西藏快报 博客 dorgyel འབྲུག་ཡུལ་བོད་རིགས་མ་རེད།

The Tibet Express

选择语种

བོད་ཡིག繁體中文English
  • 註冊
    *
    *
    *
    *
    *
    Fields marked with an asterisk (*) are required.
  • 搜尋
2009.06.23 02:40:59
འབྲུག་ཡུལ་བོད་རིགས་མ་རེད།
There are no translations available.

འབྲུག་ཡུལ་གྱི་ས་ཁྲ། འབྲུག་ཡུལ་ནི་བོད་རིགས་ཡིན་ཞིང་།  དེས་བེད་སྤྱོད་བྱེད་པའི་སྐད་ཡིག་ཀྱང་བོད་ཡིག་ཡིན།

འབྲུག་ པ་ཚོར་ཁྱོད་ཚོའི་ཡི་གེ་དེ་བོད་ཡིག་རེད་ལབ་ན་ཁོང་ཁྲོ་ཚད་མེད་ལང་གི་འདུག ཁོ་ཚོས་འདི་བོད་ཡིག་མ་རེད་འབྲུག་ཡིག་རེད་ཟེར་ནས་ཚུར་རྩོད་པ་རྒྱག་གི་འདུག ཁོ་ཚོའི་གཞུང་འབྲེལ་ཡིག་ཆ་དང་ཚགས་པར་དུས་དེབ་སོགས་ཡི་གེ་བོད་ཡིག་ཡིན་པ་གང་ཞིག་ལ་འབྲུག་པའི་ཁ་སྐད་ལྟར་འབྲི་དགོས་ཀྱི་འདུག དེ་ལྟར་བྱས་ན་འབྲུག་པ་ཡོངས་ཀྱིས་གོ་ཐུབ་པའི་ཁྱད་ཆོས་ཡོད་པ་རེད། ཡིན་ན་ཡང་ཆོས་དཔེ་དག་ནི་བོད་པའི་བརྡ་དག་གི་འགྲོ་སྟངས་གཞིར་བཟུང་ནས་པར་བརྒྱབ་ཡོད་པ་རྐྱང་རེད།


དཔེར་ན། ང་ཚོ་ལྟ་བུར་ང་ཚོ་ལུ། ང་ཚོའི་གཞུང་ལ་ང་ཚོའི་གཞུང་ལུ་ཞེས་འབྲུག་སྐད་དམ་འབྲུག་ཡིག་ནང་དུ་ལུ་དེ་མི་ ཐོན་ས་ཞིག་མི་འདུག འདི་ནི་ཕལ་ཆེར་འབྲུག་པ་ཀུན་ལེགས་ཀྱི་འབུ་ལུ་དེས་འབྲུག་མོ་ཚོའི་སེམས་པ་ འཕྲོགས་ཡོད་པ་དེ་ལ་རྗེས་དྲན་ཞིག་མིན་ནམ་སྙམ། ཡིན་ན་ཡང་ད་དུང་རྩད་གཅོད་ཐོངས། ཡིན་ལུ་མིན་ལུ་ལྟ་བུ་ལུ་སྒྲ་མེད་ན་འཚོ་བ་མི་འཁྱོལ་བའི་ལུང་པ་ཞིག་རེད། ཁ་བ་དཀར་པོས་ནུབ་གླིང་ནས།”“འབྲུག་ སྐད་ཀྱི་ནང་དུ་ཨམ་སྐད་མང་པོ་ཞིག་ཡོད་པ་དང་། རྩ་བའི་འབྲུག་སྐད་ནི་ལོ་བརྒྱ་ཕྲག་མང་པོའི་རིང་ས་གནས་རང་གི་འབྲུག་པ་ཚོས་རྒྱུན་འཛིན་བྱས་པ་ཞིག་རེད། ཡང་འབྲུག་ཡུལ་དུ་རང་རེ་བོད་ལྟར་སྤྱི་སྐད་ཅིག་ད་དུང་ཆགས་མེད་པས་སྐད་རིགས་མི་ འདྲ་བ་ཁ་ཤས་བེད་སྤྱོད་གཏོང་བཞིན་འདུག མི་འབོར་ནི། སྤྱི་ལོ་༢༠༠༠ལོར་༢༠༠༥༢༢༢ནས་ཡར་འཕར་ཏེ་སྤྱི་ལོ་༢༠༠༧ལོར་༢༣༢༧༨༤༩ལ་བསླེབས་འདུག མི་རིགས་ཀྱི་ཐོག་མ་དེ་བོད་ཡུལ་རང་ནས་ཕར་མཆེད་པ་ནི་ཕྱོགས་མང་པོ་ཞིག་ནས་ར་ འཕྲོད་དུ་ཡོད། རྒྱལ་ཡོངས་ཀྱི་ཆོས་ལུགས་ནི་བོད་བརྒྱུད་ནང་བསྟན་བཀའ་བརྒྱུད་པའི་ནང་ཚན་འབྲུག་ པ་བཀའ་བརྒྱུད་དང་། རྒྱལ་ཡོངས་ཀྱི་ཡི་གེ་ནི་བོད་ཡིག་ཡིན་ཡང་། སློབ་དེབ་དང་དུས་དེབ་སོགས་སུ་བོད་ཀྱི་བརྡ་སྤྲོད་པའི་ལུགས་སྲོལ་མེད་པར་ཁ་ སྐད་ཀྱི་རྗེས་སུ་འབྲངས་པའི་ཡི་གེ་ཞིག་འབྲི་ཞིང་། དེ་ལ་ཁོ་ཚོས་འབྲུག་ཡིག་ཟེར། ནང་པའི་ཆོས་དཔེ་ནི་བོད་པའི་བརྡ་སྤྲོད་པའི་ལུགས་བཞིན་བྲིས་པ་དག་བེད་སྤྱོད་ བྱེད། འབྲུག་ཡུལ་གྱི་ན་ཆུང་མ་ཚོ་བྱད་བཞིན་མཛེས་ན་ཡང་། མང་པོ་ཞིག་གིས་གཅིན་པ་ལངས་ནས་གཏོང་བས། ཁ་རྒྱུན་དུ། འབྲུག་མོ་ནམ་མཁའི་ལྷ་རེད། གཅིན་པ་གཏོང་སྟངས་ཟོག་རེད། ཟེར་སྲོལ་ཡོད། ད་དེ་ཙམ་བྱོས།

 

གོང་ གི་དེ་བོད་ཡིག་གླེང་སྟེགས་ཀྱི་དྲ་ཚིགས་སྟེང་ནས་བཤུས་པ་ཡིན། ཁོང་གིས་འབྲུག་རིགས་བོད་རིགས་དང་འབྲུག་གི་སྐད་ཡིག་ཀྱང་བོད་ཀྱི་སྐད་ཡིག་ཡིན་ ཟེར། དེ་འདྲའི་སྐད་ཆ་སྨྲ་བའི་གང་ཟག་དེ་ནི་བློ་རྣལ་དུ་མ་གནས་པ་ཞིག་ཡིན་ནམ་ཡང་ན་ ཤེས་བྱ་ཆུང་བའི་གང་ཟག་ཅིག་ཡིན་ཚོད། གང་ལྟར་ཡང་འབྲུག་དང་བོད་གཉིས་གནའ་སྔ་མོ་ནས་ཆོས་དང་ཚོང་གི་འབྲེལ་བ་གཏིང་ཟབ་ ཡོད་པ་ནི་དངོས་གནས་རེད། དེ་བཞིན་འབྲུག་ལ་དམ་པའི་ཆོས་ཀྱི་རྒྱུན་བོད་ནས་མཆེད་པ་ཡིན་པ་ཡང་སུས་ཀྱང་ བསྙོན་དུ་མེད་པའི་སྐད་ཆ་ཞིག་རེད།

 

ཡིན་ ན་ཡང་འབྲུག་ཡུལ་བོད་རིགས་ཡིན་པ་ནི། རྒྱལ་རབས་ལ་མཁས་པའི་མི་རིགས་སུས་ཀྱང་ཡེ་ནས་ཁས་ལེན་མི་ནུས་པ་ཞིག་རེད་སྙམ། དེ་ཡང་ཐག་རིང་ས་ནས་བཤད་ན་སྔོན་བོད་ཀྱི་ས་ཆ་དེ་མཚོ་ཡི་རང་བཞིན་དུ་གནས་པ་ལས། བདག་ཅག་གི་སྟོན་པ་རྒྱལ་པོ་ཟས་གཙང་གི་སྲས་གཞོན་ནུ་དོན་གྲུབ་སྐུ་མྱ་ངན་ལས་ འདས་ནས་ལོ་༡༠༠ འི་རྗེས་རིམ་གྱིས་མཚོ་བྲི་ནས་ཤིང་ས་ལའི་ནགས་བྱུང་ཞིང་། དེའི་རྗེས་མ་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་དང་ཕ་སྤྱན་རས་གཟིགས་ ཀྱི་སྤྲུལ་པ་སྤྲེའུ་གཉིས་འདུས་པ་ལ་བརྟེན་ནས་བོད་ཀྱི་མི་རིགས་བྱུང་ཡོད་པར་ བོད་ཀྱི་ཆོས་འབྱུང་དང་རྒྱལ་རབས་ནས་གསུངས་ཡོད་རེད། ང་ཚོ་འབྲུག་པའི་ས་ཆ་ནི་སྔོན་བདག་ཅག་གི་སྟོན་པ་བཞུགས་པའི་དུས་ནས་ཡོད་ཅིང་མི་ རིགས་ཀྱང་དེའི་དུས་ནས་ཡོད་པ་ལས་བོད་ཀྱི་ས་ཆ་ལྟར་སྔར་མཚོ་ཡི་རང་བཞིན་དུ་གནས་ པ་རིམ་གྱིས་བྲི་ནས་ས་ཆ་ཆགས་པའི་རྗེས་མི་རིགས་མཆེད་ཚུལ་མདོ་རྒྱུད་བསྟན་བཅོས་ གང་དུའང་གསུངས་མེད།

 

འབྲུག་ ཡུལ་གྱི་ས་ཆ་སྔར་སངས་རྒྱས་ཞལ་བཞུགས་པའི་དུས་ནས་ཡོད་པའི་སྒྲུབ་བྱེད་ཀྱང་དུ་ མ་ཡོད་རེད། དེ་ཡང་སྔར་གཞོན་ནུ་དོན་གྲུབ་ལ་ཡི་གེའི་སློབ་དཔོན་ཀུན་གྱི་བཤེས་གཉེན་གྱིས་ ཡི་གེ་བསླབ་པར་བརྩམས་པ་ན། གཞོན་ནུ་དོན་གྲུབ་ཀྱིས་ཙནདན་སྦྲུལ་གྱི་སྙིང་པོ་ལས་བྱས་པའི་ཡི་གེ་ཤིང་ལྷའི་ ཚོན་གྱིས་བྱུག་པ། གསེར་གྱི་ཡང་མིག་གིས་བཏགས་པ། མཐའ་མ་ནོར་བུ་རིན་པོ་ཆེས་ཀུན་ནས་བརྒྱན་པ་ཐོགས་ཏེ། ཀྱེ་མཁན་པོས་བདག་ལ་ཡི་གེ་གང་ཞིག་བསླབ། ཚངས་པའི་ཡི་གེའམ། ཁ་རོ་སྟིའི་ཡི་གེའམ། པདམའི་སྙིང་པོའི་ཡེ་གེའམ། ཨང་གའི་ཡི་གེའམ། མང་གའི་ཡི་གེའམ། ཡུལ་མ་ག་ཤྲའི་ཡི་གེའམ། བཀྲ་ཤིས་པའི་ཡི་གེའམ། སོར་མོ་པའི་ཡི་གེའམ། ཤ་ཀ་ནིའི་ཡི་གེའམ། ཡ་བ་ནའི་ཡི་གེའམ། བག་ལེ་བའི་ཡི་གེའམ། པ་རུ་ཤའི་ཡི་གེའམ། འགྲོ་ལྡིང་བའི་ཡི་གེའམ། ཀི་ར་ཏའི་ཡི་གེའམ། ལྷོ་བྲག་ཕྱོགས་པའི་ཡི་གེའམ། དྲག་ཤུལ་ཅན་གྱི་ཡི་གེའམ། སོགས་ནས་ཀྱེ་སློབ་དཔོན་ཡི་གེ་དྲུག་ཅུ་རྩ་བཞི་པོ་དེ་དག་གི་ནང་ནས་བདག་ལ་གང་ བསླབ། ཅེས་ཞུས་ཡོད་ཚུལ་མདོ་རྒྱ་ཆེ་རོལ་པར་གསུངས་འདུག། དེའི་ནང་དུ་ཡོད་པའི་ལྷོ་བྲག་པའི་ཡི་གེ་ནི་ང་ཚོ་འབྲུག་པའི་ཡི་གེ་ལ་ངོས་བཟུང་ བ་ལས་འོས་མེད། དེའི་རྒྱུ་མཚན་ཡང་འདུལ་བའི་གཞུང་སོགས་ནས་རི་བྲག་པ་ཞེས་གསུངས་པ་དེ་ང་ཚོའི་ འབྲུག་ཡུལ་ལ་ངོས་བཟུང་བར་སྔོན་གྱི་མཁས་པ་དག་གི་གསུང་ནས་གསལ་ཡོད་རེད།

 

ད་ དུང་ཡིག་ཆའི་མཚན་གསལ་པོ་ཞིག་མི་དྲན་ཡང་། ཆོས་སྐྱོང་མགོན་པོའི་ལོ་རྒྱུས་ཤིག་གི་ནང་དུ། ཆོས་སྐྱོང་མགོན་པོ་དེ་སྔར་སངས་རྒྱས་མར་མེ་མཛད་ཀྱི་སྐབས་སྲིན་པོའི་ལུས་སུ་ གནས་པ་ལས། སངས་རྒྱས་མར་མེ་མཛད་ཀྱིས་དམ་ལ་བཏགས་ནས་དམ་པ་ཆོས་སྐྱོང་བའི་སྲུང་མར་བསྐོས་ ཚུལ་གསུངས་ཡོད་རེད། དེ་ལྟར་ན་ཆོས་སྐྱོང་མགོན་པོ་དེའི་མངོན་རྟོགས་སུ་གཡས་ཀྱི་རུ་འདྲེན་པ་མོན་པ་ བརྒྱ། ནག་མོ་སྟོང་ཟེར་གསུངས་པའི་ཕྱིར་ལུང་དེ་ཡིས་ཀྱང་འབྲུག་ཡུལ་ནི་སྔོན་སངས་རྒྱས་ མར་མེད་མཛད་ཀྱི་སྐབས་ནས་ཡོད་པར་གྲུབ་ཀྱི་ཡོད་རེད། ལུང་དེ་ཡིས་འབྲུག་ཡུལ་དང་འབྲུག་པའི་མི་རིགས་མར་མེད་མཛད་ཀྱི་སྐབས་ནས་ཡོད་པར་ གང་འདྲས་འགྲུབ་ཟེར་ན། མོན་པ་ཟེར་བ་དེ་འབྲུག་ཡུལ་གྱི་མི་རིགས་ལ་ངོས་བཟུང་བ་འཁྲུལ་མེད་བསྙོན་མེད་ རེད། མོན་པའི་མི་རིགས་དེ་སངས་རྒྱས་མར་མེ་མཛད་ཞལ་བཞུགས་པའི་དུས་སུ་མེད་ན་མགོན་ པོའི་གཡས་ཀྱི་རུ་འདྲེན་པ་ཡང་བསྐོས་མི་སྲིད་པ་རེད།

 

དེ་ བཞིན་འབྲུག་ཡུལ་གྱི་བླ་ཆེན་པད་གླིང་ཡབ་སྲས་གསུམ་དུ་གྲགས་པའི་ནང་གསེས། ཨོ་རྒྱན་གུ་རུ་རིན་པོ་ཆེའི་རྒྱལ་ཚབ་སྒང་སྟེང་སྤྲུལ་སྐུ་སྐུའི་ཕྲེང་བ་གཉིས་ པ་བསྟན་འཛིན་ལེགས་པའི་དོན་གྲུབ་ (1727–1758)ཀྱི་རྣམ་ཐར་དུ་ཡང་། འབྲུག་ཡུལ་དེ་སངས་རྒྱས་འོད་སྲུང་གི་སྐབས་ནས་ཡོད་པར་གསལ་ཡོད་རེད། དེ་ཡང་སྤྲུལ་སྐུ་མཆོག་འབྲུག་ཡུལ་ཨ་ཐང་དུ་ཕེབས་དུས་དེར་ཙན་དན་དུ་མ་ཡོད་པར་ གཟིགས་ནས་གནས་འདིའི་གཞི་བདག་མཚོ་ལྟོ་མེད་ལ་ལོ་རྒྱུས་དྲིས་པར། གཞི་བདག་གིས་སླར་ཞུས་གསལ་ལ་སྔོན་སངས་རྒྱས་འོད་སྲུང་གིས་རྒྱ་གར་འཕགས་པའི་ ཡུལ་ནས་འདིར་འབྲུག་ཡུལ་ཕྱོགས་སུ་དབུ་སྐྲ་གཏོར་གནང་བ་ན་དབུ་སྐྲ་དེ་ཕྱོགས་ དེར་བབས་པས་དབུ་སྐྲ་རེ་རེ་ནས་ཙན་དན་རེ་སྐྱེས་ཟེར་ཞུས་ཚུལ་བཀོད་འདུག།  དེ་ ལྟར་ན་འབྲུག་ཡུལ་དེ་སྔོན་སངས་རྒྱས་འོད་སྲུང་གི་ སྐབས་ནས་ཡོད་པ་རེད། དེ་དག་ནི་འབྲུག་ཡུལ་དང་འབྲུག་པའི་མི་རིགས་བོད་ཡུལ་དང་བོད་ཀྱི་མི་རིགས་ནས་ སྔོན་ནས་ཡོད་པའི་ལུང་གི་སྒྲུབ་བྱེད་དང་འབྲུག་ཡུལ་དང་འབྲུག་མི་བོད་རིགས་མིན་ པར་གྲུབ་པའི་ལུང་གི་སྒྲུབ་བྱེད་རེད།

 

འོན་ ཏེ་འབྲུག་ཡུལ་གྱི་ས་བོད་ཡུལ་གྱི་སྔར་ནས་ཆགས་པ་བདེན་མོད། འོན་ཀྱང་མི་རིགས་ནི་བོད་ནས་མཆེད་པ་ཡིན་ཟེར་ན། ཇི་སྐད་དུ། ཁང་ས་ཞིང་ས་ས་ཡི་དགེ། །ཁང་ཤིང་བུད་ཤིང་ཤིང་གི་དགེ། །འཐུང་ཆུ་ཞིང་ཆུ་ཆུ་ཡི་དགེ། །ཁང་རྡོ་འཐག་རྡོ་རྡོ་ཡི་དགེ། །གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ། །ཞེས་གསུངས་པ་ལྟར་འབྲུག་ཡུལ་ནི་བྱང་ཐང་སྐྱ་མོ་དང་རྫ་རོང་། བྱེ་མའི་གླིང་སོགས་གང་ཡང་མ་ཡིན་པར་དགེ་བཅུ་ཚང་བའི་ཡུལ་ལམ་བསིལ་དྲོད་ལྡན་ ཞིང་འབྲུ་སྣ་དགུ་འཚོ་བའི་གནས་ཡིན་པས་ན། དཔེར་ན་ཆུ་ཡོད་ན་ཉ་རང་བཞིན་གྱིས་འབྱུང་བ་ལྟར་འབྲུག་མི་རྣམས་སྔོན་བསྐལ་པ་ བཟང་པོ་ཆགས་པ་ནས་བཟུང་རིམ་པས་མི་ཡི་འགྲོ་བ་ཆགས་པ་ན་ཡུལ་དབུས་ཀྱི་མི་དང་མཉམ་ དུ་ཆགས་པ་རེད་མ་གཏོགས་འབྲུག་ལ་མི་རིགས་མེད་པར་མི་སོན་བོད་ནས་ཁྱེར་ཡོང་དགོས་ དོན་གང་ཡང་ཡོད་མ་རེད།

 

གོང་དུ་ཁྱོད་ཀྱིས་མི་རིགས་ཀྱི་ཐོག་མ་དེ་བོད་ཡུལ་རང་ནས་ཕར་མཆེད་པ་ནི་ཕྱོགས་མང་པོ་ཞིག་ནས་ར་འཕྲོད་དུ་ཡོད་ ཟེར།  དེ་ ལྟ་ན་དུས་ཇི་ཙམ་ན་བོད་ཀྱི་རྒྱལ་རབས་ག་ཚོད་ལ་བོད་ཀྱི་མི་རིགས་གང་ནས་འབྲུག་ གི་མི་རིགས་གང་ཟེར་བ་དེ་མཆེད། བོད་ཀྱི་མི་རིགས་འདི་ཟེར་བ་ནས་འབྲུག་པའི་མི་རིགས་འདི་ཟེར་བ་འདི་མཆེད་ཅིང་ དུས་དེའི་སྔོན་ལ་འབྲུག་ཏུ་མི་རིགས་ཡེ་ནས་མེད་ཅེས་ཁུངས་ལུང་རྒྱུ་མཚན་དང་བཅས་ པའི་སྒོ་ནས་ར་འཕྲོད་རྒྱུ་ཨེ་ཡོད། ཡང་ན་འབྲུག་ཡུལ་བོད་རིགས་ཡིན་ཟེར་བ་དེ་འབྲུག་ཡུལ་བོད་ཀྱི་མངའ་ཁོངས་ཡིན་ཟེར་ བ་ཡིན་ནམ། དེ་ལྟར་ན་བོད་ཀྱི་རྒྱལ་པོ་འདི་དང་འདིས་འབྲུག་ཡུལ་འདིར་རྒྱལ་ཚབ་འདི་དང་འདི་ བསྐོས་ཏེ་རྒྱལ་ས་འདི་དང་འདིར་བཞུགས་ཏེ་ཕྱག་ལས་འདི་དང་འདི་གནང་སྟེ་ཕྱག་རྗེས་ འདི་དང་འདི་ཡོད་ཟེར་བའི་ཁུངས་ལུང་རྒྱུ་མཚན་བཤད་རྒྱུ་ག་རེ་ཡོད། ཁུང་ལུང་རྒྱུ་མཚན་གང་ཡང་མེད་པའི་སྐད་ཆ་དེ་མ་བཤད་ན་ཡག་བསམ་གྱི་འདུག།

 

གལ་ ཏེ་དུས་རབས་༧ པའི་ནང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་འབྲུག་ཡུལ་སྤ་གྲོར་སྐྱེར་ཆུ་ལྷ་ ཁང་དང་བུམ་ཐང་དུ་བྱམས་པ་ལྷ་ཁང་སོགས་བཞེངས་པར་བརྟེན་འབྲུག་བོད་ཀྱི་མངའ་འོག་ ཡིན་བསམས་པ་རེད་པས། དེ་ལྟར་ན་རྒྱ་གར་གྱི་རྒྱལ་པོ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བོད་ཡུལ་བྱང་འབྲི་ གུང་དུ་གཉུག་རུམ་མཆོད་རྟེན་དང་། ལྷོ་བྲག་ལྷ་ལུང་ཡས་མན་དུ་འང་མྱ་ངན་མེད་ཀྱི་མཆོད་རྟེན་བཞེངས་པར་གྲགས་པས་བོད་ རྒྱ་གར་གྱི་མངའ་འོག་ཡིན་པར་ཁས་ལེན་ནམ་ཅི། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཆོས་ཀྱི་རྒྱལ་པོ་རྣམས་ཀྱིས་རང་གི་ མངའ་འོག་ཙམ་མ་ཚད་པར། ནམ་མཁའ་དང་མཉམ་པའི་སེམས་ཅན་སྤྱི་ལ་ཕན་སེམས་ཀྱིས་རྒྱལ་བའི་སྐུ་གསུང་ཐུགས་ རྟེན་རྣམས་གནས་གཞན་དང་གཞན་དུ་ཡང་བཞེངས་པར་མཛད་པ་ནི་ཆོས་རྒྱལ་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཁྱད་ཆོས་ཤིག་རེད། དེས་ན་རྒྱ་གར་གྱི་རྒྱལ་པོ་མྱ་ངན་མེད་ཀྱིས་བོད་ལ་མཆོད་རྟེན་བཞེངས་པར་མཛད་ ཀྱང་བོད་རྒྱ་གར་གྱི་མངའ་འོག་མིན་པ་བཞིན་བོད་ཀྱི་རྒྱལ་པོས་འབྲུག་ལ་ལྷ་ཁང་ སོགས་བཞེངས་པར་མཛད་ཀྱང་འབྲུག་བོད་ཀྱི་མངའ་འོག་ཡིན་པར་སྒྲུབ་མི་ནུས་སོ།།

 

གཞན་ ཡང་སྔར་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བཙུན་མོ་དམར་བཟའ་རྒྱན་གྱི་ བུ་ཁྱི་ཁ་ར་ཐོད་བསམ་ཡས་ནས་མཐའ་ལ་སྤྱུགས་པའི་ཚེ། ཁྱི་ཁ་ར་ཐོད་དཔོན་གཡོག་རྣམས་ཀྱིས་ལྷོ་བྲག་སྐྱིད་ཤོད་དུ་གནས་གཞིས་བཅས་ཏེ་ སྡོད་པ་ན། ཡུལ་དེ་ཡང་བོད་ཀྱི་ས་ཆ་ཡིན་པར་བརྟེན་བོད་ཀྱི་རྒྱལ་པོས་ཁྱི་ཁ་ར་ཐོད་དཔོན་ གཡོག་རྣམས་ཡུལ་དེ་ནས་ཀྱང་ཡུལ་ཕུད་འདུག། དེ་ནས་ཁྱི་ཁ་ར་ཐོད་དཔོན་གཡོག་རྣམས་ཀྱིས་བོད་ཀྱི་ས་མཚམས་བརྒལ་ནས་མོན་མཁན་པ་ ལུང་དུ་གནས་གཞིས་བཅས་ཏེ་བསྡད་འདུག། དེའི་རྗེས་ཁྱི་ཁ་ར་ཐོད་ཀྱིས་བོད་བསམ་ཡས་ལ་དམག་དྲངས་པས་གུ་རུ་རིན་པོ་ཆེས་ ཁྱི་ཁ་ར་ཐོད་དཔོན་གཡོག་རྣམས་མཁན་པ་ལུང་ནས་མོན་ཡུལ་བུམ་ཐང་དུ་ཡུལ་ཕུད་འདུག། ཡིན་ན་ཡང་མོན་ཡུལ་འདི་ནས་ཡུལ་ཕུད་མིན་འདུག་པས་མོན་ཡུལ་འདི་བོད་ཀྱི་མངའ་འོག་ མིན་པར་ཤེས་ཐུབ་ཀྱི་རེད།

 

དེ་ བཞིན་བདུད་བློན་རྒྱལ་ཏོ་རེ་དང་ཅོག་རོ་ལེགས་སྒྲ་གཉིས་ཀྱིས་རྒྱལ་པོ་ཁྲི་རལ་པ་ ཅན་བཀྲོངས་ཏེ་གླང་དར་མ་རྒྱལ་པོ་བསྐོས་ནས་སངས་རྒྱས་ཀྱི་བསྟན་པ་བཤིག་རྒྱུའི་ འཆར་གཞི་གདིང་བ་ན། ལྷ་སྲས་གཙང་མ་ཡོད་པས་བྱ་སྟབས་མ་བདེ་བར། བདུད་བློན་རྒྱལ་ཏོ་རེའི་བསམ་ངན་གཡོ་འཕྲུལ་གྱིས་ལྷ་སྲས་གཙང་མ་ཡུལ་ཕུད་དུ་ བཅུག་པའི་སྐབས་ཀྱང་ཁྲི་རལ་པ་ཅན་གྱིས་ལྷ་སྲས་གཙང་མ་མོན་ཡུལ་དུ་མཐའ་ལ་སྤྱུགས་ ཡོད་རེད། དེས་ཀྱང་མོན་ཡུལ་ལམ་འབྲུག་ཡུལ་འདི་བོད་ཀྱི་མངའ་འོག་མིན་པར་ཤེས་ཐུབ། དེ་བས་ཀྱང་དུས་རབས་བཅུ་གསུམ་པའི་ནང་དུ་སེ་ཆེན་རྒྱལ་པོས་ས་སྐྱའི་བླ་མ་འགྲོ་ མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་ཏུ་གདན་དྲངས་ནས་ཀྱེ་རྡོར་གྱི་དབང་ཞུས། དེའི་དབང་ཡོན་དུ་བོད་ཁམས་ཡོངས་རྫོགས་ཕུལ་བས་ས་སྐྱ་པས་བོད་ཁམས་ཡོངས་རྫོགས་ལ་ དབང་བསྒྱུར་ཏེ། གཙང་གི་ཆར་གཏོགས་ཁྲི་སྐོར་དྲུག། །དབུས་ཀྱི་ཆ་ལ་ཁྲི་སྐོར་དྲུག། །གཙང་མིན་དབུས་མིན་ཁྲི་སྐོར་གཅིག། །གཙང་མིན་དབུས་མིན་ཞེས་བྱ་བ། །ཡར་འབྲོག་ཁྲི་སྐོར་ཞེས་བྱ་ཡིན། །ཞེས་ཁྲི་སྐོར་བཅུ་གསུམ་དུ་བཟོས་ཡོད་པ་རེད། དེའི་སྐབས་སུ་ཡང་འབྲུག་ཡུལ་འདི་ཁྲི་སྐོར་བཅུ་གསུམ་གྱི་གྲས་སུ་ཚུད་མེད་པས་ འབྲུག་ཡུལ་འདི་བོད་ཀྱི་མངའ་འོག་མིན་པར་ཤེས་ཐུབ་ཀྱི་རེད། དེ་བཞིན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཡིད་ཀྱི་མུན་སེལ་ཞེས་བྱ་ བར། སྔོན་བོད་ཀྱི་རྒྱལ་པོའི་སོ་མཚམས།  ཤར་ རྨ་རི་སྨུག་པོའི་རྒྱུད་ཚུན་ཆད། ལྷོ་གངས་རི་བརྩེགས་པའི་རྒྱུད་ཚུར་ཆད། ནུབ་སྟག་དུང་གི་སྒོ་མོ་མན་ཆད། བྱང་ཆགས་པོ་གངས་ཀྱི་ར་བ་ཚུར་ཆད་ཡིན་པ་ལ་ཞེས་གསལ་པོར་གསུངས་པ་དེས་ཀྱང་འབྲུག་ ཡུལ་བོད་ཀྱི་མངའ་འོག་མིན་པར་ཤེས་ཐུབ་ཀྱི་རེད།

 

ཡང་ ཁྱོད་ཀྱིས་འབྲུག་པ་ཚོས་ཚགས་པར་དང་གཞུང་འབྲེལ་ཡིག་རིགས་རྣམས་རང་གི་ཁ་སྐད་ ལྟར་བྲིས་པ་ལ་ཟུར་ཟའི་ཚིག་ཅིག་བརྗོད་འདུག། ཚགས་པར་དང་གཞུང་འབྲེལ་ཡིག་རིགས་སློབ་དེབ་དང་དུས་དེབ་ཚོ་རང་གི་ཁ་སྐད་ལྟར་ བྲིས་པ་ནི་ང་ཚོ་འབྲུག་པ་ཉག་ཅིག་མ་ཡིན་པར་ཁྱོད་བོད་པས་ཀྱང་དེ་བཞིན་ཡིན་པ་ བསྙོན་མེད་རེད། དེའི་སྐོར་ལ་ངས་རྒྱས་བཤད་རྒྱག་གི་མེད།ནང་པའི་ཆོས་དཔེ་ནི་བོད་པའི་བརྡ་སྤྲོད་པའི་ལུགས་བཞིན་བྲིས་པ་དག་བེད་སྤྱོད་ བྱེད ཟེར་བའི་ཐད། ལེགས་པར་དཔྱད་ན་བོད་པའི་བརྡ་སྤྲོད་པའི་ལུགས་ཡིན་མིན་དཔྱད་གཞི་རེད།

 

ཡང་" དེས་བེད་སྤྱོད་བྱེད་པའི་སྐད་ཡིག་ཀྱང་བོད་ཡིག་ཡིན" ཟེར། སྐད་ཡིག་ནི་འགྲོ་བ་མི་ཡི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། འགྲོ་བ་མི་ཆགས་པ་ནས་དེའི་སྐད་ཡིག་ཀྱང་རང་བཞིན་གྱིས་གྲུབ་ཀྱི་རེད། སུས་ཀྱང་བཟོས་དགོས་མ་རེད། གང་ནས་ཀྱང་གཡར་དགོས་མ་རེད། ཁྱེད་ལྟར་ན་འབྲུག་པ་ཚོས་བོད་ཀྱི་སྐད་ཡིག་དེ་བརྐུས་ནས་སྤྱད་པ་རེད་གཡར་ནས་ སྤྱད་པ་རེད། ཧ་ཧ་དེ་ལས་ཁྱད་མཚར་བ་ཞིག་མེད།

 

འབྲུག་ པ་ཚོར་ཁྱོད་ཚོའི་ཡི་གེ་དེ་བོད་ཡིག་རེད་ལབ་ན་ཁོང་ཁྲོ་ཚད་མེད་ལང་གི་འདུག ཁོ་ཚོས་འདི་བོད་ཡིག་མ་རེད་འབྲུག་ཡིག་རེད་ཟེར་ནས་ཚུར་རྩོད་པ་རྒྱག་གི་འདུག" ཟེར། ཁོང་ཁྲོ་ལོད་ལང་། རྐུན་མ་མ་ཡིན་པ་ལ་རྐུན་མའི་ཉེས་པ་འཛུགས་དུས་ཁོང་ཁྲོ་མི་ལང་མཁན་སུ་ཞིག་ཡོད། དེ་འདྲ་ཞིག་ཡོད་ན་མི་དེ་ནི་ཀླད་མེད་སྤྲེའུ་རིགས་ཤིག་ཡིན་པར་ངོས་བཟུང་གི་ ཡིན། རྩོད་པ་རྒྱག་གི་འདུག་ཟེར། ལུང་དང་རིག་པའི་སྒོ་ནས་ལོག་རྟོག་སུན་འབྱིན་པ་ནི་མཁས་པའི་ཁྱད་ཆོས་ཤིག་རེད། ཁྱེད་ ཀྱིས་བྱས་ན་འབྲུག་པོ་ཚོ་ལྐུགས་པ་ནང་བཞིན་ཁ་བཙུམས་ནས་སྡོད་དགོ་ཟེར་གྱི་རེད་ པས། དེའི་ཐད་ལ་བརྗོད་རྒྱུ་མང་པོ་ཞིག་ཡོད། ཡིན་ན་ཡང་དེ་རིང་དེ་ཙམ་གྱིས་ཆོག་པར་བྱོས།

 

རྡོ་རྗེ་རྒྱལ་མཚན་གྱིས་འབྲུག་ཡུལ་ནས་སྤེལ།




2009.06.26 13:14:31
quest
རྡོ་རྗེ་རྒྱལ་མཚན་ལགས།
འབྲུག་པ་ཚོའི་སྐད་ཡིག་དེ་བོད་ཡིག་རེད་ཟེར་ན་ཁོང་ཁྲོ་ལངས་དགོས་དོན་གང་ཡིན་ནམ།

 
2009.06.26 17:36:12
quest
གྲོགས་པོ་ལགས། ངས་གོང་དུ་བཤད་པ་ནང་བཞིན་རྐུན་མ་མ་ཡིན་པ་ལ་རྐུན་མའི་ཉེས་པ་འཛུགས་ན་ཁོང་ཁྲོ་ལང་གི་མ་རེད་པས། འབྲུག་པའི་སྐད་ཡིག་བོད་ཡིག་ཡིན་པའི་རྒྱུ་མཚན་ག་རེ་ཡོད། གཅིག་བཤོད་དང་གྲོགས་པོ་ལགས། ཁྱེད་ཀྱིས་ག་རེ་བཤད་ཀྱང་ངས་ལ་ལན་འདེབས་རྒྱུར་གྲ་སྒྲིག་ཡོད་ཞུ།

 
2009.06.26 18:17:54
quest
གྲོགས་པོ་རྡོ་རྗེ་རྒྱལ་མཚན། ཁྱེད་ཀྱིས་དཔྱད་བརྩོམ་འདི་ནང་གུ་རུ་རིན་པོ་ཆེའི་མཚན་ཡང་ཡང་དུ་བཀོད་པ་ལ་བརྟེན་ན་ཁྱེད་ཉིད་སངས་རྒྱས་གཉིས་པའི་རྗེས་འཇུགས་ཤིག་ཡིན་ས་རེད་། དེ་ཡིན་དུས་ཁྱེད་ཀྱིས་གུ་རུ་རིན་པོ་ཆེའི་བཀའ་ཁས་ཨི་ལེན། ལེན་ན་གུ་རུ་རིན་པོ་ཆེ་ལྷོ་ནུབ་སྲིན་པོ་འདུལ་དུ་མ་ཕེབས་པའི་སྔོན་ལ་་བོད་ཡུལ་བདེ་བའི་ཆེད་དུ་གྲགས་པའི་མཚོ་ཆེན་གཞི་ལ་ཕྱག་རྗེས་བཞག་པ་དང་ལྷོ་ཕྱོགས་མུན་ཁའི་བྲག་ལ་སྐུ་རྗེས་བཞགས་པ་འདི་དྲན་གྱི་ཨི་འདུག། ལྷོ་ཕྱོགས་མུན་ཁའི་བྲག་གི་སྐུ་རྗེས་འདི་འབྲུག་བུམ་ཐང་གི་སྐུ་རྗེས་འདི་མ་ཡིན་ནམ། གུ་རུ་རིན་པོ་ཆེས་བོད་ཡུལ་བདེ་བའི་ཆེད་དུ་བོད་ཀྱི་ས་ཐོག་ལ་སྐུ་རྗེས་དང་ཕྱག་རྗེས་བཞགས་གནང་བ་ངེས་པ་གྱིས།
གྲོགས་པོ་རྡོ་རྗེ་རྒྱལ་མཚན། ངས་ལྟས་ན་འབྲུག་སྐད་དང་བོད་སྐད་གཉིས་ཀ་ཨ་མ་སམ་བྷོ་ཌ་གཅིག་ལས་འཁྲུངས་བ་ལས་ཁྱད་པར་ཆེན་པོ་མཐོང་གི་མི་འདུག ཁྱེད་ལ་བོད་འབྲུག་གཉིས་ཀྱི་ཁྱད་པར་ཞིག་དགོས་ན་འོག་གི་ལུང་འདི་བདེན་ན་འདི་ཐོག་ནས་འབྲུག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཞགས་ན་འཇོགས་རྒྱུ་འདུག ང་ལ་དངོས་གནས་དོགས་པ་ཆེན་པོ་ཞིག་བྱུང་། འབྲུག་པའི་ན་ཆུང་མ་མང་པོ་ཞིག་གིས་གཅིན་པ་ཟོག་ནང་བཞིན་ལངས་ནས་གཏོང་གི་རེད་བས། འདི་ལ་ངེས་པར་ལེན་ཅིག་གནང་རོགས།
༼འབྲུག་ཡུལ་གྱི་ན་ཆུང་མ་ཚོ་བྱད་བཞིན་མཛེས་ན་ཡང་། མང་པོ་ཞིག་གིས་གཅིན་པ་ལངས་ནས་གཏོང་བས། ཁ་རྒྱུན་དུ། འབྲུག་མོ་ནམ་མཁའི་ལྷ་རེད། གཅིན་པ་གཏོང་སྟངས་ཟོག་རེད། ཟེར་སྲོལ་ཡོད།༽

 
2009.06.26 19:42:42
quest
ཁྱེད་བོད་མོ་ཚོས་གཅིན་པ་ཉལ་ནས་གཏོང་གི་ཡོད་པས། ཧ་ཧ་་་་་་་་་་་་་ ཉལ་ནས་གཏོང་བ་འདི་གཅིན་པ་མ་ཡིན་པ་རྒྱོ་ཡིན་པ་རེད།

 
2009.06.27 04:48:00
quest
་ ༼འབྲུག་ཡུལ་གྱི་ན་ཆུང་མ་ཚོ་བྱད་བཞིན་མཛེས་ན་ཡང་། མང་པོ་ཞིག་གིས་གཅིན་པ་ལངས་ནས་གཏོང་བས། ཁ་རྒྱུན་དུ། འབྲུག་མོ་ནམ་མཁའི་ལྷ་རེད། གཅིན་པ་གཏོང་སྟངས་ཟོག་རེད། ཟེར་སྲོལ་ཡོད།༽

རེད་བས་་་་་་་་་་་་་་་་་་་འབྲུག་མོ་ཚོས་གཅེན་པ་གཏོང་སྟངས་འདི་ཟོག་ནང་བཞིན་མ་ཡིན་པ་རྒྱོ་བརྒྱག་སྟངས་འདི་ཟོག་ནང་བཞིན་ཡིན་པ་རེད་། དེས་ན་གོང་གི་ཚིག་བཅད་གཉིས་དེ་ཏོག་ཙམ་འགྱུར་བ་གཏོང་ན་ཡག་པོ་འདུག
གྲོགས་པོ་ལགས། ཁྱེད་ཀྱིས་ངའི་དྲི་བ་འདིའི་ལེན་ནི་། གངས་ཅན་བོད་ཀྱི་ཁ་དཔེར། འདྲེ་ཤར་དུ་བཞག་ནས་བླུད་ནུབ་དུ་གཏོང་ཟེར་བ་ལྟར་རེད་འདུག། ང་དངོས་གནས་གོད་ཤར་གྱི་འདུག འབྲུག་མོ་ཚོས་གཅེན་པ་གཏོང་སྟངས་འདི་ཟོག་ནང་བཞིན་རེད་ཟེར་བ་འདི་བདེན་ནམ་བསམས་ནས། ཧ་ཧཧཧཧཧཧ་ཧཧ

 
2009.07.10 23:43:04
quest
གྲོགས་པོ་ལགས། ཁྱོད་ཀྱིས་འབྲུག་མོ་ཚོ་ལ་སྨད་པ་རྒྱབ་དགོས་པའི་རྒྱུ་མཚན་གང་ཡིན། རང་གི་བསམ་པར་གྲོགས་པོ་ཁྱོད་ཉལ་བསྡད་དུས་ཁ་ནང་འབྲུག་མོ་ཞིག་གིས་གཅིན་པ་བཏང་ནས་ད་དུང་ཁོང་ཁྲོ་ལངས་དགོས་པའི་རྒྱུ་མཚན་འདི་ཡིན་པ་འདྲ་སྙམ། དེ་ལྟར་མ་ཡིན་ནམ་གྲོགས་པོ་ལགས། ཧ ཧ ཧ

 
2009.07.17 17:33:07
སྤྱིར་བཏང་མིའི་ཁ་རྒྱུན་ལ། བོད་པ་བུ་མོ་ཚོའི་བརླ་ཤ་དཀར་པོ་ཡོད་རེད་ལབ་ཀྱི་འདུག། བརླ་ཤ་དཀར་པོ་མི་ལ་བསྟན་ཡ་ལ་དགའ་པོ་ཡོ་རེད་ལབ་ཀྱི་འདུག། བདེན་པ་རེད་པས། དེ་འདྲ་ཡིན་ན་ང་ཡང་བལྟ་ག་ཡོང་ཡ་རེ་བ་ཡོད།

 
2009.06.26 18:33:17
quest
གྲོགས་པོ་ལགས། ང་པདྨའི་རྗེས་འཇུག་ཡིན་པ་བདེན་པ་རེད། གུ་རུ་རིན་པོ་ཆེའི་བཀའ་ལ་ཡང་ཁས་ལེན་ཡོད། ལྷོ་ཕྱོགས་མོན་ཁའི་བྲག་ལ་སྐུ་རྗེས་བཞག་པ་ནི་བུམ་ཐང་སྐུ་རྗེས་ཡིན་པར་ཡང་ཁས་ལེན་ཡོད། ཡིན་ན་ཡང་བོད་བདེ་བའི་ཕྱིར་དུ་སྐུ་རྗེས་བཞག་ན་སྐུ་རྗེས་བཞག་ས་དེ་བོད་ཡུལ་ཡིན་པས་ཁྱབ་པ་ཨེ་ཡོང་བསམས། དེ་འདྲ་ཡིན་ན་ང་ཚོ་འབྲུག་པའི་རྒྱལ་པོ་དང་པོ་ཨོ་རྒྱན་དབང་ཕྱུག་མཆོག་གིས་ཀྱང་འབྲུག་ཡླལ་བདེ་བའི་ཕྱིར་དུ་བོད་ལྷ་ས་ཇོ་བོའི་ཞལ་གསེར་སྦྲོན་པ་དང་ཇོ་བོའི་སྐུ་མདུན་དུ་མཆོད་རྫས་འབུལ་བ་སོགས་བྱས་ཡོད། དེ་ལྟར་ན་དེ་དུས་བོད་ཡུལ་འབྲུག་གི་མངའ་འོག་ཡིན་ཟེར་བརྗོད་ཨེ་ཐུབ།
འབྲུག་སྐད་དང་བོད་སྐད་གཉིས་ཨ་མ་སམ་བྷོ་ཊ་ལས་འཁྲུངས་ཟེར། དེའི་སྔོན་ལ་འབྲུག་དང་བོད་ལ་སྐད་མེད་པ་རེད་པས། ཁྱེད་ཀྱི་བཤད་སྟངས་ལ་བལྟས་ན་ཁྱོད་ནི་ཀླད་པ་རྙིང་པའི་རིགས་ཤིག་ཡིན་མདོག་ཁག་པོ་འདུག། དེང་སང་གི་རྒྱལ་རབས་པ་ཚོས་བོད་ཡིག་བཟོས་མཁན་སམ་བྷོ་ཊ་མིན་པར་སྒྲུབ་བྱེད་དང་བཅས་སྟོན་ཡོད་པ་ཁྱེད་ཀྱིས་གོ་མ་སོང་ངམ།
ས་པཎ་གྱིས་ སྤྲེའུ་རྒན་རྣམས་ཀྱིས་མི་བཟུང་ནས། །མཇུག་མ་མེད་ཅེས་བཞག་བགད་བྱེད་ཟེར་གསུཡངས་པ་དེ་ཐུགས་ལ་ངེས་ན་ཀྱོད་ཀྱི་དྲི་བའི་ལན་དེས་འཐུས།

 
2009.06.27 05:06:56
quest
གྲོགས་པོ་ལགས། ང་ཚོའི་བོད་ཀྱི་རྒྱལ་ཕྲན་དེ་ཚོ་དབུས་ལྷ་སར་ཇོ་མཇལ་དང་ཁྲལ་འཇལ་ཁར་འགྲོ་སྲོལ་ཡོད་པ་ལྟར་འབྲུག་རྒྱལ་དང་པོ་ཨོ་རྒྱན་དབང་ཕྱུག་ཀྱང་བོད་ལ་ཁྲལ་དང་ཇོ་བོ་མཇལ་ཁར་ཕྱིན་ཡོད་རྒྱུ་རེད་། བོད་སྐད་དང་འབྲུག་སྐད་གཉིས་ཨ་མ་སམ་བྷོ་ཌ་ལས་འཁྲུངས་ཞེས་པ་འདི་བོད་འབྲུག་གཉིས་ཀ་ཐོན་མིའི་བརྡ་སྤྲོད་རིག་པ་གཅིག་གི་རྗེས་འཇུགས་ཡིན་ཅེས་པའི་དོན་ལ་གོ་དགོས་པ་ལས་བོད་ཡིག་གསར་དུ་བཟོས་མ་བཟོས་སོགས་ལ་འཁྲུལ་བར་བྱ་རྒྱུ་མེད་།
ཡིན་ཡ་ང་ནི་ལོ་རྒྱུས་དང་རྒྱལ་རབ་རྙིང་པའི་རིགས་ཤིག་ཡིན།
མི་ལོ་སྟོང་ཕྲག་ཁ་ཤས་རིང་གི་རྒྱལ་ཁབ་དང་མི་རིགས་ཤིག་ཡིན།
ང་ནི་རྒྱལ་ཐོག་ཁ་ཤས་རིང་གི་གསར་པ་འབྲུག་ཡུལ་མིན།
ང་ནི་བོད་པའི་རིག་གཞུང་སྦྱངས་བཞིན་བོད་པར་སྨད་མཁན་མིན།
ང་ནི་བོད་པ་བསྐྱབས་སྐྱོལ་པ་ལ་ཡང་སྐྱོལ་བྱེད་མཁན་མིན།

 
2009.06.26 19:03:23
quest
གྲོགས་པོ་ལགས། དང་པོ་ཁྱེད་ཀྱི་འདི་ལ་ལན་གཅིག་གནང་རོགས། ་་འབྲུག་པའི་ན་ཆུང་མ་མང་པོ་ཞིག་གིས་གཅིན་པ་ཟོག་ནང་བཞིན་ལངས་ནས་གཏོང་གི་རེད་བས། ་དེ་ནས་ངེད་གཉིས་རིམ་པ་བཞིན་ཁ་བརྡ་བྱེད་།

 
2009.06.27 14:20:39
དྲ་གྲོགས་རྡོ་རྗེ་རྒྱལ་མཚན་ལགས།
ཁྱེད་རང་གིས་གསུངས་པ་ནང་བཞིན་ངས་སེམས་རྣལ་དུ་མ་གནས་པའམ་རྒྱུ་མཚན་ཁུངས་བཙན་མ་བཤད་པའི་ཐོག་ནས་རགས་བསྡུས་ཀྱིས་བརྗོད་པ་དེ་འདྲ་བྱུང་ཡོད་སྲིད་། ངས་བློ་ཁོག་ཡོངས་པོའི་ཐོག་ནས་བོད་སྐད་ལ་མེད་པའི་ཐ་སྙད་གང་ཞིག་འབྲུག་སྐད་ལ་འདུག་ན་ནང་འདྲེན་བྱེད་པར་དགེ་མཚན་ཡོད་པར་བཤད་ཡོད། དེའི་ཐད་དཔལ་སྐྱིད་ཟེར་བ་ཞིག་གིས་བོད་སྐད་ལ་ཡོད་བཞིན་དུ་ཕྱི་སྐད་དུ་ཐ་སྙད་འཚོལ་བ་ནི་གང་མེད་ཚད་རེད་ཟེར། དེ་ལ་ལན་བཏབ་པ་ཡིན།
ང་ཡིས་བགྲོ་གླེང་བྱ་འདོད་པ་ནི་བོད་འབྲུག་བར་དུ་ཐ་སྙད་དག་སྡེབ་བམ་གསར་བཟོའི་ཐད་དུ་མཉམ་འབྲེལ་བྱ་ཐུབ་ན་ཕན་ཚུན་གཉིས་ཕན་གྱི་བྱ་བ་ཞིག་རེད་བསམས། ཁྱེད་རང་གི་བསམ་ཚུལ་གང་འདྲ་ཡོད་དམ།
སྐད་གསར་གཅོད་མ་ཐུབ་པའི་བོད་ཀྱི་ཤར་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་ཁམས་དང་ཨ་མདོ། ལྷོ་དང་ནུབ་ཀྱི་མཐའ་མཚམས་སུ་འབྲུག་དང་ལ་དྭགས་སོགས་ཀྱི་ཁ་སྐད་དུ་ཐ་སྙད་སྐྲག་མོ་༼ཞེ་བོ་༽་མང་པོ་ཞིག་ཡོད་པ་དེ་ལ་འགྲེལ་བཤད་ཅི་ཞིག་བརྒྱབ།
སྔོན་མ་༸གོང་ས་མཆོག་གིས་གར་ཞ་རུ་དུས་དབང་གནང་དུས་གར་ཞའི་སྐད་དུ་གསུངས་བསྒྱུར་བ་རྣམས་བོད་ནས་འབྱོར་བའི་ཨ་མདོ་བ་ཚོས་དཀའ་ངལ་མེད་པར་གོ་ཐུབ་པ་འདི་ཇི་ལྟར་བྱས་ནས་བྱུང་བ་རེད་དམ།
གྲོགས་པོ་ལྷག་བསམ་ལགས། ཁྱེད་ཀྱིས་འབྲུག་མོས་གཅིན་པ་ཅི་འདྲས་གཏོང་གི་ཡོད་པ་བལྟ་འདོད་ན། ཁྱེད་རང་གིས་དྲ་གྲོགས་རྡོ་རྗེ་རྒྱལ་མཚན་ལ་མགྲོན་ཤོག་ཅིག་གཏོང་རོགས་ཞུས་ནས་འབྲུག་ཡུལ་དུ་སྐྱོད་ཆོག་པའི་ཆོག་མཆན་ཞུས། དེ་ནས་ང་ལ་ཁ་པར་ཞིག་ཐོངས་དང་། ངས་རྡོ་རྗེ་རྒྱལ་མཚན་ལགས་དང་གྲོས་བྱས་ནས་འབྲུག་པའི་མི་ཚང་ཞིག་གི་ཆབ་ཁང་ཞིག་གླའོ། ཉིན་ཞག་ཐུན་གཅིག་ལ་ཆབ་ཁང་ནང་དུ་སྡོད་ཆོག་པའི་ཆོག་མཆན་ཞིག་རག་ཐབས་བྱ་ངེས་ཡིན། སྐབས་འདིར་གསང་སྤྱོད་འབྲི་རྒྱུ་མིན་འདུག ཉིད་རང་དེར་གཟིགས་ཞིབ་གནང་བར་ཕེབས་པ་སོང་ཙང་གསང་བ་ཞིག་ཆགས་ཀྱིན་མིན་འདུག ཨ་་་ཧཧཧཧ།

 
2009.06.28 14:12:34
quest
དྲ་གྲོགས་ལགས་སྐུ་ཁམས་བཟང་། ཁྱེད་ཀྱིས་དངོས་གནས་ངའི་དྲི་བ་འདིས་དོན་རྟོགས་མི་འདུག ངས་འབྲུག་མོས་གཅེན་པ་གཏོང་སྟངས་བསྐོར་གྱི་དྲི་བ་འདི་ནི་གྲོགས་པོ་རྡོ་རྗེ་རྒྱལ་མཚན་གྱིས་འབྲུག་པ་འདི་སྐད་རིག་སོགས་ཕྱོགས་གང་ཐད་ནས་བོད་པ་དང་ཐ་དད་དགོས་སྣང་བྱེད་ཀྱི་འདུག དེ་ཡིན་དུས་འབྲུག་མོས་གཅེན་པ་གཏོང་སྟངས་འདིའི་ཐོག་ནས་ཀྱང་བོད་འབྲུག་གཉིས་ཀྱི་ཐོག་ནས་ཁྱད་པར་ཞིག་བཞག་རྒྱུ་མིན་འགྲོ་བསམས་ནས་དྲིས་པ་ཡིན་པས་དགོངས་འཇགས་ཞུ། ་གཞན་དུ་ཁྱེད་ཀྱི་སྐུ་ཚབ་འདི་ལ་ལྟས་ན་ཁྱེད་ནི་ནིའུ་ཡོག་ཏུ་གསང་སྤྱོད་ཁྲུ་བཞིན་པའི་སྒང་ཡིན་ས་རེད་། ་དེ་ཡིན་དུས་ངས་འབྲུག་ནས་ཁ་པར་གཏོང་ནའང་ཁྱེད་ལ་ཁ་པར་ལེན་ཡའི་དུས་ཚོད་ཅིག་ཡོད་མེད་ང་ལ་ཐེ་ཚོམ་འདུག
འདི་ཚོ་ཚང་མ་རྩེད་མོ་ཡིན་་་་་་་་་་་་་་་་་་་་་ཧ་ཧཧཧ་ཧཧཧཧཧཧཧ་

 
2009.07.06 15:42:42
གྲོགས་པོ་ལྷག་བསམ་ལགས།
བཀྲ་ཤིས་བདེ་ལེགས།
སྐུ་གཟུགས་བདེ་བོ།
སྐུ་གཟུགས་གསལ་ཐང་།
སྐུ་ཁམས་བཟང་།
བདེ་མོ་བདེ་མོ།
བདེ་མོ་ཨེ་ཡིན།
བྱོན་ལེགས། བྱོན་ལེགས།
སྐུ་ཁམས་བཟང་པོ།
གོང་གི་འཚམས་འདྲི་ཞུ་སྟངས་སོ་སོ་ངོས་ཟུང་དང་། ད་དུང་ཁ་སྣོན་བརྒྱབ་རྒྱུ་ཡོད་ན་རྒྱོབ། ང་འདི་གར་ཆབ་ཁང་འཁྲུ་བཞིན་ཡོད་པས་ཁོམ་པ་མིན་འདུག ཨ་ཧཧཧ།
ཉིན་འགའ་སྔོན་ལ་འབྲུག་མོ་ཞིག་དང་ཁ་བརྡ་བྱས་པ་ཡིན། འབྲུག་མོ་ཚོས་ལངས་གཅིན་གཏོང་གི་རེད་ཟེར་བ་དེ་བོད་པའི་རྟོག་བཟོ་ཞིག་རེད་ཟེར། ད་ཁྱེད་རང་འབྲུག་ཡུལ་དུ་འགྲོ་དགོས་བྱུང་མ་སོང་། ཡག་པོ་བྱུང་སོང་། ཁྱེད་རང་གིས་རྡོ་རྗེ་རྒྱལ་མཚན་ལ་ག་རེ་ཤོད་རྒྱུ་ཡོད་ན་ཤོད་ཅིག
དཀའ་ལས་འདྲ་འཕྲད་བྱུང་ན་ང་ལ་ཁ་པར་གཏོང་ཤོག་དང་། ངེད་ཚོའི་ལས་ཁང་གི་སྒོ་འགྲམ་དུ་ཁ་པར་ལེན་མཁན་བུ་མོ་མཛེས་མ་ཞིག་ཡོད། མོས་དང་པོ་ལན་འདེབས་ཀྱི་རེད་། དེ་ནས་ངའི་མིང་ལབ་དང་མོ་རང་དགའ་ཐག་ཆོད་ནས་ཁ་པར་ཡར་མ་མཐུད་པར་ངའི་མདུན་ཅོག་གི་ཕྱོགས་ཁ་པར་གྱི་གློག་སྐུད་འདྲུད་ནས་རྒྱུག་ཡོང་གི་རེད། དེ་དུས་གནས་ཚུལ་ཡག་པོ་འདྲ་བྱུང་སོང་ན་ངས་རྗེས་སོར་ཁྱེད་ལ་བཀྲིན་ཆེ་ཞུ་ཆོག ཨ་་ཧཧ་་ཧ།

 
2009.07.07 11:55:03
quest
གྲོགས་པོ་ཁྱེད་ལ་དེ་རིང་སྐད་ཆ་མང་པོ་བཤད་པའི་དུས་ཚོད་མེད་། དེ་རིང་ཡུ་གུར་བའི་གནས་ཚུལ་མཐོང་ཡོང་དུས་སྔོན་ལོ་བོད་པའི་གནས་ཚུལ་དེ་དྲན་ཞིང་རྒྱ་མའི་དམག་དཔུང་ལ་འཇིགས་ནས་ཁྱེད་ལ་ཁ་བརྡ་བྱེད་ཡའི་དུས་ཚོད་ཅིག་ག་ལ་ཡོད་དེ་མེད་། ཁྱེད་ཀྱིས་ཉིན་འགའ་སྔོན་དུ་འབྲུག་མོ་ཞིག་དང་ཁ་བརྡ་བྱུང་བའི་བུ་མོ་དེ་དང་ཁྱེད་ཀྱི་ལས་ཁུང་གི་སྒོ་འགྲམ་དུ་ཁ་པར་ལེན་མཁན་བུ་མོ་མཛེས་མ་དེ་གཉིས་གཅིག་རེད་བས།

 
2009.06.27 19:51:55
quest
རྡོ་རྗེ་རྒྱལ་མཚན་ལགས། ཁྱེད་གང་ཅིའི་ཐད་ནས་གནས་སྟངས་མང་པོ་མཁྱེན་མཁན་ཞིག་ཡིན་ཚོད་འདུག་པས་ངས་ཁྱེད་ལ་ཉེ་རབས་འབྲུག་བོད་འབྲེལ་བ་དང་འབྲེལ་བའི་ལོ་རྒྱུས་ཤིག་གི་སྐོར་ལ་བཀའ་འདྲི་ཞུ་འདོད་བྱུང་། ལོ་བཅུ་ཕྲག་ཁ་ཤས་སྔོན་དུ་བོད་མི་སྐྱབས་བཅོལ་བ་ཁག་གཅིག་གི་ལ་འབྲུག་གཞུང་གིས་བཙན་ལྗིད་ཆེ་བའི་ཁྲིམས་གཅོད་བྱས་པ་དེའི་བྱུང་རྐྱེན་ངོ་མ་ད་དུང་ཡང་གསལ་ཁ་མེད་པར་ལུས་འདུག དེའི་སྐོར་ལ་ཁྱེད་གཙོས་པའི་འབྲུག་གི་ཤེས་ཡོན་ཅན་ཚོར་གླེང་ཕྱོགས་དང་ལྟ་སྟངས་ག་འདྲ་ཞིག་ཡོད་རེད། ང་ཚོ་མི་རབས་གསར་པ་རེད། ལོ་རྒྱུས་འདས་ཟིན་པ་ཞིག་དང་འབྲེལ་ནས་ཆགས་སྡང་བྱེད་དོན་མེད་ཀྱང་ལོ་རྒྱུས་ངོ་མ་ཞིག་ཤེས་དགོས་པ་དེ་བོད་འབྲུག་སུ་ཡིན་ཡང་གལ་ཆེན་པོ་རེད། དེས་ན་ཁྱེད་ཀྱིས་འདི་ལ་ལན་ཞིག་འདེབས་རོགས་གནོང་། དེ་མིན་ཡིག་རིགས་གང་ལས་བྱུང་མིན་དང་འབྲུག་མོའི་གཅིན་གཏོང་སྟངས་སོགས་གླེང་ཡང་ཕན་ཐོགས་ཆེར་མི་འདུག་སྙམ་གྱིན་འདུག

 
2009.07.09 18:55:29
quest
དྲ་གྲོགས་ཚོ། རང་ཉིད་དྲ་རྒྱ་སྟེང་སླེབས་མ་ཐུབ་པར་ཡུན་རིང་སོང་བས་དགོངས་དག་ཞུ། རང་ཉིད་དྲ་རྒྱ་སྟེང་མེད་དུས་ང་ལ་དྲི་བ་དང་བརྒལ་ལན་མང་པོ་ཞིག་བཀོད་འདུག། དེ་དག་ཚང་མའི་ལན་གསལ་པོ་ཞིག་བརྗོད་ཐུབ་མི་ཐུབ་མི་ཤེས། ཡིན་ན་ཡང་ང་རང་གི་ཐད་ནས་ཅི་ཐུབ་གང་ཐུབ་ཀྱི་སྒོ་ནས་ཞུ་རྒྱུ་ཡིན། འབྲུག་རྒྱལ་དང་པོ་ཨོ་རྒྱན་དབང་ཕྱུག་བོད་ཀྱི་རྒྱལ་ཕྲན་ཡིན་པར་འདོད་པ་ལ་བལྟས་ན་ཁྱོད་ཉིད་བྱས་པ་ཤེས་ཤིང་དྲིན་གཟོ་བའི་མི་ཞིག་མིན་པ་འདྲ། སྔར་ཕྱི་གླིང་པ་ཚོས་བོད་རྒྱལ་ལ་བཙན་དབང་བྱས་ནས་བོད་རིགས་མང་པོ་ཞིག་གསད་པར་རྩོ་མ་པ་ན་ཨོ་རྒྱན་དབང་ཕྱུག་མཆོག་གིས་འགོ་བའི་ལྷ་དང་སྐྱོབས་པའི་མགོན་བྱས་པ་ཁྱེད་ཀྱིས་ཨེ་ཤེས། ཨོ་རྒྱན་དབང་ཕྱུག་བོད་ཀྱི་རྒྱལ་ཕྲན་ཡིན་ན་བོད་ཀྱི་རྒྱལ་ཕྲན་གྱིས་བོད་དབྱིན་གཉིས་ཀྱི་དབར་ཆིངས་འདུམ་བྱེད་ཐུབ་མི་སྲིད་ཅིང་དེ་ལྟར་བྱས་སྲིད་ཟེར་ན་དབྱིན་གཞུང་ལྐུགས་པ་ཡིན་པར་ཁས་ལེན་པ་ལས་འོས་མེད།
བོད་འབྲུག་གཉིས་ཀྱི་སྐད་ཡིག་ཨ་མ་སམ་བྷོ་ཊ་རིག་པ་ལ་བརྟེན་པར་འདོད་པའི་རྒྱུ་མཚན་ཡང་བོད་ཡིག་སམ་བྷོ་ཊས་བཟོས་ཟེར་བའི་རྒྱུ་མཚན་ལས་གཞན་ཅི་ཡོད། མ་ཟད་བོད་དང་རྒྱ་གར་གྱི་སྐད་ཡིག་གཉིས་ཀ་སཾ་སྐྲི་ཏའི་རིག་པ་ལ་བརྟེན་པས་བོད་དང་རྒྱ་གར་གྱི་སྐད་ཡིག་གཉིས་ཀ་ཨ་མ་ཅིག་པ་ཡིན་པར་འདོད་དམ། དེ་ལྟ་ན་བོད་ཀྱང་རྒྱ་གར་གྱི་མངའ་འོག་ཡིན་པར་འདོད་དགོས་ཏེ་འབྲུག་དང་བོད་ཀྱི་སྐད་ཡིག་ཨ་མ་ཅིག་པ་ཡིན་པར་འདོད་དགོས་པའི་རྒྱུ་མཚན་ནི་འབྲུག་རིགས་བོད་རིགས་ཡིན་པར་སྒྲུབ་རྒྱུའི་ཞེ་འདོད་ཡིན་པའི་ཕྱིར། བོད་ཀྱི་རྒྱལ་རབས་ལ་རྟོག་བཟོ་བྱས་པས་བོད་ཀྱི་རིག་གཞུང་སྦྱང་བཞིན་བོད་པ་ལ་སྨད་པ་དོན་གྱིས་སོང་ལ། དེ་ལྟ་བུའི་མི་རིགས་ནི་མི་ལོ་སྟོང་ཕྲག་མ་ཟད་འབུམ་ཕྲག་གི་གོང་ནས་ཡོད་ཀྱང་ཡིད་སྨོན་འཆོར་དགོས་དགོས་དོན་མེད། སྐྱབས་བཅོལ་བའི་སྐོར་ཞིག་ཡང་ཡང་གསུངས་འདུག་ཀྱང་འདིའི་ལན་དྲང་པོ་ཞིག་རྒྱབ་ན་ཁྱེད་ཀྱི་སྙཻང་ལ་ཚེར་མ་ཟུག་པ་བཞིན་གྱི་ན་ཟུག་རྔུ་ཞིག་འབྱུང་སྲིད་པས་དེ་བས་བཏང་སྙོམས་སུ་བཞག་ན་ལེགས། གང་ལྟར་ཡང་དེའི་རྒྱཱུ་མཚན་ངེས་པར་ཤེས་དགོས་ན་ཁྱེད་རང་རྒྱ་གར་ལྡི་ལི་ལ་ཕྱིན་ནས་འབྲུག་ནས་སོང་བའི་བོད་རིགས་འགའ་ཞིག་དྲིས་དང་། དེ་དག་ཚང་མས་དྲང་པོར་མ་བཤད་ཀྱང་འགའ་ཞིག་གིས་ད་ལྟའང་དྲང་པོར་ཤོད་ཀྱིན་འདུག།
ངས་འབྲུག་དང་བོད་ཀྱི་སྐད་ཡིག་གཏན་ནས་མི་འདྲ་ཟེར་བ་མ་ཡིན་ཏེ་འབྲུག་གི་སྐད་ཡིག་བོད་ནས་མཆེད་པ་མིན་ཟེར་བ་ཡིན། ཇི་སྐད་དུ། འདྲ་བ་ཐམས་ཅད་དངོས་མ་ཡིན། །ཟེར་བ་ལྟར་བོད་སྐད་དང་འདྲ་ན་བོད་ཡིན་མི་དགོས་པར་དགོངས་འཇགས་ཞུ།

 
2009.07.09 20:07:50
quest
གོང་དུ་དྲ་གྲོགས་གཉིས་ཀྱིས་འབྲུག་པ་བོད་ཁུངས་ཡིན་མིན་དང་འབྲུག་ཡིག་དེ་བོད་ཡིག་ཡིན་མིན་སྐོར་མང་པོ་ཞིག་གསུངས་སོང་།བྱེད་ཙང་བདག་གིས་ཀྱང་མ་ཤེས་ཤེས་འདོག་གི་ཅུང་ཙམ་ཞུ་འདོད་བྱུང་།
དང་པོ།ཡིག་རིགས་གཅིག་པ་ཡིན་ན་དེ་ཡི་ཁུངས་ཡིན་དགོས་པ་མི་འདུག་དྲན།དཔེ་ན་ཨ་རི་དབྱིན་ཇི་ཁུངས་མ་རེད་ལ་singaporeརྒྱ་ནག་གི་ཁུངས་ཀྱང་མ་རེད།དེ་དང་འདྲ་བ་ད་དུང་ཡོད།
གཉིས་པ།གལ་སྲིད་འབྲུག་པ་ལ་སྐད་ཡིག་གཙང་མ་ཞིག་ཡོད་ན།ནང་ཆོས་མགོ་ནས་རྒྱ་གར་སྐད་དུ་ཞེས་དང་འབྲུག་སྐད་དུ་ཞེས་པ་ཡོད་དགོས་པ་ལས་དེ་མེད་པའི་རྒྱུ་མཚན་ཅི་ཡིན་ནམ།སྔར་འབྲུག་པ་ལ་ལོ་ཙྭ་བ་མ་བྱུང་པ་ནི་ཨེ་ཡིན།

 
2009.07.11 10:06:52
quest
གྲོགས་པོ་རྡོ་རྗེ་རྒྱལ་མཚན། ང་ཚོས་སྔོན་གྱི་ལོ་རྒྱུས་མང་པོ་བཤད་པས་དགོས་པ་ཆེན་པོ་མི་འདུག ད་ལྟ་ང་ཚོ་བོད་པ་་ལ་འབྲུག་པས་རོགས་པ་བྱེད་དགོས་པའི་དུས་ལ་བབས་ཡོད་། གང་ཡིན་ཟེར་ན་ང་ཚོའི་ཆོས་དང་རིགས་གཞུང་ཚང་མ་གཅིག་རེད་། འོན་ཀྱང་སེམས་ཕམས་དགོས་པ་ཞིག་ལ་འབྲུག་པ་ཁ་ཤས་ཀྱིས་བོད་པའི་དགོན་སྡེ་རྣམས་ཀྱི་ནང་སློབས་སྦྱོངས་བྱས་དང་བྱེད་བཞིན་བོད་པར་་སྨ་འབབས་ཀྱི་སྐད་ཆ་བཤད་ཡོང་དུས་ཤིན་ཏུ་ནས་བློ་ཕམས་ཡོང་གི་འདུག དེ་ནི་དངོས་་གནས་དྲིན་ལེན་ལོག་འཇལ་རང་རེད། མཚམས་མཚམས་སུ་འདི་འདྲའི་དྲན་གྱི་འདུག ང་ཚོ་བོད་པ་བསྐྱབས་སྐྱོལ་བ་ཆགས་ནས་འཛམས་གླིང་འདིའི་སྒང་ལ་གྲོགས་མེད་ཁེར་རྐྱང་ཆགས་དུས་འབྲུག་པས་རོགས་པ་་བྱས་ཡོད་མ་རེད་ཟེར་བ་ཞིག་གོ་བྱུང་། ངས་སྙིང་ཐག་པ་ནས་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ཡོད་། ང་ཚོར་དཀའ་ངལ་འཕྲད་དུས་རོགས་པ་ཡག་པོ་བྱས་སོང་བས་རྒྱ་གར་གཞུང་དམངས་གཉིས་ཐུགས་ཆེ་གནང་། གྲོགས་པོ་རྡོ་རྗེ་རྒྱལ་མཚན་། གཅིག་བྱས་ན་ཁྱེད་རང་ཡང་བོད་པའི་བཤད་གྲྭའམ་དགོན་པར་སློབས་སྦྱོང་བྱེད་མྱོང་ཡོད་རྒྱུ་རེད་། དེ་ཡིན་དུས་པོད་པར་དཀའ་དྲིན་རྗེས་དྲན་བྱས་ན་ཡག་པོ་ཡོད་རེད་། གཞན་ཡང་་ཁྱེད་རང་གི་རྩ་བའི་བླ་མ་ཡང་བོད་པ་ཡིན་སྲིད་པ་རེད་། དེ་ཚོ་ཚང་མར་བལྟ་ནས་བོད་པ་བསྐྱབས་སྐྱོལ་བ་་ལ་བཀའ་དྲིན་རྗེས་དྲེན་སྙིང་ཐག་པ་ནས་ཞུས།

 
2009.07.13 00:10:14
quest
གྲོགས་པོ་ལགས། ཁྱེད་ཀྱིས་ངའི་མིང་ཡག་པོ་མཁྱེན་འདུག་པས་དགའ་པོ་འབྱུང་། ངས་ནི་ཁྱེད་སུ་ཡིན་མི་་ཤེས། ཁྱེད་ཀྱིས་འབྲུག་པས་བོད་པ་ལ་རོགས་པ་བྱས་མ་སོང་ཟེར། ངས་བལྟས་ན་རོགས་པ་ག་ཚོད་བྱས་ཐུབ་ཐུབ་བྱས་འདུག་བསམ་གྱི་ཡོད། རྒྱུ་མཚན་ནི་སྔོན་བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་འབྲུག་ལ་བསྡད་ཡོད་པའི་ཤུལ་ཡོད་ཅིང་སྐབས་་དེར་བོད་པ་བསྡད་པའི་ཤུལ་དུ་ད་སའི་མིང་ཡང་བོད་སྒར་ནང་ཞེས་ཐོགས་པ་ད་ལྟ་ཡང་དེ་ལྟར་འབོད་ཀྱིན་འདུག རྗེས་སུ་ཁོང་ཚོ་རྒྱ་གར་ལ་འགྲོ་དུས་ཀྱང་འབྲུག་པའི་ས་ཆ་འབྲུག་པ་ལ་བཙོང་ནས་ཕྱིན་ཡོད་ཚུལ་བཤད་སྲོལ་འདུག དེར་མ་ཟད་ད་ལྟ་ཡང་བོད་མི་མང་པོ་ཞིག་འབྲུག་ལ་སྡོད་ཡོད་པ་མ་ཟད་འབྲུག་གི་ཚོང་པ་ཕྱུག་པོ་མང་ཆེ་བ་ཞིག་བོད་མི་ཆགས་བསྡད་ཡོད་རེད། དེ་འདྲ་ཕྱུགས་པོ་ཆགས་པ་དེ་རྩ་བ་བོད་མི་རང་གི་འཇོན་སྟབས་ཡིན་ཀྱང་འབྲུག་གཞུང་གིས་རོགས་པ་མ་བྱས་པ་ཡིན་ན་དེ་འདྲ་ཆགས་མི་སྲིད་བསམ་གྱི་ཡོད། ཁྱེད་བོད་མི་སྐྱབས་བཅོལ་ལས་ཡོང་ནས་རྒྱ་གར་བཤད་གྲ་བཙུགས་པས་ང་ཚོ་འབྲུག་པ་ལ་ཕན་ཐོགས་ཆེར་བྱུང་ཡོད་པ་ཡང་ངས་ཤེས་ཀྱི་ཡོད། དེ་འདྲའི་བཀའ་དྲིན་དེ་ང་ཚོ་འབྲུག་མི་རེ་རེ་ནས་བསམ་གྱི་མེད་པ་མིན་ཞིང་འབྲུག་གཞུང་ནས་ཀྱང་བསམ་དང་བསམ་བཞིན་དུ་ཡོད་པ་ནི་ངས་འདིར་བརྗོད་དགོས་མ་རེད། ཁྱེད་ཀྱིས་བཤད་པ་ནང་བཞིན་བོད་དང་འབྲུག་པ་ཆོས་དང་རིག་གཞུང་གཅིག་པ་རེད་ཟེར་ན་བོད་དང་འབྲུག་པའི་རིག་གཞུང་དེ་ཐུན་མོང་དུ་རེད་འགྲོ་གི་ཡོད་རེད། དེ་འདྲ་ཐུན་མོང་ཡིན་ཟེར་ན་འགལ་བ་མེད་ཀྱང་ཁྱེད་ཀྱི་རོགས་པ་འགའ་ཞིག་གིས་འབྲུག་པས་ཆོས་དང་རིག་གཞུང་བོད་པ་ནས་གཡར་བའམ་ཡང་ན་བརྐུས་བཞིན་དུ་སྤྱད་བཞིན་ཡོད་པ་ལྟར་བརྗོད་མཁན་འདུག། ངས་དེ་ལྟར་མ་རེད་ཅེས་བཤད་པ་ལས་བོད་རིགས་ལ་སྨ་འབེབས་གཏོང་འདོད་ནས་ཁ་རྩོད་རྒྱག་པ་མིན་ཞིང་དེ་འདྲ་གདོང་འདུན་ཡེ་ནས་མེད། ངས་ཁ་སྔོན་ངའི་རྩོམ་ཡིག་འདིར་བཀོད་དུས་ནས་་གཟུར་གནས་བློའི་སྒོ་ནས་རྩོད་པ་རྒྱག་གི་ཞེས་བརྗོད་ཡོད་ཀྱང་བོད་རིགས་འགའ་ཞིག་གིས་འབྲུག་པ་ལ་གཅིན་པ་གཏོང་སྟངས་ནས་བཟུངས་ཏེ་སྐྱོན་བརྗོད་སྨ་འབེབས་ཚད་ལས་འདས་པ་བྱས་བྱུང་། ཡིན་ན་ཡང་ངས་དེ་འདྲའི་སྐྱོན་བརྗོད་དང་སྨ་འབེབས་བཏང་སྙམས་སུ་བཞག་ནས་དོན་ངོ་མའི་ལན་འབའ་ཞིག་རྒྱག་ཡོད་རེད། ངས་ལལྟས་ན་གྲོགས་པོ་ཁྱོད་ཀྱང་གཟུར་གནས་བློ་ལྡན་ཞིག་ཡིན་འཁུལ་གྱི་འབྲུག་པ་ལ་ཞེ་འཁོན་གྱི་སྐད་ཆ་ཞིག་བཤད་འདུག། དེ་འདྲ་ཞེ་འཁོན་བྱས་དོན་ཡེ་ནས་མེད་ཞུ་གི་ཡིན། ཞེ་འཁོན་ཡོད་ན་ཡང་ཞེ་འཁོན་འདིར་བཤད་ནས་ཕན་ཐོགས་ཅི་གང་ཡོད་མ་རེད། དེ་བས་ང་ཚོ་དགའ་སྤྲོ་དང་རིག་པ་འཕེལ་བའི་སྐད་ཆ་བཤད་ན་གང་འདྲ་འཚམས། ང་ནི་བོད་པའི་བཤད་གྲྭ་ལ་བསྡད་མྱོང་མེད། ཡིན་ན་ཡང་བོད་པའི་བླ་མ་ནས་ཆོས་མང་པོ་ཞུས་མྱོང་། བོད་པའི་བླ་མ་ནས་ཆོས་ཞུས་མྱོང་བས་བོད་མིས་ཅི་བཤད་གང་བཤད་ལ་ཉན་དགོས་ཟེར་ན་དེ་ནི་ནང་པའི་ལྟ་སྤྱོད་ལས་མི་འགལ་ལམ། རྩ་བའི་བླམས་གསུངས་པ་ལ་ཉན་དགོས་ཟེར་ན་ཆོག་མོད། བོད་རིགས་ཀྱི་བླ་མ་རྩ་བའི་བླ་མར་བསྟེན་ཡོད་ཀྱང་བོད་རིགས་ཚང་མ་ངའི་རྩ་བའི་བླ་མར་ཁས་་ལེན་ཐུབ་ས་མ་རེད། གྲོགས་པོ་ཁྱོད་དགོངས་མ་ཚོམ་ཨ།

 
2009.07.10 18:08:35
quest
འོ་གྲོགས་པོ་ལགས། ཁྱེད་ཀྱིས་གསུངས་པ་དེ་མངོན་གནས་བདེན་གཏམ་འབའ་ཞིག་རེད། ངས་ཀྱང་ཁྱེད་ལྟར་འདོད། གལ་ཏེ་སྐུ་ཉིད་ཡིག་རྩིས་རྒྱག་པ་ཡིན་ན་ངས་ཁྱེད་ལ་སྐུགས་བརྒྱ་ཆ་བརྒྱ་ཐམ་པ་སྤྲོད་ངེས་ཡིན། ཡིན་ན་ཡང་ནང་ཆོས་ཀྱི་མགོར་རྒྱ་གར་སྐད་དུ་དང་འབྲུག་སྐད་དུ་མེད་པའི་རྒྱུ་མཚན་ལ་བརྟེན་ནས་འབྲུག་པར་སྐད་ཡིག་གཙང་མ་མེད་པར་སྒྲུབ་དགོས་ན་དེ་ནི་ཧ་ཅང་ཐལ་ཆེ་ས་རེད་བསམ་གྱི་འདུག། གང་ལྟར་ངས་ཁྱེད་ལ་བརྗོད་བྱ་གསར་པ་ཞིག་ཞུ་འདོད་བྱུང་། བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བྲིས་པའི་སྐད་ཡིག་དེ་བོད་སྐད་གཙང་མ་ཡིན་མིན་དོགས་པ་ཡོད། གལ་ཏེ་དེ་བོད་སྐད་གཙང་མ་ཡིན་ཞེ་ན་བོད་ཁྲི་བསྐོར་བཅུ་གསུམ་གང་གི་སྐད་ཡིན། འོན་ཏེ་བོད་ཀྱི་སྤྱི་སྐད་ཡིན་ཞེ་ན་དེང་སང་བོད་ཀྱི་དྲ་རྒྱ་གང་ས་ལ་བོད་ཀྱི་སྤྱི་སྐད་ཅིག་བརྩམ་དགོས་རྒྱུའི་བགྲོ་གླེང་རྒྱག་དགོས་དོན་གང་ཡིན། ད་དུང་བོད་བརྒྱུད་ནང་བསྟན་གྱི་གླེགས་བམ་དུ་ཡོད་པའི་སྐད་ཡིག་དེ་བོད་སྐད་ཡིན་ན་བོད་མི་ཚོས་སྐད་ཡིག་དེ་ཀློག་ཤེས་པ་ཙམ་གྱིས་དེའི་དོན་གང་ཡིན་པ་གོ་དགོས་རྒྱུ་ཡིན་ཀྱང་དེ་འདྲ་གོ་མི་ཐུབ་པའི་རྒྱུ་མཚན་ཅི། ད་དུང་བོད་པ་ཚོས་བོད་ཡིག་ཀློག་ཤེས་པ་ཙམ་གྱིས་དེའི་དོན་གང་ཡིན་པ་གོ་ཐུབ་ཅེས་ཧམ་པ་མ་བཤད་ཨ། ངའི་གྲོགས་པོ་མང་པོ་ཞིག་བོད་ཀྱི་བཤད་གྲ་ཁག་གི་ནང་བོད་ཕྲུག་ཚོར་སློབ་ཁྲིད་བྱས་ནས་བསྡད་ཡོད་རེད་ད། ད་དུང་གཅིག་བཤད་ན་ནང་ཆོས་སློབ་ཁྲིད་བྱེད་དུས་རྒྱ་གར་སྐད་དུ་ཞེས་པ་ནི་རྒྱ་གར་ལ་སྐད་རིགས་མི་འདྲ་བ་གསུམ་ཡོད་པའི་ནང་ནས་སཾསྐྲིཏ་ལྷའི་སྐད་རེད། བོད་སྐད་དུ་ཞེས་པ་ནི་བོད་ལ་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་ཡོད་པའི་ནང་གསེས་དབུས་གཙང་གི་སྐད་ཡིན་ཟེར། འོ་ན་ནང་ཆོས་དེ་ནང་ཡོད་པའི་མིང་ཚིག་ཚང་མ་དབུས་གཙང་གི་སྐད་རྐྱང་རྐྱང་རེད་པས། ངས་བལྟས་ན་ཚིག་སྒྲིགས་སྟངས་ལྟ་ཞོག་མིང་ཚིག་དེ་ཚོ་ཡང་དབུས་གཙང་གི་སྐད་དང་མི་མཐུན་བསམ། དཔེར་ན་ཤེར་ཕྱི་འབུམ་པའི་ནང་གཤེགས་ཟེར་བ་ཞིག་ཐོན་གྱི་ཡོད་ཅིང་དེའི་དོན་ནི་དབུས་གཙང་གི་སྐད་ལྟར་ན་ཕྱིན་པའི་དོན་ཡིན་ན་ང་ཚོ་འབྲུག་པའི་སྐད་ནས་ཡིན་ན་ཕྱིན་པའི་དོན་ལ་གཤེགས་ཟེར་བརྗོད། དེ་བཞིན་བོད་ཀྱི་དག་ཡིག་ཚོར་སློག་པ་ཞེས་པ་ནི་གོས་ཀྱི་བརྡ་རྙིང་ཞེས་བཀོད་འདུག། དེ་འདྲ་བརྡ་རྙིང་ཞེས་བཀོད་དགོས་པའི་རྒྱུ་མཚན་ནི་ཐ་སྙད་དེ་སྔོན་གྱི་ཡིག་ཆ་རྣམས་ནས་ཐོན་ཞིང་ཁྱོད་ཀྱི་ཡུལ་སྐད་དུ་མེད་པའི་རྒྱུ་མཚན་གྱིས་ཡིན་རྒྱུ་རེད་ལ་དེ་ཚོ་འབྲུག་པའི་སྐད་ནས་ད་ལྟ་འང་སློག་པ་ཞེས་བརྗོད། འགོར་ཞེས་པ་ནི་རྡོའི་བརྡ་རྙིང་ཟེར། ང་ཚོ་འབྲུག་པས་ནི་ད་ལྟའང་རྡོ་ལ་འགོར་ཞེས་བརྗོད། དེ་ལྟ་ན་ནང་ཆོས་ཀྱི་སྐད་ཡིག་དེ་བོད་སྐད་གཙང་མ་ཡིན་མིན་གཟུ་བོའི་བློས་དཔྱད་ན་སྐད་ཡིག་དེ་ཧི་མ་ལའི་སྤྱི་སྐད་ཅིག་རེད་མ་གཏོགས་བོད་སྐད་ཉག་ཅིག་མ་ཡིན་པར་གསལ་གྱི་ཡོད་རེད། ད་དེ་འདྲ་བྱས་དུས་བོད་མི་ཚོས་ད་ལྟ་མི་རིགས་གཞན་གྱི་མདུན་དུ་རང་གི་མཐུན་མོང་མ་ཡིན་པའི་རིག་པ་ཞེས་ངོམ་བཞིན་ཡོད་པ་དེ་བརླག་མ་སོང་ངམ། ཧ་ཧ་ཡིན་ན་ཡང་བོད་རིགས་ཚོ་དགོངས་མ་ཚོམས་ཨ། དེ་ནི་ང་རང་གི་སེམས་ལ་གང་དྲན་བྲིས་པ་ཞིག་ཡིན་གྱི་ཞིབ་འཇུག་བྱས་ནས་བྲིས་པ་མ་རེད། ཡིན་ན་ཡང་གཟུར་གནས་བློ་ལྡན་རྣམས་ཀྱི་དཔྱར་གཞིར་རུང་ངམ་བསམ་པ་ཞིག་ཡོད།

 
2009.07.11 07:01:24
quest
ཨ་རོགས་འབྲུག་པ་རྡོ་རྒྱལ་ལགས། ཁྱོད་ཀྱིས་སྐད་དང་ཡི་གེ་གཉིས་དབྱེར་བ་ཕྱེ་ཤེས་པ་བྱོས། ངས་འབྲུག་པའི་ཡི་གེ་གང་ནས་བྱུང་ཞེས་དྲིས་ཀྱི་ཡོད་མ་གཏོགས། འབྲུག་པའི་སྐད་གང་ནས་བྱུང་ཞེས་དྲི་ཡི་མེད། སྐད་ནི་མ་ལས་སྐྱེ་ནས་བཟུང་རང་བཞིན་གྱི་རྒྱུད་ལ་གྲུབ་ཡོང་བ་ཞིག་ཡིན་པར་ཚོང་མས་ཤེས་གསལ་རེད། ད་དུང་བོད་པའི་སྐད་ཡིག་གཉིས་མི་མཐུན་པ་དང་བོད་ཡིག་དེ་བོད་རང་གི་མ་ཡིན་པ་ཡང་ཐེ་ཚོམ་གསུངས་འདུག་དེ་ལ་ལན་བསྡུས་པ་ཞིག་ཞུ་རྒྱུ། ༼བོད་ཀྱི་རྒྱལ་རབས་ལོ་རྒྱུས་དོན་བསྡུས། རྣམ་དཔྱོད་དལ་འབབ་མཛོད་ཆེན་འཕྱུར་བའི་ལེགས་བཤད་རླབས་ཀྱི་སྒྲ་བརྒྱ་བཞད་པའི་གདངས་སྙན་ངོ་མཚར་རིན་ཐང་གཞལ་དུ་མེད་པ་ཞེས་བྱ་བ་བཞུགས་སོ།༽ཞེས་པའི་ཤོག་ལྷེབ་༡༠༣་ཡི་ནང་དུ་འདི་ལྟར་གསུངས། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་མཁས་པ་མི་དགུར་གྲགས་པའི་ནང་ཚན་ཐུ་མི་སམ་བྷོ་ཊས་བོད་སྐད་ཀྱི་བརྡ་ལ་ཉེར་མཁོའི་གསལ་བྱེད་སུམ་ཅུ་དང་དབྱངས་བཞིར་གཏན་ལ་ཕབ་ཅིང༌། དེ་ལ་མིང་གཞི་གཙོ་བོར་བྱས་པའི་སྔོན་འཇུག་དང༌། རྗེས་འཇུག། ཡང་འཇུགབཅས་ཀྱི་དབྱེ་བ་ཕྱེ་ཞིང༌། མིང་གཞི་ལའང་གསལ་བྱེད་རྐྱང་པ་དང་མགོ་ཅན། འདོགས་ཅན། མགོ་འདོགས་གཉིས་ལྡན་གྱི་བརྩེགས་ཡིག་དང༌། གཡོན་ནས་གཡས་སུ་འབྲི་ལུགས་སོགས་གཏན་ལ་ཕབ་པ་ཡིན་ལ། ཡིག་གཟུགས་ལ་ཐུ་མིའི་དགོངས་པ་སྐ་བ་དཔལ་བརྩེགས་ཀྱི་ལུགས་བཞིན་ཁྱུང་པོ་གཡུ་ཁྲིས་ཐིག་རིས་སུ་བཏབ་པ་སུམ་པ་གནོད་སྦྱིན་སོགས་ཀྱིས་དར་རྒྱས་སུ་མཛད་ཚུལ་གྲགས་ཆེ་ལ། བོད་ཀྱི་ཡུལ་ནི་ཧ་ཅང་རྒྱ་ཆེ་བས་ཡུལ་ཁག་སོ་སོའི་སྐད་གདངས་ཅུང་མི་འདྲ་ཞིང༌། དེའི་དབང་གིས་ཡི་གེའི་ང་རོ་འདོན་སྟངས་ཀྱང་སྔོན་འཇུག་དང་རྗེས་འཇུག་སོགས་ཀྱི་སྒྲ་ཟུར་ཉམས་དང་མ་ཉམས་སོགས་སྣ་ཚོགས་ཡོད་ནའང་ཡི་གེ་འབྲི་སྲོལ་ཐམས་ཅད་གཅིག་དུ་མཐུན། ཞེས་གསུངས་འདུག་པའི་སྒྲ་གདངས་མི་གཅིག་པ་མང་ཡང་ཡི་གེ་མི་གཅིག་ཟེར་ན་མི་འགྲིགས་པ་མ་ཟད། སུམ་རྟགས་དང་མཐུན་པའི་ཡི་གེ་འབྲི་ན་བོད་ཙམ་མ་ཟད་བོད་ཡིག་ཤེས་མཁན་ཚང་མ་ལ་བརྡ་སྤྲོད་ཐུབ་པ་ནི་ཁྱོད་ཀྱིས་མི་ཤེས་སམ།
བོད་ཡིག་དེ་མདོ་དབུས་ཁམས་གསུམ་གང་གི་སྐད་ཞེས་པ་དེ། ཁྱོད་ཀྱིས་སྦྱོང་པ་དེ་གང་གི་སྐད་རེད། ད་དུང་ཚིག་ཁ་ཤས་བསྒྲངས་ནས་འབྲུག་སྐད་ཡིན་མདོག་བྱས་བ་དང༌། བོད་ལ་ཡི་གེ་མེད་ཧི་མ་ལ་ཡའི་སྤྱི་སྐད་རེད་ཟེར་བ་དེ་ཐལ་དྲག་པ་མིན་འགྲོ་དྲན། དཔེ་ན་འཛམ་གླིངསྤྱིའི་སྐད་དབྱིན་སྐད་དེ་དབྱིན་ཇི་སྐད་ཡིག་མ་རེད་ཟེར་ཤེས་སམ།
ད་དུང་ཁྱོད་ཀྱིས་གཤེགས་དང་ཕྱིན་ཚིག་གཉིས་དེ་བོད་སྐད་མིན་པའི་བཟོ་གསུངས་འདུག། དེ་ལ་འབྲེལ་བཤད་འདི་ལྟར་ཏེ། གཤེགས་ཞེས་པ་དེ་ལ་དོན་གཉིས་ཡོད། དང་པོ་ཞེ་ཚིག་ཕེབས་དང་དོན་གཅིག། གཉིས་པ། ཤི། གྲང༌། གཤེགས་ཟེར་བ་དེ་ཞེ་ཚིག་ཙམ་ལས་དོན་གཅིག་ཡིན། སློག་པ་ཞེས་པ་དེ་གོས་དང་འགོར་ཞེས་པ་དེ་རྡོ་ཡི་བརྡ་རྙིང་ཡིན་པ་དོགས་པའི་ཡུལ་དུ་བཞག་ཡོད། གང་ལ་ཞེས་ན་སློག་པའི་དོན་ནི་མགོ་འཇུག་སློག་པ་དང་ས་སློག་པ་སོགས་ལ་གོ་བ་དང་འགོར་ནི་དུས་འགྱང་ངམ་ཡུན་རིང་ལ་གོ་ཞེས་དག་ཡིག་ནང་དུ་གསལ།
ཁྱོད་ཀྱིས་དྲ་ལམ་ཁག་དུ་བོད་སྤྱི་ལ་དབང་བའི་སྤྱི་སྐད་ཟེར་བ་དེ་ཅི་རེད་ཟེར། དེ་ནི་བདེན་པ་རེད། སྒྲ་གདངས་གཅིག་གྱུར་གྱི་སྐད་ཤིག་དགོས་ལབ་ཀྱི་ཡོད་པ་རེད་མ་གཏོགས། བོད་མི་སྤྱི་ལ་དབང་བའི་ཡི་གེ་ཞིག་དགོས་ཟེར་གྱིས་ཡོད་པ་མ་རེད། སྒྲ་གདངས་གི་ཁྱད་པར་གོང་དུ་ཞུས་ཡོད་པའི་སྐྱར་ཞུ་མེད།
ཁྱོད་ཀྱིས་བོད་པའི་སྐད་ཡིག་ཉམས་ཟེར་བ་དེ་ད་ལྟ་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་འབུམ་གཅིག་ལྷག་གི་སྤྱི་ཚོགས་མཐོང་ནས་གསུངས་བ་ཡིན་རྒྱུ་རེད། དེ་ང་ལ་ཡང་ངོས་ལེན་ཡོད་མ་གཏོགས་གཞིས་བྱེས་གཉིས་ལ་ཡོད་པའི་བོད་མི་སྐད་ཡིག་ཉམས་གསུངས་ཀྱིན་ཡོད་ན་དང་པོ་དེ་ལེན་མེད་དོ།
ཁྱོད་ཀྱིས་བོད་ཡིག་ཤེས་པ་ཙམ་གྱི་དོན་གོ་ཟེར་བ་ཧམ་པ་མ་བཤད་ཟེར་བ་དེ་སུ་ཡིས་ཁྱོད་ལ་བཤད་བྱུང་དེ་ནི་རྩེ་མོ་ཞིག་ཡིན་རྒྱུ་རེད་མ་གཏོགས༌། །བོད་ཡིག་ཤེས་པ་ཙམ་གྱི་དོན་རྟོགས་ན་སུམ་རྟགས་དག་གསུམ་སྦྱོང་དགོས་པའི་རྒྱུ་མཚན་མེད་དོ། དཔེ་ན་ཁྱོད་ཀྱིས་ཡིག་ངོ་ཤེས་པ་ཙམ་གྱི་དོན་གོ་སོང་ངམ། སྤྱིར་བོད་མི་ཁོ་ན་མ་ཡིན་པར་མི་རིགས་གཞན་རྣམས་ཡིན་ཡང་ཡིག་ངོ་ཤེས་པ་ཙམ་གྱིས་དོན་རྟོགས་མཁན་སུ་ཡང་མེད་དོ་ཞེས་མཐའ་ཚིག་སྒྲགས་ཆོག།
ད་དེ་ཙམ་བྱོས། ལྷ་རང་མགོ་མི་ཐོན། འདྲེ་ཤ་ཐག་ཟེར་བའི་དཔེ་ལྟར། དེ་ལས་ཁྱོད་ཀྱི་འབྲུག་ཡིག་དེ་བོད་ཡིག་ལས་མ་བྱུང་ན་གང་ནས་བྱུང༌། བཟོ་མཁན་སུ་རེད། རྒྱལ་ཁབ་གཞན་ལྟར་འབྲུག་ཡིག་ལ་དག་ཡིག་དང་ཚིགས་མཛོད་སོགས་ཡོད་དམ། བདག་གིས་ཤེས་འདོད་ཡོད་ལ་དྲ་རོགས་རྣམས་ཀྱི་ཡང་ཤེས་འདོད་ཡོད་སྲིད།

 
2009.07.12 23:33:13
quest
འོ་ལགས་སོ་གྲོགས་པོ་ལགས། ཁྱེད་ཉིད་དྲ་ཚིགས་འདིར་ཕེབས་པ་དང་མཉམ་དུ་ལེགས་བཤད་ཀྱི་སྦྲང་ཆར་ཕབ་གནང་བར་ཐུགས་རྗེ་ཆེ་ཞུ། རང་ཉིད་སྐྱེས་སྦྱངས་ཀྱི་རིག་པ་གང་ཡང་མེད་སྟབས་ཁྱེད་ཀྱིས་གསུངས་པ་ལྟར་སྐད་དང་ཡི་གེ་གཉིས་དབྱེ་བ་ཕྱེ་མ་ཤེས་པ་བདེན་མོད། འོན་ཀྱང་ངའི་ལན་འདི་ཁྱེད་ཀྱི་དྲི་བའི་ལན་ཡིན་མིན་མི་ཤེས་ཏེ་ངས་ནི་ "འབྲུག་སྐད་གཙང་མ་ཡོད་ན་ནང་ཆོས་ཀྱི་་མགོར་རྒྱ་གར་སྐད་དུ་དང་འབྲུག་སྐད་དུ་ཞེས་མི་འབྱུང་བ་ཅི་ཡིན་" ཟེར་བའི་ལན་ཞུས་པ་ཡིན། དྲི་བ་དེས་བོད་སྐད་ལས་གཞན་པའི་འབྲུག་སྐད་མེད་ཚུལ་བརྗོད་པ་ལས་འབྲུག་ཡིག་གང་ནས་འབྱུང་ཟེར་བའི་དྲི་བ་བཏོན་མིན་འདུག། དེ་འདྲ་ཨེ་རེད། དེར་མ་ཟད་དྲི་བ་དེའི་ཤུགས་ལ་ནང་ཆོས་ཀྱི་མགོར་རྒྱ་གར་སྐད་དུ་དང་བོད་སྐད་དུ་ཞེས་ཐོན་ཚུལ་བརྗོད་འདུག་པས་དེས་ནི་ནང་ཆོས་དེ་དག་བོད་སྐད་དུ་ཡོད་པའི་དོན་བསྟན་པ་མིན་ནམ།། གང་ལྟར་ཡང་ཁྱེད་ལྟར་ན་ནང་ཆོས་ཀྱི་ནང་དུ་ཡོད་པའི་མིང་ཚིག་རྣམས་ནི་བོད་ཀྱི་ཡི་གེ་ཡིན་ལ་སྐད་མིན་པར་འདོད་པ་ཡིན་ནམ། ངས་ནང་ཆོས་ཀྱི་ནང་གི་མིང་ཚིག་རྣམས་བོད་སྐད་ཡིན་མིན་སྐོར་བརྗོད་པ་ལས་ཡི་གེ་དང་སྐད་གཉིས་གཅིག་ཡིན་ཚུལ་ངའི་རྩོམ་ཡིག་མགོ་མཇུག་གང་དུ་ཡང་བཀོད་མེད། གང་ལྟེ་ཁྱེད་ཀྱིས་ང་ཚོ་འབྲུག་པའི་ཡི་གེ་གང་ནས་འབྱུང་། རྩོམ་པ་པོ་སུ་རེད་ཅེས་བརྗོད་པའི་ལན་མདོ་ཙམ་ཞུ་རྒྱུ། སྤྱི་ལ་གྲགས་པའི་རྒྱལ་རབས་ཀྱི་ཐོག་ནས་ཞུ་རྒྱུ་མེད་ཅིང་ཁྱེད་ཀྱིས་ཀྱང་སྤྱི་ལ་གྲགས་པའི་རྒྱལ་རབས་ལྟར་མིན་པར་ནང་ཆོས་ལ་གྲགས་པའི་རྒྱལ་རབས་ཀྱི་སྟེང་ནས་འགྲུབ་ཀྱིན་འདུག་པས་ངས་ཀྱང་དེ་བཞིན་འགྲུབ་ན། ཁ་སང་ཁ་ཉིན་ནས་བརྗོད་པ་ཅིན་ང་ཚོ་འབྲུག་པའི་ཡི་གེ་ནི་སྔར་སངས་རྒྱས་བཅོམ་ལྡན་འདས་བཞུགས་པའི་སྐབས་ནས་ཡོད་ངེས་རེད། དེ་ཡང་མདོ་སྡེ་རྒྱ་ཆེར་རོལ་པ་ལས་ཡི་གེ་དྲུག་ཅུ་རྩ་བཞི་བགྲངས་དུས་གཅིག་མོན་པའི་ཡི་གེའམ་ལྷོ་བྲག་པའི་ཡི་གེ་ཞེས་བགྲངས་ཡོད་ཚུལ་ཁ་སང་ཁ་ཉིན་ནས་བཀོད་ཟིན་པས་སླར་མི་བཟློས། དེར་མ་ཟད་བོད་མིས་བརྩམས་པའི་དག་ཡིག་མ་ནོར་ལམ་བཟང་དུ་ཡང་ཡིག་རིགས་དྲུག་བཅུ་རྩ་བཞི་བགྲང་དུས་གཅིག་མོན་པའི་ཡི་གེ་ཞེས་བགྲངས་འདུག་པས་ཡིད་མ་ཆེས་ན་དེར་གཟིགས་དང་ངེས་ཤེས་རྙེད་པར་འགྱུར་རོ།། མོན་ནི་ང་ཚོ་འབྲུག་ལ་གོ་རྒྱུ་ཡིན་པ་རྩོད་མེད་ཡོངས་གྲགས་རེད་བསམ་གྱི་ཡོད། རྒྱལ་ཁབ་གཞན་ལྟར་འབྲུག་པ་ལ་དག་ཡིག་དང་ཚིག་མཛོད་སོགས་ཡོད་དམ་ཟེར། ཡོད་དང་ཡོད། ཚིག་མཛོད་ཆེ་ཆུང་གྲངས་ལས་འདས་པ་ཞིག་ཡོད་པས་ཁྱེད་རང་བླུ་ཡོན་བསྐུར་ན་ངས་ག་ཚོད་དགོས་དགོས་ཕུལ་ཆོག ང་ཚོ་འབྲུག་ལ་ཡིག་ངོ་ཤེས་མཁན་གྱིས་ཤེར་ཕྱིན་འབུམ་པ་དང་རྣམ་ཐར། དེ་བཞིན་ས་པཎ་གྱི་ལེགས་བཤད་སོགས་འདོན་ཡོང་དུས་ཡིག་ངོ་མ་ཤེས་མཁན་གྱིས་ཀྱང་ཚིག་དོན་ཙམ་ཞིག་གོ་མཁན་ཡོད་པས་སྤྱིར་ཡིག་ངོ་ཤེས་པ་ཙམ་གྱིས་དོན་རྟོགས་མཁན་སུ་ཡང་མེད་ཅེས་ཐ་ཚིག་བསྒྲགས་ཆོག་ཅེས་དེ་འདྲ་བརྒྱ་ཁ་གཅིག་གིས་མ་ཆོད་རོགས། ང་ཚོ་འབྲུག་པ་ཙམ་གྱིས་མ་ཚད་ལ་གདགས་དང་ཁུ་ནུ་སོགས་ཀྱང་དེ་འདྲ་ཡིན་གྱི་རེད། དེ་ལ་བརྟེན་ནས་ངས་བོད་བརྒྱུད་ནང་བསྟན་གྱི་མིང་ཚིག་རྣམས་བོད་སྐད་ཁོ་ན་མ་ཡིན་པར་ཧི་མ་ལ་ཡའི་སྤྱི་སྐད་ཡིན་ཞེས་བརྗོད་པའི་རྒྱུ་མཚན་ཡང་དེ་རེད། ངས་བྱས་ན་སྔར་ལོ་ཙཱ་བ་རྣམ་པས་ནང་ཆོས་རྒྱ་གར་ནས་བོད་ལ་བསྒྱུར་དུས་ཧི་མ་ལའི་གངས་རྒྱུད་དུ་གནས་པའི་མི་རིགས་ཀྱི་སྐད་ཡག་ཤོས་རྣམས་བེད་སྤྱད་བྱས་ཡོད་ས་རེད་བསམ་གྱི་ཡོད། དེ་འདྲ་བསམ་བློ་གཏོང་བ་ནི་བོད་ལ་སྨ་ཕབ་བྱས་པའི་སྐད་ཆ་གང་ཡང་མིན། ཁྱེད་ཀྱིས་ང་ལ་སྐད་དང་ཡི་གེ་ངོ་ཤེས་པར་གྱིས་ཞེས་གསུངས་འདུག། ཁྱེད་ཀྱིས་བྱས་ན་སྐད་ཟེར་བ་དེ་གང་ཞིག་ལ་ངོས་བཟུང་གི་ཡོད་དམ་ཡི་གེ་ཟེར་བ་དེ་གང་ཞིག་ངོས་བཟུང་གི་ཡོད་དམ་གསལ་པོ་ཞིག་གསུངས་རོགས། ཁྱེད་ཀྱིས་དེ་གསུངས་ན་གཞི་ནས་ང་གཉིས་ཞེ་འཁོན་དང་སྡང་བློས་མིན་པར་རིག་པ་རྣམ་དག་ལ་བརྟེན་ནས་ཁ་བརྡ་ཡག་པོ་ཞིག་བྱེད་ཆོག།

 
2009.07.13 07:04:56
quest
དྲ་རོགས་ཨ་ཁུ་འབྲུག་པ་ལགས༌། སྐུ་ཁམས་བཟང་ཞེས་མཚམས་འདྲིས་དང་བཅས། སྤྱིར་གུས་པ་དྲ་ལམ་ཁག་དུ་ཞེ་དྲག་ཡོང་གི་མེད། ཡིན་ནའང་ཁྱེད་ནི་ཆོས་དང་རིག་གནས་གཉིས་ཀ་ལ་ཕྱུག་པའི་སྐྱེ་བོ་ཞིག་ཡིན་པ་ཤེས་སོང་བའི། བདག་གིས་སྤྲོ་སེམས་ངང་ཁྱེད་ཀྱི་གནང་བས་དྲི་བ་ལ་ལན་དང་བདག་གི་དོགས་གཞི་རྣམས་ཕུལ་རྒྱུ་ཡིན་པས། མ་ཤེས་ལམ་སྟན་གནང་རོགས། བདག་གིས་སྔོན་ལ་ཕུལ་བའི་དྲིས་བ་རྣམས་ཡང་མ་ཤེས་ནས་ཕུལ་བ་ཙམ་ལས་འབྲུག་བོད་ཀྱི་ཞེ་མཁེན་སོགས་མིན་ལ་གཤམ་དུ་ཡང་དེ་ལྟར་ཕུལ་རྒྱུ་ཡིན།
བདག་གི་མཁས་པས་ངག་ནས་འདི་ལྟར་གོ༌། འབྲུག་ཡིག་དེ་མཁའ་འགྲོའི་བརྡ་ཡིག་དང་པདྨ་བཀོད་པའི་སྐད་དང་འབྲེལ་གསུངས། དེ་སོང་ཙང་བདག་གིས་ཁྱེད་ལ་ཡི་གེ་སུས་བཟོས་དྲིས་པ་ཡིན། འབྲུག་ཡིག་ལ་དག་ཡིག་སོགས་ཡོད་པ་ནི་གུས་པའི་དགལ་བསུ་ཡོད། གུས་པ་ཤེས་རྒྱ་ཆུང་ཙང་མ་མཐོང་བ་རེད། ད་དུང་ཁྱེད་ཀྱིས་འབྲུག་པའིདག་ཡིག་ཕུལ་ཆོག་གསུངས་པ་བདག་གིས་ཐུགས་ཆེ་ཞུ། ཡིན་ནའང་འབྲུག་པའི་སྐད་ཡིག་མི་ཤེས་ཙང་ཁྱེད་རང་སྐུ་ངལ་ཙམ་ལས་མི་འདུག་པའི་མི་དགོས་ཞུ་རྒྱ་ཡིན།
དག་ཡིག་མ་ནོར་ལམ་བཟང་དུ་མོན་ཡིག་གསུངས་པར་བདེན་ཡང༌། མོན་པ་ཞེས་པ་དེ་ད་ལྟ་མོན་ཏ་དབང་ཞེས་པའི་མོན་པ་དེ་མ་རེད་བས། མོན་པ་ཤེས་པ་དེ་འབྲུག་པ་ལ་ཅི་ལྟར་གོ། ཧི་མ་ལ་ཡའི་སྤྱི་སྐད་གསུངས་པ་དེ། ངས་ལྟས་ན་རྒྱ་གར་དུ་སངས་རྒྱས་བསྟན་པ་ཉམས་རྗེས་ཧི་མ་ལ་ཡའི་མི་རྒྱུད་ཀྱིས་བོད་ནས་ནང་ཆོས་སྦྱངས་དགོས་ན་བོད་ཡིག་ཤེས་དགོས་པ་གལ་ཆེན་པོ་རེད། དེ་སོང་ཙང་ཟུར་དུ་ཆགས་པ་མིན་འགྲོ་དྲན། གང་ལ་ཞེས་ན་རྒྱ་ནག་གི་སྐད་དེ་བོད་ལ་ཟུར་ཆགས་པ་ཡང་འདུག། དཔེ་ན། རྒྱ་ནག་སྐད་དུ་ཕྲུ་གུ་ལ་ཝ་ཝ་ཟེར་ཤིང༌། དབུས་སྐད་དུ་ཨ་ཝ་ཤེས་ཟུར་ཆགས་ཟེར། རྒྱ་བཟའ་ཀོ་ཇོ་ལ་རྒྱ་སྐད་དུ་ཀོ་རྩུང་ཟེར། སྤྱིར་ཡུལ་འབྲེལ་ས་ཆ་ལ་སྐད་འབྲེལ་དང་ཟུར་ཆགས་པ་ཡོང་སྲིད་པ་མིག་མཐོང་ལག་ཟིན་མང་པོ་འདུག་པ་ཟད། དེང་སོང་མགོ་སེར་རྣམས་ཀྱིས་ནང་ཆོས་ཤེས་པ་ལ་བོད་ཡིག་སྦྱོང་བ་ལྟར་མིན་འགྲོ་དྲན། སྤྱིར་བོད་པའི་ཡི་གེ་ཅི་ལྟར་ཁྱབ་ཆེ་རེ་ཕྱིན་ན་གུས་པས་དགའ་བསུ་ལས་མེད། དེ་ནི་བོད་པའི་ལོ་རྒྱུས་དེ་ལྟརཁྱབ་ཆེ་རུ་འཕེལ་དང་རྩ་ཆེ་རུ་འགྲོ། མ་འོངས་བོད་པའི་སྐད་ཡིག་དེ་འཛིམ་གླིང་སྤྱི་སྐད་ཞིག་ཆགས་ན་ཡང་གུས་པའི་དགའ་བསུ་ལས་མེད།
སྐད་ཟེར་བ་དེ་གང་ཞིག་ལ་ངོས་བཟུང་དང་ཡི་གེ་ཟེར་བ་གང་ཞིག་ལ་ངོས་བཟུང་གསུངས་པར། དང་པོ། སུམ་རྟགས་ལ་རྟེན་མི་དགོས་པར་ཡུལ་མི་རང་བཞིན་གོ་བརྡ་སྤྲོད་པའི་བརྡ་དེ་ལ་སྐད་དང་གཉིས་པ་མིང་ཚིག་གཉིས་ཀྱིས་རྩོམ་གཞི་གྱུར་པའི་སྐད་གདངས་ལ་ཡི་གེ་ཟེར་ཞེས་མཁས་པས་ངག་ནས་གསུངས།
གྲོགས་པོ་ལགས། བདག་གིས་རིག་གནས་གཏོག་ཙམ་ལས་ཆོསཕྱོགས་གང་ཡང་མི་ཤེས་པའི་གོང་དུ་ཞུ་བ་རྣམས་དོན་བདེན་དཀའ་ཡང་སེམས་པས་ཆད་ཡིན་པའི་དགོངས་འཇགས་མཚལ་ཞུ་རྒྱུ། ད་དུང་དྲ་རོགས་སུ་ཡིས་བོད་སྐད་དེ་ཧི་མ་ལ་ཡའི་སྤྱི་སྐད་ཡིན་མིན་ཤེས་ན་གསུང་རོགས་གནང༌། བདག་གིས་དེ་ཙམ་ལས་མི་ཤེས་པའི་རྗེས་སུ་ཤེས་པ་བྱུང་ན་ཞུ་ཆོག།

 
2009.07.13 18:35:21
quest
ཧོར་བུ་ཡེ་ཤེས་ལགས། ཁྱེད་ནི་དངོས་གནས་རིག་གནས་ཀྱི་མཁས་པ་ཞིག་རེད་འདུག། ཡང་ན་རིག་པ་ནོར་གྱིས་བླུ། །ཡང་ན་རིག་པ་རིག་པས་བླུ། ཞེས་པ་ལྟར་གུས་པ་རིག་པའི་སྒོ་ནས་རིག་པ་བརྗེ་སོར་རྒྱག་རྒྱུར་ཤིན་ཏུ་ནས་སྤྲོ་བ་ཡོད། ཡིན་ན་ཡང་ང་རང་ཁྱེད་ཀྱིས་གསུངས་པ་ལྟར་་ཆོས་དང་རིག་གནས་གཉིས་ཀས་ཕྱུག་པ་ལྟ་ཞོགས། རྒྱུན་སྤྱད་ཡི་གེ་ཙམ་ཡང་འབྲི་སྤོབས་མེད་པའི་མི་ཞིག་ཡིན། འོན་ཀྱང་མཁྱེན་དཔྱོད་ལྡན་པ་རྣམས་དང་གྲོ་གླེང་རེ་བྱ་དུས་རང་རྒྱུད་ལ་ཡོན་ཏན་གོང་འཕེལ་མ་འབྱུང་ཡང་ཐོས་རྒྱ་དང་མཐོང་རྒྱ་ཅུང་ཆེ་རུ་འགྲོ་འདོད་ཀྱིས་དྲ་ཚིགས་འདིར་ཡོང་བ་ཡིན།
བོད་ཀྱི་རིག་གཞུང་དར་ཁྱབ་ཕྱིན་དུས་ཁྱོད་བོད་རིགས་ཙམ་མིན་པར་ང་ཅག་འབྲུག་པ་ཡོངས་ཀྱིས་དགའ་བསུ་བྱེད་ཡོང་། དེ་འདྲ་དགའ་བསུ་བྱེད་དགོས་དོན་གང་ཡིན་སྙམ་ན་བོད་ཀྱི་མཁས་པ་ཚོས་བོད་ཀྱི་རིག་གཞུང་ནི་ལོ་ངོ་མང་པོ་ཞིག་གི་རིང་ནང་ཆོས་དང་འབྲེལ་བ་གཏིང་ཟབ་ཆགས་ཡོད་པ་ཞིག་རེད་གསུངས་འདུག། དེ་འདྲ་ཡིན་དུས་བོད་ཀྱི་རིག་གཞུང་དར་ཁྱབ་ཆེ་རུ་ཕྱིན་ན་ནང་ཆོས་དར་ཁྱབ་ཆེ་རུ་ཕྱིན་རྒྱུ་རེད། ཡིན་ན་ཡང་ཁྱེད་ཀྱིས་འབྲུག་པའི་སྐད་འདི་བོད་པའི་སྐད་ཀྱི་ཟུར་ཆག་པ་ཞིག་ཡིན་མིན་འགྲོ་སྙམ་པའི་དོགས་པ་ཞིག་ཡོད་ཚུལ་གསུངས་འདུག། ངས་བྱས་ན་དེ་འདྲ་ཡིན་མི་སྲིད་བསམ་གྱི་ཡོད། འབྲུག་པའི་སྐད་ཁ་ཤས་ལ་བོད་སྐད་ཟུར་ཆག་པ་ཡང་ཡོང་སྲིད་ཀྱི་རེད་དེ་དེ་ནི་འབྲུག་ནུབ་ཕྱོགས་ཁུལ་གྱི་ཁ་སྐད་རྣམས་ལ་ཡོད་ན་མ་གཏོགས་ཤར་ཕྱོགས་ཁུལ་གྱི་ཁ་སྐད་ལ་བོད་སྐད་ཟུར་ཆག་དགོས་དོན་མེད་བསམ་པ་ཡོད། ག་རེ་ཟེར་ན་ནུབ་ཕྱོགས་ཁུལ་གྱི་མི་རྣམས་ནི་བོད་དང་ཐག་ཉེ་པོ་ཡིན་ཙང་དེ་སྔར་ཚོང་དང་ཆོས་སོགས་གང་གི་ཐད་ནས་ཀྱང་བོད་དང་འབྲེལ་ཟབ་བྱས་ཡོད་པའི་ལོ་རྒྱུས་འདུག། ཤར་ཕྱོགས་ཁུལ་གྱི་མི་རྣམས་ནི་རྒྱ་གར་དང་འབྲེལ་བ་བྱས་པ་ལས་བོད་དང་འབྲེལ་བ་བྱེད་རེ་ཟུང་མ་གཏོགས་དེ་ཙམ་མང་པོ་མེད་པའི་སྐད་ཆ་འདུག། ཡིན་ན་ཡང་ཤར་ཕྱོགས་ཁུལ་དུ་བོད་སྐད་དང་འདྲ་བའི་སྐད་རྒྱག་མཁན་མང་པོ་ཞིག་ཡོད་ཅིང་དེའི་ནང་གསེས་གཅིག་ངའི་ཡུམ་སྐད་ཡིན།
འདིར་ངས་ང་རང་དང་འབྲེལ་བའི་སྒྲུང་ཞིག་ཞུ་ན། སྔོན་ང་རང་ལོ་༩ ཙམ་ལ་ངའི་པ་པ་དང་ཨ་མ་གཉིས་ཀྱིས་ངའཻ་ཁང་པའི་ཉེ་འགྲམ་དུ་ཨ་ཆོས་ཤིག་ཡོད་པ་དེར་ཡི་གེ་སློབ་ཏུ་བཏང་། ངས་ད་ལྟ་ཞེ་དྲག་དྲན་གྱི་མི་འདུག་ཀྱང་ངའི་ཨ་མས་བརྗོད་གསལ་ལྟར་ན་ངས་ཉིན་གཅིག་ལ་ཀ་ཁ་ཤེས་ཐུབ་སོང་ཟེར། དེའི་རྗེས་སུ་ང་ཚོ་འབྲུག་པའི་སྲོལ་ལྟར་རྡོ་རྗེ་གཅོད་པ་སྦྱོར་ཀློག་སྦྱོང་དུ་བཅུག་དུས་ཉིན་གསུམ་ལ་སྦྱོར་ཀློག་དང་ཚིག་སྡུད་གཉིས་ཤེས་ཐུབ་སོང་། དེའི་རྗེས་ངས་རྒྱུན་དུ་མཁོ་བའི་ཆོས་སྤྱོད་སོགས་བློར་འཛིན་བྱས། ང་རང་ལོ་༡༠ པ་ཟིན་དུས་ངས་གྲོང་ཆོག་བྱེད་དུ་ཕྱིན་ཡོད་པ་དྲན་གྱི་འདུག། གང་འཚམས་ཞིག་གི་རྗེས་ནས་ངས་དེབ་ཅིག་རྙེད། སྐབས་དེར་དེབ་འདི་གང་ཡིན་མ་འཚལ་ཀྱང་དེང་སང་བསམ་བློ་གཏང་དུས་དེབ་འདི་མངོན་པར་མཛོད་ནས་ཁོལ་དུ་ཕྱུངས་པའི་འཛམ་གླིང་ཆགས་ཚུལ་གྱི་སྐོར་རེད་འདུག། དེབ་འདི་ངས་ཁང་པར་ཁུར་ནས་ཀློག་དུས་ངའི་ཨ་མ་དེ་ཤིན་ཏུ་དགའ་དྲགས་ནས་དེའི་གོ་དོན་ཚོ་ང་ཚོ་ཕྲུ་གུ་རྣམས་ལ་འགྲེལ་བཤག་རྒྱག་གི་འདུག། སྐབས་དེར་ངའི་ཅོ་ཅོ་གཉིས་དང་ཨ་ཅ་གཅིག། སྲིང་མོ་གཅིག་བཅས་ང་ཚོ་ལྔ་སྤུན་མཆེད་ལྔ་ཡོད། ངའི་ཅོ་ཅོ་དང་ཨ་ཅག་གསུམ་གྱིས་ཀྱང་ཡི་གེ་འདོན་ཐུབ་ཀྱི་ཡོད། ངའི་ཨ་མ་ནི་དག་ཡིག་སུམ་རྟགས་སྦྱོང་རྒྱུ་ཕར་ཞོགས། ཡི་གེ་ཡང་འདོན་ཤེས་ཀྱི་མེད། དེའི་རྗེས་སུ་ཨ་མས་དེབ་མང་པོ་ཞིག་ང་ཚོའི་ཁྱིམ་མཚེས་ཨ་ཆོས་པ་དེའི་རྩ་ནས་གཡར་ནས་ཁུར་བྱུང། དེབ་དེ་ཚོ་ཨ་ཞེ་སྣང་སའི་རྣམ་ཐར་དང་རྒྱལ་པོ་གཡུས་སྣ་རལ་པའི་རྣམ་ཐར། ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་ཞལ་ད་ལུགས་གཉིས་སྙིང་བཅུད་ཀྱི་དེབ་དེ་ཚོ་རེད་འདུག དེབ་དེ་ཚོ་ང་ཚོ་ལ་འདོན་དུ་བཅུག་ནས་དེའི་གོ་བ་ཨ་མ་ལགས་ཀྱིས་འགྲེལ་བཤད་རྒྱག་གི་འདུག། གང་འཚམས་ཞིག་གི་རྗེས་ནས་ང་ཚོ་སྤུན་ཆ་ཚང་མས་སྒྲུང་དེ་ཚོ་ངག་ཐོག་ནས་བཤད་ཐུབ་པ་བྱུང་ཡོད་པ་མ་ཟད་དེབ་དེ་ཚོའི་གོ་བ་ཡང་རྟོགས་ཐུབ་པ་བྱུང་། ངའི་ཨ་མས་གོ་མ་ཐུབ་པ་ཅིག་དཔལ་སྤྲུལ་རིན་པོ་ཆེའི་ཞལ་ད་ལུགས་གཉིས་སྙིང་བཅུད་ནང་"ཕར་འཁོར་གྱི་ཀ་ལི། ཚུར་འཁོར་གྱི་རོགས་ལི། ཞེས་པ་དེའི་གོ་བཤད་ཐུབ་ཀྱི་མིན་འདུག། ཡང་དེབ་འདིའི་ཕྱི་ཤོག་ལ་"དེབ་འདི་སྟེགས་ལ་མ་བཞག་རུམ་དུ་མཆོངས། །ནམ་ཁོམས་རུམ་ནས་ཕྱུངས་ཏེ་ཡང་ཡང་ཀློག །ཀློག་དོན་སེམས་ལ་བཞག་ནས་ལག་ཏུ་ལོངས། །དེ་ལས་འདི་བདེ་ཕྱི་སྐྱིད་ཡ་རབས་འབྱུང་། །"ཟེར་བ་ཞིག་ཡོད་པ་དེའི་ནང་"རུམ་ཟེར་བ་དེ་ག་རེ་ཡིན་ཧ་གོ་ཐུབ་མིན་འདུག" ངའི་ཨ་མས་དེ་འདྲ་གོ་ཐཽབ་པ་དེ་ནི་དེབ་དེ་ཚོའི་ནང་གི་མིང་ཚིག་དེ་ཚོ་ངའི་ཨ་མའི་ཡུམ་སྐད་དང་འདྲ་བའི་རྒྱུ་མཚན་གྱིས་རེད་མ་གཏོགས་་ཨ་མ་ལ་ཁྱད་དུ་འཕགས་པའི་ཤེས་རབ་ཡོད་པའི་རྒྱུ་མཚན་གྱིས་ག་ལ་ཡིན། དེའི་རྒྱུ་མཚན་ཁྱེད་རྣམ་པས་ཡིད་ཆེ་བསྐྱེད་ཕྱིར་གོང་གི་ཚིགས་བཅད་ཀྱི་འགྲེལ་བཤད་ངའི་ཡུམ་སྐད་དུ་ཞུ་ན། "ཀི་དེབ་འདི་ སྟེགས་ཐོག་གེ་བསྐྱལ་དེ་མེ་བཞག་པར་ སྣམ་པ་ནང་ངེ་བཙུགས་ཏེ་བཞག། ནམ་ཁོམས་པི་ཅིག་ སྣམ་པ་ནང་ངེ་གི་ཕྱུངས་ཏེ་ ལོག་སྟེ་ལོག་ཀློག། ཀློག་བཞག་སྟེ་ དོན་དག་སྒང་པོ་སེམས་མེ་བཞག། སེམས་མེ་བཞག་སྟེ་ ལག་ལེན་འཐབ། ཨོ་ད་བྱ་ན་ ཨུ་འདི་ཚེ་གི་སྐྱིད་པ་དང་ ཚེ་ཕྱི་མ་བདེ་བ་འཐོབ་སང་ཡིན།" ངའི་ཨ་མ་ལགས་ཀྱིས་རུམ་གྱི་དོན་གོ་མ་ཐུབ་པ་ནི་རུབ་ལ་ང་ཚོའི་ཡུམ་སྐད་དུ་སྣམ་པ་ཟེར་བརྗོད་པས་རེད།
སྐད་འདི་ནི་བོད་སྐད་ནས་ཟུར་ཆགས་པ་ཡིན་ནམ་སྙམ་ན་བོད་སྐད་ནས་ཟུར་ཆགས་དགོས་དོན་གང་ཡང་མེད་དེ་མི་རིགས་དེ་ཚོ་བོད་དུ་འགྲོ་བའི་ལོ་རྒྱུས་ངག་ཐོག་དང་ཡིག་ཐོག་གང་ན་ཡང་མེད་པས་སོ།། དེ་རིང་དུས་ཚོད་མིན་འདུག་པས་ད་དུང་མུ་མཐུད་ནས་རྗེས་སུ་ཞུ་གི་ཡིན། ལགས་སོ་bye bye

 
2009.07.13 22:55:20
quest

 
2009.07.16 23:18:19
སུ་སུའི་རིགས་རྒྱུད་ཡིན་མིན་དེ་དམིགས་བསལ་གླེང་དགོས་པ་ཞིག་མཐོང་གི་མི་འདུག དེར་བརྟེན་འབྲུག་པ་ལ་མཚོན་ན་བོད་པའི་རིགས་ཡིན་མིན་དང༌། འབྲུག་ཡིག་བོད་ཡིག་ལས་མཆེད་པར་བཤད་པ་སོགས་སྐབས་འདི་ལྟ་བུ་ལ་གླེང་གཞི་གཙོ་བོར་འཛིན་དགོས་པ་ཞིག་མ་རེད། དེ་ལས་འབྲུག་པ་དང་བོད་པ་གཉིས་ཆོས་ལུགས་གཅིག་པ་ཡིན་པ་དང༌། རིག་གནས་ཀྱང་ཕལ་ཆེར་གཅིག་མཚུངས་ལྟ་བུ་ཡིན་པ་དངོས་ཡོད་གནས་ཚུལ་རེད། མ་འོངས་པར་མཉམ་འབྲེལ་གྱིས་ཆོས་དང་རིག་གནས་ཡར་རྒྱས་གཏོང་དགོས་པ་དང༌། ཐུན་མོང་གི་འབད་བརྩོན་བྱེད་དགོས་པ་ག་རེ་ཡོད་མེད་སྐོར་ལ་བགྲོ་གླེང་གནང་ཐུབ་ན་ཡག་པོ་འདུག བོད་པ་འབྲུག་ཡུལ་དུ་སྐྱབས་བཅོལ་ལ་ཡོང་བའི་རྗེས་ནས་རྩོད་རྙོག་བྱུང་བའི་སྐོར་ཤེས་མཁན་ཚོས་འདིར་འགོད་དགོས་པའི་ལྟ་ཚུལ་རེ་ཟུང་གིས་གསུང་འདུག་ཀྱང༌། དེ་ལ་རྒྱུ་མཚན་གང་ཡང་མེད་པ་ཞིག་ཏུ་མཐོང༌། འབྲུག་པ་དང་བོད་པ་ཕྱོགས་གཉིས་ངོས་ནས་དེའི་སྐོར་ངོས་འཛིན་བྱེད་སྟངས་ས་དང་གནམ་གྱི་ཁྱད་པར་ཡོད་སྟབས། སྐབས་འདིར་གནད་དོན་འདིའི་ཐད་ནས་གླེང་རྒྱུ་དེ་སྐབས་སུ་མ་བབས་པས་མ་གླེང་རོགས་ཞུ་བཞིན་ཡོད། སུའི་ཕྱོགས་ནས་ནོར་དང་སུའི་ཕྱོགས་ནས་འགྲིག་བཤད་ཤེས་པ་ཞིག་མ་རེད། དེར་བརྟེན་དྲ་གྲོགས་རྣམ་པས་རྩོད་རྙོག་གི་སྐོར་བསྐྱར་གླེང་གནང་བར་དགོས་པ་གང་ཡང་མི་འདུག དེ་ལས་མ་འོངས་པར་བོད་པ་དང་རྒྱ་གར་དང་བལ་ཡུལ་ཁུལ་དུ་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་རྣམས་དང༌། འབྲུག་པ་བཅས་རྡོག་རྩ་གཅིག་སྒྲིལ་གྱིས་རྩ་ཆེ་བའི་ཆོས་ལུགས་དང་རིག་གནས་སྲུང་སྐྱོབ་བྱེད་ཐབས་ལ་འབད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གི་འདུག

 
2009.07.17 18:02:04
quest
དྲ་ཚིགས་འདིར་རྣམ་དཔྱོད་ཀྱི་སྒོ་བརྒྱ་ལྡན་པའི་སྐྱེས་བུ་དམ་པ་ཕེབས་པ་ཁྱེད་ཉིད་དང་པོ་ཡིན། དྲ་ཚིགས་འདིར་ཕེབས་མཁན་ཚང་མས་དེ་འདྲའི་སྐྱེས་བུ་དམ་པ་ལ་མིག་ལྟོས་བྱེད་རོགས། དེ་རིང་ནས་ང་ཚོ་ཚང་མས་འདས་པའི་ལོ་རྒྱུས་ལ་ཕྱིས་བལྟས་མ་བྱས་པར་མ་འོངས་པའི་འདུན་ལམ་གྱི་སྐད་ཆ་བཤད་ཀྱི་ཡིན་ཞུ། ཡིན་ན་ཡང་ང་ཚོའི་སྐད་ཆ་དེ་ལ་ངོས་ལན་འདྲ་བྱེད་མཁན་ཡོང་གི་བསམ།

 
2009.07.19 11:54:29
ངས་མིང་འོག་གི་བྱང་བུ་ལ། བོད། ལུས་ངག་ཡིད་གསུམ་ཟེར་ནས་བྲིས་ཡོད་ལགས། ཉིད་ཀྱིས་ཀྱང་དེ་ལྟར་བྲིས་སྟབས། འུ་གཉིས་ཁྱིམ་ཚང་གཅིག་ཆགས་འདུག མནའ་མ་གཅིག་ལེན་འདོད་ཡོད་ཀྱང་། དེང་སང་བུད་མེད་དེ་ཚོ་མགོ་ཇེ་མཐོ་ཡིན་སྟབས་ཁག་ས་རེད་སྙམ། ཧཧཧཧཧཧཧ

 
2011.09.21 23:03:57
quest
རྡོ་རྗེ་རྒྱལ་མཚན་ལ་སྤྱིར་ཁུངས་ལུང་ཞེ་དྲག་མི་འདུག་མོད་བསྡུས་གྲྭའི་ཁ་རྩོད་མཁས་ཙམ་འདུག
ཁོ་སྦྱངས་བ་ལེགས་སོན་གྱི་གྲྭ་པ་ཞིག་ཡིན་ཙང་རེད།
བཤད་དོན་སྙིང་པོ་ལ་ཉམ་ཐག་པའི་ད་ལྟའི་བོད་པའི་གནས་སྟངས་འདི་འདྲ་ཞིག་གི་སྐབས་སུ་
གལ་ཏེ་འབྲུག་པ་བོད་རིགས་དང་འབྲུག་སྐད་བོད་སྐད་ཡིན་རུང་ཁོང་ཚོས་ཁས་ལེན་མི་བྱེད་པ་ཁོ་ཐག་རེད།
དེ་ནི་སྤྱིར་འགྲོ་བ་མི་ཡི་རང་གཤིས་རེད་ལ་དགོས་སུ་རྡོ་རྗེ་རྒྱལ་མཚན་ལྟ་བུའི་གང་ཟག་ཞིག་གིས་ངོས་ལེན་ག་བྱ།
ཁོང་གི་ཚིག་ཟུར་དང་བཤད་ཚུལ་གང་ལ་བསམ་ཡང་བོད་པར་སྡང་སེམས་ཆེ་བའི་རྣམ་པ་གསལ་པོ་འདུག་ག
དེ་ལས་གསེར་རྟ་ཚུལ་ཁྲིགས་ཀྱིས་དགོངས་པ་བཞིན་ང་ཚོ་ཐུན་མོང་གི་བསྒྲུབ་ཏུ་རུང་བའི་བྱ་གཞག་
སྟེང་ལ་ལས་ཀ་ཅུང་ཟད་རེ་བྱས་ན་ཨ། དེ་སྔོན་བོད་ཀྱི་དགོན་སྡེ་ཁག་ལ་འབྲུག་པའི་གྲྭ་རྒྱུན་ཚོས་ནང་ཆོས་སྦྱངས་ཏེ་
འབྲུག་པའི་མི་མང་ལ་ཞབས་ཞུ་གྲུབ་པ་བཞིན་ལས་བཟང་རེ་ཐུབ་ན་ཨ།

 
2011.09.21 23:07:51
quest
རྡོ་རྗེ་རྒྱལ་མཚན་ལ་སྤྱིར་ཁུངས་ལུང་ཞེ་དྲག་མི་འདུག་མོད་བསྡུས་གྲྭའི་ཁ་རྩོད་མཁས་ཙམ་འདུག
ཁོ་སྦྱངས་བ་ལེགས་སོན་གྱི་གྲྭ་པ་ཞིག་ཡིན་ཙང་རེད།
བཤད་དོན་སྙིང་པོ་ལ་ཉམ་ཐག་པའི་ད་ལྟའི་བོད་པའི་གནས་སྟངས་འདི་འདྲ་ཞིག་གི་སྐབས་སུ་
གལ་ཏེ་འབྲུག་པ་བོད་རིགས་དང་འབྲུག་སྐད་བོད་སྐད་ཡིན་རུང་ཁོང་ཚོས་ཁས་ལེན་མི་བྱེད་པ་ཁོ་ཐག་རེད།
དེ་ནི་སྤྱིར་འགྲོ་བ་མི་ཡི་རང་གཤིས་རེད་ལ་དགོས་སུ་རྡོ་རྗེ་རྒྱལ་མཚན་ལྟ་བུའི་གང་ཟག་ཞིག་གིས་ངོས་ལེན་ག་བྱ།
ཁོང་གི་ཚིག་ཟུར་དང་བཤད་ཚུལ་གང་ལ་བསམ་ཡང་བོད་པར་སྡང་སེམས་ཆེ་བའི་རྣམ་པ་གསལ་པོ་འདུག་ག
དེ་ལས་གསེར་རྟ་ཚུལ་ཁྲིགས་ཀྱིས་དགོངས་པ་བཞིན་ང་ཚོ་ཐུན་མོང་གི་བསྒྲུབ་ཏུ་རུང་བའི་བྱ་གཞག་
སྟེང་ལ་ལས་ཀ་ཅུང་ཟད་རེ་བྱས་ན་ཨ། དེ་སྔོན་བོད་ཀྱི་དགོན་སྡེ་ཁག་ལ་འབྲུག་པའི་གྲྭ་རྒྱུན་ཚོས་ནང་ཆོས་སྦྱངས་ཏེ་
འབྲུག་པའི་མི་མང་ལ་ཞབས་ཞུ་གྲུབ་པ་བཞིན་ལས་བཟང་རེ་ཐུབ་ན་ཨ།

 
2011.09.21 23:11:15
quest
ནོར་་་གྲྭ་པ་་་་་་་བཅོས་་་གྲྭ་ཟུར།

 
2011.10.22 07:23:14
དབང་ཕྱུག་ཆེན་པོ
ཁྱེད་ར་ཚོ་གི་རྩོད་དཔོན་སུ་རེད?