནས་གྱི་ཞིང་ན།་

གསེར་གྱི་རྟ་མཆོག་འཚེར་བའི་རུ་ལུང་ཞིག་ནས་།

གསེར་ལུང་པདྨ་འཁྱིལ་བའི་གདན་ས་དེ་རུ་།

འཇའ་ལུས་བཅུ་གསུམ་གྲུབ་པའི་ལོ་རྒྱུས་རང་བྱོན།


Tags:



2012.01.12 00:56:40
There are no translations available.

གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་ཆེན་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གདུལ་བྱའི་སྣང་ངོ་རུ་སྐུ་མྱ་ངན་ལས་འདས་ནས་ལོ་བརྒྱད་ཧྲིལ་པོ་འཁོར་ཡོད། ང་ཅག་བོད་འབངས་ཡོངས་ནས་གསོལ་འདེབས་དང་སྨོན་ལམ་ཞུ་དགོས།

http://www.youtube.com/watch?v=f0LS8jJwNhw&feature=related


Tags:



2012.01.08 04:33:57
There are no translations available.

དྷ་ས་ལ་ཁ་བ་ཤུགས་ཆེར་འབབ་པ་དེ་ནི་ལོ་ཁ་ཤས་ནང་ཤིན་དུ་དམིགས་བསལ་བ་ཞིག་ཡིན་པ།

ཚེས་དྲུག་དགོང་མོ་ནས་བརྒྱད་ཀྱི་ཞོག་པ་བར་དུ་བབ་པས་ཁ་བའི་འཐུག་ཚད་ལ་ཁྲི་གང་ཙམ་ཞིག་འབབ་ཡོད་པས་ད་ལོའི་ཁ་བ་དེ་ལོ་མང་རིང་གི་ཁ་བ་མཐུག་ཤོས་དེ་ཡིན་པརབརྗོད་བཞིན་འདུག་


Tags:



2012.01.04 02:05:43
There are no translations available.

ལྷོ་ཀོ་རི་ཡའི་སྲིད་འཛིན་སྐུ་ཞབས་ལིས་མེང་བྷག་རྒྱ་ནག་ཏུ་གཟིགས་སྐོར།

ལྷོ་ཀོ་རི་ཡའི་སྲིད་འཛིན་ལིས་མེང་བྷག་རྒྱལ་དོན་འཚམས་འདྲི་གཟིགས་སྐོར་སྐབས་བདུན་ཕྲག་རྗེས་མར་རྒྱ་ནག་གི་སྲིད་འཛིན་ཧུ་ཅུན་ཐོའོ་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེང་འདུག།


Tags:



2012.01.03 01:43:37
There are no translations available.

༼སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་བརྩི་སྲུང་བྱེད་པ་ནི་ཀྲུང་གོ་སྲིད་གཞུང་ གི་རྩ་བའི་སྲིད་ཇུས་ཤིག་ཡིན༽ཞེས་ཀྲང་གོ་ཆ་འཕྲིན་དྲྭ་བར་གནས་ཚུལ་དེ་སྤེལ་བ་དེ་ཡོས་རོབ་ཀྱི་སྦེལ་ཇམ་ཁུལ་དུ་གཏམ་བཤད་སྤེལ་བ་ཡིན་པ་བོད་ཀྱི་དུས་བབ་དྲྭ་ཚིག་ཏུ་སྤེལ་འདུག་པར་མ་ཟད་། དེ་ཡི་འོག་ཏུ་མཆན་བུ་འགའ་བཏབ་ནས་བཤད་པར་། ང་ཚོས་ནམ་ཡང་ཚིག་གི་མདའ་མཚོན་དེ་ནང་ཁུལ་དུ་བསྐོར་ནས་དཀྲུག་ཤིང་རྐྱང་རྐྱང་བྱེད་ནས་འདུག་པར་མ་ཡིན་པར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་


Tags:



2012.01.01 05:46:36
There are no translations available.

 

 

བོད་བསྒྲིག་འཛུགས་ནོར་སྲིད་ལྷན་ཁང་གི་ཡོང་འབབ་ཕྱེད་ཀ་ནི་རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་ཡིག་ཚང་བརྒྱུད་ནས་ཡོང་བཞིན་ཡོད་པ་དེ་རེད་། དེ་ནི་དབུས་དཔལ་འབྱོར་ལས་ཁང་གི་མ་རྩ་འབོར་ཆེ་ཤོས་ཤིག་གི་གྲས་སུ་བཟུང་ཡོད་པ་དང་། དེ་ཡིས་བོད་སྒྲིགས་འཛུགས་ཀྱི་གཞུང་ལས་པ་ལ་འགྲོ་སོང་ལས་གཞན་པའི་གཏོང་སྒོ་མང་པོ་ཞིག་བྱེད་བཞིན་ཡོད་པ་རེད་། ཡིན་ན་ཡང་རྒྱལ་བ་རིན་པོ་ཆེ་ཡིས་གཞུང་གི་དབུ་


Tags:



2011.12.27 07:08:34
There are no translations available.

དགུན་ཁའི་དུས་ཀྱི་ཕོ་བ་གསོ་ཐབས།
སྤེལ་དུས།  2011-12-06 15:34:29    རྡེབ་ཚད། 836    ཡོང་ཁུངས།

3043665_163223016588_2.jpg

དུས་ཚིགས་བཞིའི་འགྱུར་བ་དང་བསྟུན་ནས་མིའི་ལུས་ཕུང་ལའང་འགྱུར་བ་སྣ་ཚོགས་ འབྱུང་བཞིན་ཡོད་པ་དང་། འགྱུར་བ་དེའི་དབང་གིས་མི་འདོད་པའི་ནད་ཅི་རིགས་བསྐྱེད་པའང་ང་ཚོས་དུས་རྒྱུན་ དུ་བདེ་ཐང་དང་འབྲེལ་བའི་ཤེས་བྱ་སྣ་ཚོགས་ལས་བཤད་དང་ཤོད་ཀྱིན་ཡོད།  ཕོ་བའང་དེ་དང་འདྲ་བར་དགུན་གྱི་དུས་སུ་གསོ་དགོས་པ་ཡིན་ཏེ་དགུན་གྱི་དུས་སུ་ ཟས་ཀྱི་ཡི་ག་ཇེ་ཆེར་འགྲོ་ངེས་པས་ཟས་ཚོད་རན་པར་མ་ཟོས་པའམ་འཁྱག་ཟས་སོགས་ལོག་ པར་པར་ཟོས་པས་ཕོ་བའི་ནད་སྣ་ཚོགས་སློང་བའི་རྐྱེན་དུ་འགྲོ་བ་རེད། སྐབས་འདིར་དགུན་ཁའི་དུས་སུ་ཕོ་བ་ཅི་ལྟར་གཅེས་སྐྱོང་དང་གསོ་དགོས་པའི་སྐོར་ ཅིག་བཤད།

གཅིག  དགུན་ཁའི་དུས་སུ་འོས་འཚམ་གྱིས་ཟས་མང་ཙམ་བསྟེན་དགོས་མོད། འོན་ཀྱང་རིམ་བཞིན་ཟས་ཀྱི་མུ་བསྐྱེད་ནས་བཟའ་དགོས་ལ་ཕོ་བ་ཧ་ཅང་རྒྱགས་མི་རུང་།


Tags:



2011.12.26 01:41:54
There are no translations available.

རྒྱལ་སྤྱིའི་བོད་གྱི་མཐོ་རིམ་སློབ་མའི་ཚོགས་ཆེན་དེ་ལོ་ལྟར་རྒྱ་གར་གྱི་ས་གནས་གང་སར་འཚོགས་

བཞིན་ཡོད་པ་དང་། དེ་ནི་གཞུང་འབྲེལ་མིན་པའི་ཐོག་ནས་དངུལ་གྱི་འགྲོ་གྲོན་དང་བཀོད་སྒྲིགས་

གང་དགོས་ཐམས་ཅད་སློབ་མ་རང་ངོས་ནས་བྱེད་བཞིན་ཡོད་པ་ཞིག་རེད་འདུག། ཚོགས་ཆེན་དེ་

ནི་མཐོ་རིམ་སློབ་མ་རང་ངོས་ནས་དང་བླང་གི་ཐོག་ནས་འཚོགས་བཞིན་ཡོད་པ་ཞིག་ཡིན་པ་དང།

དེ་ནི་མཐོ་རིམ་སློབ་མ་དག་གི་རང་མོས་ཀྱི་ཐོག་ནས་གྲུབ་པའི་ཚོགས་ཆེན་ཞིག་ཡིན་པ་རེད་།


Tags:



2011.12.24 09:34:56
There are no translations available.

 

 

ལས་ལ་བྲེལ་ནས་ནས་བོད་ནས་གསར་འབྱོར་བ་མང་པོ་ཞིག་འཚང་ཁ་

ཤིག་ཤིག་ངང་བུད་སོང།་     དེ་ནི་གནས་མཆོག་རྡོ་རྗེ་གདན་དུ་དཔལ་

དུས་ཀྱི་འཁོར་ལོའི་དབང་ཞུ་བ་ལ་འགྲོ་བ་རེད་། 

 


Tags:



2011.12.20 00:02:58
There are no translations available.

མར་ངོ་དང་འགྲོག་པའི་བོད།
འགྱུར་མེད་བརྩེ་བ་ཟབ་མོ་སྙིང་དབུས་ནས་བཞད་ཡོད། །
ཟུམ་མེད་དུང་བ་མངར་མོ་སེམས་ཁོང་ནས་འཛུམ་ ªཡོད། །
ལྷད་མེད་མཛའ་བའི་མེ་ཏོག་ཕན་ཚུན་ལ་སྦྲེལ་ཡོད། །
མཐུན་པའི་ལག་རྡང་འཁྱུད་པའི་གངས་ཅན་པའིསྤུན་ཟླ། །

Tags:



2011.12.09 00:09:20
There are no translations available.

ལོ་མང་རིང་ནས་རྒྱ་ནག་པའི་དམར་ཕྱོགས་པ་ཁ་ཤས་དང་དེ་དག་གི་གཡོ་འོག་ཏུ་ཚུད་ནས་དངུལ་ལོར་གྱི་རིན་ཐང་ལ་བླ་མེད་བརྩིས་ནས་རྒྱུག་ཁྱི་འགས་བོད་ཀྱི་མི་མང་དག་ལ་བསད་རྨས་དང་། མགོ་སྐོར་། རྐུན་འཕྲོག་དང་ངན་བསྒྲགས་བྱས་ནས་ད་ལྟ་བར་དུ་འགྲོ་བཞིན་ཡོད། ལིས་ཏོང་ཧྲིན་ཡང་དེ་དག་གི་ཁྲོད་ནས་གཅིག་ཡིན་པར་ཁོང་རང་གི་རྩོམ


Tags:



2011.12.05 05:58:03
There are no translations available.

ལན་དུ་བྱ་བ་ནི།


ཁྱེད་ཀྱི་ངའི་དྲི་བ་ལ་ལན་འདེབས་གནང་བ་ཤིན་དུ་ནས་ཀྱང་བཀའ་དྲིན་བླ་ལྷག་ཏུ་ཆེས་མཆོག་ཏུ་བཀུར། 

ཆུ་འབབ་པའི་ཀླུང་ལ་ཡི་དྭགས་ཀྱིས་རྣག་ཏུ་མཐོང་བར་ཟླ་གྲགས་ཀྱི

Tags:



2011.12.02 01:40:26
There are no translations available.

ཞོགས་ཟས་ལ་མཐོང་ཆེན་བྱེད་དགོས།

རྒྱལ་སྤྱིའི་ཚན་རིག་པས་བརྟག་དཔྱད་ཞིབ་འཇུག་བྱས་པ་ལྟར་ན། ཞོགས་ཟས་ནི་ཉིན་གཅིག་གི་ཁ་ཟས་གཙོ་བོར་འཁུམས་ཤིང་། ཨ་མེ་རི་ཁའི་འབུམ་རམས་པ་ཞིག་གིས་ཞོགས་ཟས་ལ་དོ་སྣང་བྱེད་པ་ནི་མི་གཅིག་གི་ཚེ་ཐག་ཇེ་རིང་དུ་གཏོང་བ

Tags:



2011.11.28 00:11:20
There are no translations available.

རིན་ཆེན་དོན་གྲུབ་ལགས་། ཁྱེད་ཀྱི་གསལ་འདེབས་བྱེད་པ་ལ་སྙིང་ནས་གུས་འདུད་ཞུ། གཙོ་བོ་འཇང་དགུན་ཆོས་ཀྱི་སྐབས་སུ་རྩོད་པའི་རྣམ་གཞག་མང་ཆེ་བ་ཚད་མའི་སྐོར་ཡིན་པར་གསུང་པས་སྐབས་འདིར་ངའི་དྲི་བའི་ལན་དེ་མེད་པ་ལྟ་བུ་ཏུ་མངོན་ལ།

Tags:



2011.11.21 05:01:32
There are no translations available.

མི་རིགས་ཤིག་གི་དར་རྒྱུད་གླེང་བའི་ཉིན་མོ་དེ་ནས་བཟུང། མི་རིགས་དེ་ཉིད་ལ་གང་ཞིག་ཉམས་ཆགས་སུ་འགྲོ་བཞིན་ཡོད་པ་གསལ་སྟོན་བྱས་ཡོད། སྤྱི་ཚོགས་ཀྱི་སྦ་རླབས་དྲག་ཏུ་འཕྱུར་བའི་གནམ་འོག་འདི་ན། འཕོ་འགྱུར་གྱི་ངོ་བོ་ནི་ཉིན་རེ་བཞིན་ཇེ་མགྱོགས་ནས་ཇེ་མགྱོགས་ཡིན་ཞིང། དེ་དང་མཉམ་དུ་མི་རིགས་དང་དེ་ཡི་གོམས་གཤིས་མང་པོ་ཞིག་དེ་དང་མཉམ་དུ་རང་བཞིན་གྱིས་འགྱུར་བ་འགྲོ་བ་དེ་ནི་རྒྱུན་ལྡན་ཞིག་ཡིན་ལ།

Tags:



2011.11.14 03:27:22
There are no translations available.

དྲི་བ།

ཀང་རེ་སི་ཡིས་རྒྱ་གར་དེ་རྒྱལ་ཁབ་གཅིག་ཏུ་བཟོ་བའི་དོན་དུ་གང་གནང་བ་དང་། བངྒཱལ་དུམ་བུར་བཏང་བ་ལས་སྐུལ་སློང་ཇི་ལྟར་བྱུང་བ། འདོད་བློ་མ་ཁེངས་པ་དང་ལྷིང་འཇག་མེད་པ་གཉིས་ཇི་ལྟར་ཁྱབ་སྤེལ་བྱུང་བ་ཤེས་རྟོགས་བྱུང་། རང་དབང་ཐད་ཁྱེད་ཀྱི་དགོངས་ཚུལ་ཤེས་འདོད་འདུག། དེ་ཡི་ངོས་གཉིས་ཀྱི་གོ་རྟོགས་ལ་ཁྱད་པར་མེད་དམ་སྙམ་པའི་འཇིགས་སྣང་འདུག།
Tags: