西藏快报 博客 9816387411 ངས་དེ་སྔོན་ཨེ་ཤི་ཡའི་རྒྱ་ཡིག་སྡེ་ཚན་དུ་བཤད་པའི་སྐད་ཆ་འགའ།

The Tibet Express

选择语种

བོད་ཡིག繁體中文English
  • 註冊
    *
    *
    *
    *
    *
    Fields marked with an asterisk (*) are required.
  • 搜尋
2011.08.11 07:14:39
ངས་དེ་སྔོན་ཨེ་ཤི་ཡའི་རྒྱ་ཡིག་སྡེ་ཚན་དུ་བཤད་པའི་སྐད་ཆ་འགའ།
There are no translations available.

བཀའ་ཤག་གསར་པས་སྲིད་གཞུང་གི་དབང་འཛིན་པའི་ལས་སུ་བཞུགས་རྒྱུ་དང། ༧རྒྱལ་བ་རིན་པོ་ཆེ་ཆབ་སྲིད་ཀྱི་དབང་ཆའི་ཐོག་ནས་ཆ་ཚང་ཕྱི་འཐེན་གནང་ཚར་ཞིང།དེ་མིན་གྱི་དམངས་གཙོའི་འགྲོ་ལུགས་སྣ་ཚོགས་འདི་ནས་འགོ་བརྩམས་ཡོད་པ་རེད། ཆོས་སྲིད་ཟུང་འབྲེལ་གྱི་དམངས་གཙོའི་ལམ་ལུགས་དེ་མཚམས་འདི་ནས་མཇུག་བསྡུས་པ་དང་སྒོ་བརྒྱབ་པ་རེད། ད་ནི་ཆོས་སྲིད་ཟུང་འབྲེལ་ཟེར་བ་ཡོད་པ་མ་རེད།


དེ་མིན་ང་ཚོའི་དབང་འཛིན་པའི་སྲིད་གཞུང་གི་མ་འོངས་པའི་འཕེལ་ཕྱོགས་ནི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱེད་ཅིང་། རབ་བྱུང་ན་ཆོས་ལུགས་མི་སྣ་རྣམས་སྲིད་གཞུང་གི་ཆབ་སྲིད་གོ་དབང་བརྩོད་ལེན་ནང་མ་བཞུགས་པ་ཡིན་ན་ཡག་ཤོས་རེད། དེ་བཞིན་ཆབ་སྲིད་ཀྱི་བཅོས་བསྒྱུར་ཆེན་མོ་འདི་ང་ཚོའི་མི་རབས་འདི་ནས་འགོ་བརྩམས་པ་ནི་དངོས་གནས་དགའ་འོས་པ་ཞིག་རེད་སྙམ།

དུས་མཚུངས་སུ་ང་ཚོར་དཀའ་ངལ་སྣ་ཚོགས་འཕྲད་རྒྱུ་རེད་ལ་།ཚང་མར་དཀའ་ངལ་མང་པོ་འཕྲད་རྒྱུ་གཏན་འཁེལ་བ་རེད།འོན་ཀྱང་རྩ་བའི་ཆ་ནས་བཤད་ན།གནས་སྟངས་ཆུང་ཆུང་ཞིག་ནི་འདས་སོང་གི་དུས་ཚོད་ནང་༸རྒྱལ་བ་རིན་པོ་ཆེས་གཞུང་གི་ཆོས་སྲིད་གཉིས་ཀྱི་ཆེས་མཐོའི་དབང་ཆ་འཛིན་པ་དང།དེ་རྗེས་ཟམ་གདོང་རིན་པོ་ཆེས་དབང་ཆ་འཛིན་པའི་སྐབས་སུའི་གནས་སྟངས་ཀྱང་འདི་དང་གཅིག་མཚུངས་རེད།

འོན་ཀྱང་སྐབས་རྗེས་མར་བློ་བཟང་སེང་གེ་ལགས་ང་ཚོའི་བཙན་བྱོལ་བོད་གཞུང་གི་བཀའ་ཁྲིར་ཕེབས་པ་ཡིན་ན་ང་ཚོས་སྔོན་མ་ནང་བཞིན་བྱེད་ཀྱི་མ་རེད་ལ།ལས་སྟབས་བདེའི་ངང་ནས་གང་བཤད་ན་དེར་ཉན་རྒྱུ་ལྟ་བུ་མ་རེད།ང་ཚོས་ཁོང་ལ་ནན་ཏན་གྱིས་བསྐུལ་མ་གཏོང་རྒྱུ་རེད་ལ།ཁོང་ལ་བྱ་བ་འདི་དང་གན་བྱེད་དགོས་ཅེས་བཤད་ཆོག་པར་བརྟེན།ང་ཚོས་གནས་སྟངས་ལས་སྟབས་བདེ་རུ་གྱུར་བར་མཐོང་བཞིན་ཡོད།

དེ་སྔོན་ཟམ་གདོང་རིན་པོ་ཆེ་དབང་ཆའི་གོ་གནས་སུ་ཡོད་སྐབས་སུ།ཁྱོད་ཚོས་ཤེས་གསལ་ལྟར་ང་ཚོ་བོད་མི་ཡོངས་ཆོས་ལ་དད་པ་ཡོད་མཁན་ཤ་སྟག་རེད།སོ་སོའི་བླ་མར་སྐྱོན་བརྗོད་བྱེད་པ་དེ་ནི་མ་རངས་པའི་ལས་ཤིག་རེད།དེ་ལྟར་གནས་སྟངས་མག་མོག་ཏུ་གྱུར་ཡོད།གལ་ཏེ་བློ་བཟང་སེང་གེ་ལགས་བཀའ་ཁྲིའི་གོ་དབང་ཐོག་སླེབས་པ་ཡིན་ན་ཁོང་སྐྱ་བོ་ཞིག་ཡིན་པའི་ཐོག་ནས་སྐྱོན་བརྗོད་བྱ་བར་ལས་སྟབས་བདེ་རུ་སོང་ཞིང།ཁྱོད་ཀྱིས་བྱ་བ་འདི་དང་གན་སྒྲུབ་མ་སོང་ཟེར་ཆོག་གི་རེད་ལ།གལ་ཏེ་དབང་ཆའི་ཁྲི་ཐོག་སྲིད་དབང་འཛིན་བཞིན་པའི་སྐབས་སུ་ཁོང་གིས་ནོར་འཕྲུལ་བྱེད་ན་ང་ཚོའི་ངོས་ནས་ཀྱང་དུས་ཚོད་མ་རྫོགས་སྔོན་ནས་ཁོང་དབང་ཆ་ནས་ཕྱི་འཐེན་དགོས་པའི་རེ་བ་བཏོན་ཆོག་གི་རེད།དེ་འདྲ་སོང་ཙང་དངོས་གནས་ཡིན།གནས་སྟངས་ཡོངས་ལས་སྟབས་བདེ་རུ་ཞི་དྲག་སོང་བ་རེད།

༢༠༡༡ལོའི་ཟླ་༤པའི་ཚེས་༢༠ཉིན་འབྲེལ་ཡོད་དྲ་རྒྱའི་ཐོག་སྤེལ་འདུག

http://chinadigitaltimes.net/chinese/2011/04

༼བསྒྱུར་རྩོམ།༽





2011.08.11 06:49:11
quest
ཨ་ཅག་གངས་དཀར་ལྷ་མོ།། དེ་རིང་འདི་ནས་འཇལ་བྱུང་།། འཛམ་གླིང་དྲ་ལམ་བརྒྱུད་ནས།།་
ཡང་ཡང་འཇལ་བའི་སྨོན་ལམ།།

 
2011.08.11 16:40:11
བཀུར་འོས་སྤྱི་འཐུས་གངས་ལྷ་ལགས། ཁྱེད་ཀྱི་གསུང་བཤད་དེ་ཏག་ཏག་བསྡད་ཡོད་མེད་ལ་དོགས་གཞི་ཅུང་ཟད་འདུག དང་པོ། ཆོས་སྲིད་ཟུང་འབྲེལ་གྱི་སྐོར་དེ་རེད། ཆོས་སྲིད་ཟུང་འབྲེལ་ལ་ངོས་འཛིན་བྱེད་སྟངས་སྣ་ཚོགས་ཡོད། ངས་བལྟས་ན་བོད་གཞུང་འདི་ད་དུང་ཡང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཐོག་གནས་ཡོད་ལ་གནས་དགོས་པ་ཞིག་ཀྱང་རེད། གང་ཡིན་ཟེར་ན་བློ་སེང་གིས་དམ་བཅའ་ཕུལ་པའི་སྐབས་དཀོན་མཆོག་དཔང་བཙུགས་གནང་སོང་། དེ་བཞིན་ལྷ་ཆོས་དགེ་བ་བཅུ་རྨང་གཞི་བཞག་ཡོད་པའི་བཅའ་ཁྲིམས་རིན་པོ་ཆེ་ལག་བསྟར་གནང་རྒྱུའི་ཁས་ལེན་བྱས་སོང་། དེ་ལས་གཞན་པའི་ཆོས་སྲིད་ཟུང་འབྲེལ་ཟེར་བ་ལོགས་སུ་མེད། ཟམ་གདོང་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་མཁན་ཤུགས་ཆེན་པོ་བྱུང་ཡོད་པ་རེད། ཁོང་བླ་མར་ངོས་འཛིན་བྱས་ནས་ནོར་འཁྲུལ་གང་བྱས་ཀྱང་རྒྱ་ཡན་དུ་བཏང་པ་ཧ་ལམ་མེད། མང་པོ་ཞིག་ཁོང་གིས་གསུང་པ་ལྟར་ལག་བསྟར་གནང་ཐུབ་ཡོད་པ་དེ། བོད་མི་ཚོས་དད་པ་བྱས་པ་ལ་བརྟེན་ནས་ཡོང་བ་མིན་པ། དེ་ནི་ཁོང་གི་གསུང་ལ་རྒྱུ་མཚན་ཡོད་པ་བཀའ་ཁྱབ་བཙན་པ། སྤྱི་འཐུས་ཚོས་རྒོལ་གཏམ་སྤེལ་འདོད་ཀྱང་གནད་ལ་འཁེལ་བའི་རྒྱུ་མཚན་མ་རག་པའི་རྐྱེན་གྱིས་རེད། བཀའ་ཁྲིའི་དུས་ཚོད་མ་རྫོགས་པའི་སྔོན་ནས་འཕོ་འགྱུར་གཏོང་རྒྱུ་དེ་བློ་སེང་ཙམ་མིན་པ་ཁྲི་ཟུར་ཟམ་གདོང་ལའང་དེ་ལྟར་བྱེད་ཆོག་པའི་དབང་ཆ་བཅའ་ཁྲིམས་རིན་པོ་ཆེའི་ནང་ཡོད་པར་གྲགས། ཁྱེད་ཁྲིམས་བཟོ་བ་ཡིན་པས་དེའི་རིགས་ཤེས་ཤག་རེད་སྙམ།

 
2011.08.11 17:31:26
བཀུར་འོས་སྤྱི་འཐུས་གངས་ལྷ་མོ་ལགས་བཀྲ་ཤིས་བདེ་ལེགས། ཁྱེད་སྤྱི་འཐུས་སུ་སླེབས་པར་དེ་བས་ཀྱང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། མ་འོངས་པར་ཐུགས་རེ་བཞིན་འགྲུབ་པའི་སྨོན་འདུན་ཞུ་བཞིན་ཡོད། ད་དུང་ཁྱེད་ལ་བརྡབ་སྐྱོན་བྱུང་བའི་གནས་ཚུལ་ཞིག་ཀྱང་གོ་སོང་། སྐུ་གཟུགས་ལ་བར་ཆད་ཆེན་པོ་མ་བྱུང་བར་དགའ་ཡོད། འཕྲོད་བསྟེན་བདག་སྐྱོང་ཡག་པོ་གནང་རོགས།

ཁྱེད་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱི་གོ་བ་ལེན་སྟངས་ལ་མོས་མཐུན་མེད། དེ་ཨ་ཞང་ཚང་གི་གོ་བ་ལེན་སྟངས་ཙམ་གྱི་ཆོས་སྲིད་ཟུང་འབྲེལ་ལ་ལྟ་སྟངས་ཕྱོགས་རེ་བ་ཞིག་རེད། ད་དུང་ཁྱེད་ཀྱིས་ད་ནས་བཟུང་ཆོས་སྲིད་ཟུང་འབྲེལ་མཚམས་བཞག་པ་རེད་ཟེར། དེ་ལ་དེ་བས་ཀྱང་མོས་མཐུན་མེད།

ཁྱེད་སྤྱི་འཐུས་ཤིག་ཡིན་པས་ཞུ་མི་དགོས་ཀྱང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན་དེ་ལ་བསྒྱུར་བཅོས་གཏན་ནས་མ་སོང་བར་རང་འཇགས་བསྡད་ཡོད་པ་རེད།

ད་དུང་ཁྱེད་ཀྱིས་ཆོས་སྲིད་ཟུང་འབྲེལ་མ་རེད་ཅེས་གསུངས་པ་ནི། མི་མང་གི་འཐུས་མི་ཞིག་གིས་འགན་མ་ཁུར་བའམ། ཡང་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློས་གཏད་བྱེད་ཀྱི་ཡིན་ཞེས་ཅེས་དམ་བཅའ་ཁས་ལེན་བྱས་པ་དེའི་འབྲུ་དོན་དང་འགལ་ཡོད་པ་རེད།

དོན་དངོས་ཐོག་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ནང་ཆོས་སྲིད་ཟུང་འབྲེལ་མུ་མཐུད་ཡོད་ཡོད་པ་རེད། དེ་རིང་ཞིབ་ཕྲ་བཤད་རྒྱུའི་དུས་ཚོད་མེད། དེ་ཙམ་ཡིན། རྗེས་སུ་མཇལ་ཡོང་།

 
2011.08.11 19:12:53
ངས་འདི་ནས་སླར་གསལ་བཤད་ཞུ་རྒྱུ་ཞིག་ལ་འདིར་ཆོས་སྲིད་ཟུང་འབྲེལ་ཞེས་པ་དེ་གཙོ་བོ་གང་ཟག་ཅིག་གིས་ཆོས་སྲིད་གཉིས་ཀྱི་ཆེས་མཐོའི་དབང་ཆ་འཛིན་པའི་ལམ་ལུགས་འདི་ལ་གོ་དགོས་།ངས་གང་ཟག་ཅིག་གིས་ཆོས་སྲིད་གཉིས་ཀྱི་དབང་ཆ་གཅིག་ཅོག་འཛིན་པའི་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ལམ་ལུགས་འདི་མཇུག་བསྒྲིལ་བ་རེད་ཅེས་བཤད་པ་ཡིན་ལགས།

མ་འོངས་པ་ལའང་གང་ཟག་ཅིག་གིས་ཆོས་སྲིད་གཉིས་ཀྱི་དབང་ཆ་འཛིན་པའི་གནས་སྟངས་འདི་མཇུག་བསྒྲིལ་བ་ཧ་ཅང་གི་གསལ་པོ་རེད།དུས་མཚུངས་སུ་ཆོས་སྲིད་མཉམ་གནས་དང།ཆོས་སྲིད་གཉིས་གཙང་ཡོང་བའི་ལེགས་བཟང་བརྒྱུད་མཐུད་བྱེད་ཀྱི་རེད།

དེ་མིན་ངས་ད་དུང་ཆོས་ཕྱོགས་མི་སྣ་ཆབ་སྲིད་ནང་མ་འཛུལ་ན་བཟང་ལུགས་བཤད་པ་དེའང་གཙོ་བོ་ཉེ་དུས་ནས་༸གོང་ས་མཆོག་སྐུ་སྒེར་གྱིས་བྱ་སྤྱོད་དངོས་ནས་ལག་ལེན་དུ་འཁེལ་ཚར་བའི་གནད་དོན་ཞིག་རེད།

སླར་འགྲེལ་བརྗོད་དགོས་པ་ཞིག་ནི་སྒེར་ངོས་ནས་ལས་རྒྱུ་འབྲས་མ་ནོར་བའི་སྒོ་ནས་བཟང་པོར་དད་པ་ཡོད་མཁན་དང།རང་གི་བླ་མ་དང་སྐྱེས་ཆེན་དམ་པ་རྣམས་ལ་གོང་བསྐུར་ཡོད་མཁན་གྱི་ནང་པ་རྣལ་མ་ཞིག་བྱ་བསམ་པའི་བློ་བསྐྱེད་གཙང་མ་ཡོད་པའི་དབང་གིས་དྲ་གྲོགས་ཡོངས་ནས་ག་དུས་ཡིན་ཡང་གུས་མོ་ཆོས་མེད་ཀླ་ཀློའི་ཕྱོགས་སུ་ཕུད་འདེད་མ་བྱེད་རོགས་ཅེས་ནན་གྱིས་རེ་བསྐུལ་ཞུ་བཞིན་ཡོད་ལགས།


 
2011.08.25 19:48:31
quest
ཨ་ཅག་གངས་ལྷ་མོ་ལགས་་་གཟུགས་བརྙིན་རྩེས་འཕྲོད་ངོས་ནས་ཁྱིད་ཉིད་མཇལ་བ་བཀྲ་ཤིས་བདེ་ལེགས་ཞུ།