西藏快报 སྨོན་ལམ་མཐར་ཕྱིན།

The Tibet Express

选择语种

བོད་ཡིག繁體中文English
  • 註冊
    *
    *
    *
    *
    *
    Fields marked with an asterisk (*) are required.
  • 搜尋

སྨོན་ལམ་མཐར་ཕྱིན།


2012.05.09 21:05:43
There are no translations available.

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡ ཉིན་བོད་ཨ་མདོ་རྔ་པའི་རྔ་སྟོད་ཨ་འདུས་མཐའ་བ་དང་རྒྱ་སྡེ་ཚོ་གསུམ་སོགས་ཀྱི་བུད་མེད་ ༢༠༠ མ་ཟིན་ཙམ་གྱིས་དེ་སྔོན་ཨ་འདུས་སྡེ་བ་ཁག་གི་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་རྣམས་གློད་གྲོལ་གཏོང་དགོས་པའི་རེ་འདུན་འདོན་པར་རྔ་པ་རྫོང་སྲིད་གཞུང་ཕྱོགས་སུ་སོང་ཡོད་ཀྱང་། ཨ་འདུས་སྡེ་བ་ནས་མར་སྤྱི་ལེ་བདུན་ཙམ་གྱི་སར་ཡོད་པའི་མཚམས་རིང་སྡེ་འདབས་སུ་དྲག་ཆས་ཉེན་རྟོག་པ་དང་། སྤྱི་བདེ་ཉེན་རྟོག་པ་སོགས་ཀྱིས་བཀག་འགོག་བྱས་ཏེ་འགྲོ་ཐུབ་མེད་ཀྱང་། སྐབས་དེར་དུས་ཡུན་རིང་པོར་ཨ་འདུས་སྡེ་བའི་བུད་མེད་ཚོ་དང་དྲག་ཆས་ཉེན་རྟོག་པ་སོགས་ཀྱི་བར་དུ་འཁྲུག་རྩོད་ཆེན་པོ་བྱུང་ཞིང་མདུན་བསྐྱོད་ཉེན་རྟོག་པ་སོགས་ལ་རྔ་པ་རྫོང་ཐོག་ནས་རྒྱབ་དཔུང་དུ་དྲག་ཆས་ཉེན་རྟོག་པ་འབོར་ཆེན་འབྱོར་སྟེ་ཛ་དྲག་གི་གདོང་ཐུག་བྱུང་ཉེའི་སྐབས་ཨ་འདུས་དགོན་པའི་ལས་སྣེ་སོགས་ཕེབས་ཏེ་མི་མང་ལ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་ནན་གྱིས་བཏོན་པ་ལྟར་མི་མང་གིས་ཕྱིར་འཐེན་བྱས་འདུག




2012.03.28 19:53:33
There are no translations available.

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་ནང་གི་གསར་འགོད་པ་ ༢༠ བརྒལ་བར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་འཕྲལ་དུ་ལག་ལེན་བསྟར་དགོས་པའི་རེ་འདུན་བཞི་ལྡན་གྱི་གསར་འགོད་གསལ་བསྒྲགས་གནང་ཡོད།





2012.03.28 19:41:15
There are no translations available.

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༨ ཉིན་གྱི་བོད་ནང་གི་དགོང་མོའི་དུས་ཚོད་ ༧ །༡༠ ཙམ་ལ་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་སྤེན་པ་ཚང་གི་གྲྭ་ཤེས་རབ། རང་ལོ་ ༢༠  ཕ་མིང་ལ་བསོད་དོན། མ་མིང་ཉི་མ་ཡིན་པ་ཁོང་གིས་གཅའ་ཞང་ཐོག་གི་གཞུང་ལམ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱས་ནས་དུས་ཐོག་དེར་སྐུ་གྲོངས་ཡོད་འདུག





2012.03.22 21:06:44
There are no translations available.

༄༅༎ཕྱི་ཟླ་ ༣ ཚེས་ ༢༢ རེས་གཟའ་ཕུར་བུའི་ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་བོད་མི་གསུམ་ནས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ཉིན་གྲངས་ ༣༠ སོང་བའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་དམིགས་བསལ་སྐུ་ཚབ་ནས་འཚམས་འདྲི་གནང་རྗེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་མ་ཟད། མ་འོངས་པར་བོད་ཀྱི་རྩ་དོན་མ་འགྲུབ་བར་ལས་འགུལ་དེ་རིགས་མུ་མཐུད་སྤེལ་རྒྱུ་ཡིན་པའི་དམ་བཅའ་གནང་བའི་གནས་ཚུལ་ཐོན་འདུག





2012.02.02 08:14:00
There are no translations available.

ལྕགས་ཡོས་ལོའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་

གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་

སྤེལ་རྒྱུའི་བོད་མི་མང་སྤྱི་འཐུས་

ལྷན་ཚོགས་ཀྱི་ཡོངས་ཁྱབ་

གསལ་བསྒྲགས།





2012.02.02 08:08:22
There are no translations available.

༄༅། །དཔལ་ལྡན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་ཧུའུ་ཅིང་ཐའོ་མཆོག་ལ་ཞུ་རྒྱུར།





2012.01.26 10:30:53
There are no translations available.

༄༅། །ཕྱི་ ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༦ ཉིན་ཤེས་རྟོགས་བྱུང་བར། ཕྱི་ཚེས་ ༢༣ ཉིན་རྔ་པ་རང་སྐྱོང་ཁུལ་འཛམ་ཐང་རྫོང་ན་འཛུ་སྨད་ན་མདའ་ཞང་ཐོག་ནས་སྐྱ་སེར་ཕོ་མོ་གཅིག་སྟོང་ལྷག་གིས་མར་མེ་ཁྲོམ་སྐོར་བྱས་ཤིང་། སྐབས་དེར་ལས་འགུལ་སྣེ་ཁྲིད་པས་ལོ་གསར་གྱི་ཉིན་མོ་འདི་ནི་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་རྗེས་དྲན་ཞུ་བའི་ཉིན་མོ་ཞིག་ལས་དགའ་སྤྲོས་ཁེངས་པའི་ཉིན་མོ་ཞིག་མིན་ཚུལ་དང་། རང་ལུས་མེར་སྲེག་གཏོང་མཁན་དཔའ་བོ་དཔའ་མོ་རྣམས་རེ་རེ་བཞིན་མི་མང་ལ་ངོ་སྤྲོད་དང་བཅས་གཏམ་བཤད་གནང་ཡོད་འདུག





2012.01.21 01:26:27
There are no translations available.

སྒྲ་ཐག་ལས་ཡི་གེར་ཕབ་མཁན། མཁན་པོ་ངག་དབང་རྡོ་རྗེ།





2011.12.26 03:21:42
There are no translations available.

མི་ལོ་ལྔ་བཅུའི་རིང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་

བོད་ཡིག་གི་དུས་དེབ་དང་ཚགས་ཤོག་སྐོར།

(རྩོམ་ཡིག་འདི་ནི་ཕྱི་ལོ་ ༢༠༠༩ ལོར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཤད་གཞིའི་ས་བོན་དུ་བྲིས་ཤིང་། མཐོ་སྒང་གི་ཉི་ཟེར་དུས་དེབ་སྤྱིའི་འདོན་ཐེངས་གསུམ་པའི་ཐོག་བཀོད།)

༄༅། །དེ་ཡང་ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་རིམ་བཞིན་བོད་ཆོལ་ཁ་གསུམ་དུ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་གནོན་བྱ་འགོ་ཚུགས་ཤིང་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ལ་དབང་བསྒྱུར་གྱིས་ ༡༩༥༩ ལོར་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་འབུམ་ཕྲག་གཅིག་ལ་ཉེ་བ་ཞིག་ཐོག་མར་བོད་ཀྱི་ཁྱིམ་མཚེས་རྒྱ་གར་ནང་སྐྱབས་བཅོལ་དུ་ཕེབས་མ་ཐག་ནས་ཤེས་ཡོན་གྱི་བསྟི་གནས་སློབ་གྲྭ་ཁག་དང་དགོན་སྡེ་གྲྭ་ཚང༌།




2011.12.10 00:23:55
There are no translations available.

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གཏམ་གླེང་ཞལ་པར་ལེའུ་ཚན་གཙོ་སྐྱོང་བ་ཚེ་བརྟན་སྒྲོལ་དཀར་ལགས་ཀྱི་འཕྲུལ་སྒྲའི་(twitter)ནང་འཁོད་གསལ།




2011.10.11 08:16:35
There are no translations available.

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༡ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༢ ཙམ་ལ་ཕྱི་ཚེས་ ༧ ཉིན་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་ཆོས་འཕེལ། རང་ལོ་ ༡༩ ཡིན་པ་ཁོང་འབར་ཁམས་སུ་ཡོད་པའི་རྔ་པ་ཁུལ་གྱི་སྨན་ཁང་ནང་གཟི་བརྗིད་ལྡན་པའི་ངང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་ཀྱང༌།





2011.09.08 00:13:37
There are no translations available.

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༧ རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་མན་ཌི་རྫོང་ཁོངས་སྦིར་ཅོན་ཏ་ར་འཇུ་ཆེན་ཚང་གི་གཟིམ་ཤག་ཉེ་འགྲམ་དུ་དཔལ་ལྡན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་(༡༩༢༩-༢༠༡༡)མཆོག་གི་སྐུ་ཕུང་ཞུགས་འབུལ་བྱས་ཡོད་པ་རེད།





2011.06.21 21:31:33
There are no translations available.

༄༅། །མདོ་ཁམས་ཆུ་བཞི་སྒང་དྲུག་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༩ པ་ཕྱི་ལོ་ ༢༠༡༡

ཟླ་ ༦ ཚེས་ ༡༧ ནས་ཚེས་ ༡༨ བར་མོན་གྷོ་འདོད་རྒུ་གླིང་ 

མི་མང་ཚོགས་ཁང་ཆེན་མོར་བསྐོང་ཚོགས་གནང་བའི་ 

གྲོས་གཞི་གྲོས་ཆོད་ཁག་གཤམ་གསལ། 





2011.06.21 21:26:22
There are no translations available.

༄༅། །བཙན་བྱོལ་བོད་མི་གནས་ཡུལ་གྱི་ས་གནས་ཁག་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐབས་ ༡༩ པའི་དབུས་རྒྱུན་རྒྱལ་ཡོངས་སྔོན་འགྲོའི་འོས་བསྡུ་ཆེན་མོ་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༣ དང། དངོས་གཞིའི་འོས་བསྡུ་ཆེན་མོ་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡ གཉིས་ལ་རིམ་བཞིན་གནང་མཚམས་འོས་ཐོན་དབུས་རྒྱུན་རྣམས་ཀྱིས་ ༢༠༡༡ ཟླ་ ༦ ཚེས་ ༡༨ ཉིན་མོན་གྷོ་འདོད་རྒུ་གླིང་མི་མང་ཚོགས་ཁང་ཆེན་མོར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༩ པའི་ཐོག་སྒྲིག་གསལ་དམ་འབུལ་གྱིས་དབུས་རྒྱུན་ནང་ཁུལ་འོས་འདེམས་གནང་བ་ལྟར།





2011.05.26 03:23:18
There are no translations available.

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡ ཉིན་བཙན་བྱོལ་བོད་མི་གནས་ཡུལ་ས་གནས་གང་སར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་འོས་འདེམས་བྱས་ཤིང། ཕྱི་ཟླ་ ༥ ཚེས་ ༢༥ ཕྱི་དྲོ་རྡ་ས་ས་གནས་ཆུ་སྒང་རྒྱུན་ལས་ཁང་དུ་ཆུ་སྒང་འོས་བསྡུའི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང། ཚོགས་མི་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། ཚོགས་མི་ཆུ་སྒང་དབུས་རྒྱུན་ཚོགས་གཙོ་སྨར་ཁམས་ཆོས་འཕེལ། ཟུར་དཔང་རྡ་ས་ས་གནས་ཆུ་སྒང་ཚོགས་གཙོ་ངག་དབང་ཐར་པ་དང། རྡ་ས་ས་གནས་ཆུ་སྒང་ཚོགས་གཞོན་ཚེ་རིང་རྣམ་རྒྱལ། རྡ་ས་ས་གནས་ཆུ་སྒང་དྲུང་ཆེ་ཨ་བོ་དགའ་སྐྱིད། རྡ་ས་ས་གནས་ཆུ་སྒང་དངུལ་གཉེར་དབང་གྲགས་རྡོ་རྗེ་བཅས་མཉམ་ཞུགས་ཀྱིས་འོས་ཤོག་ཕྱོགས་བསྡོམས་གྲངས་བཤེར་ཟིན་པ་བཞིན་སྐབས་ ༡༩ པའི་ཆུ་སྒང་དབུས་རྒྱུན་མི་གྲངས་ ༡༡ གི་མཚན་གཞུང་དང། ས་གནས། འོས་གྲངས་བཅས་གཤམ་གསལ་ལྟར་ཡིན།





2011.04.11 03:58:48
There are no translations available.

༄༅། །མདོ་སྟོད་རྒྱ་ཆེའི་མི་མང་གིས་ཐད་ཀར་འོས་འདེམས་གནང་བཞིན་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་ ༡༩ པའི་དབུས་རྒྱུན་དངོས་གཞིའི་འོས་བསྡུའི་དུས་ཚེས་ ༢༠༡༡ ཟླ་ ༥ ཚེས་ ༡ ཉིན་གཏན་འབེབས་ཞུས་ཡོད་པ་ལགས་ན་མདོ་སྟོད་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་ཀྱིས་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱད་དེ་དངོས་གཞིའི་འོས་མི་ ༢༢ ལས་རང་རང་གང་མོས་ཀྱི་མི་གྲངས་ ༡༡ ལས་མ་མང་བ་གདམ་གནང་ཡོང་བ་ཞུ།





2011.03.14 02:48:04
There are no translations available.

 

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་བཅུ་བཞི་པའི་ 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ 

བཅུ་གཅིག་པའི་ཐོག་སྩལ་བའི་གསུང་འཕྲིན།





2011.03.09 12:22:32
There are no translations available.

༄༅། །གསུམ་བཅུའི་དུས་དྲན་ཐེངས་ ༥༢ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

མི་ལོ་ ༥༢ གོང་གི་དེ་རིང་གི་ཉིན་མོར། བཙན་འོག་ཏུ་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་རྨང་གཞིའི་སྟེང་བོད་གཞུང་ནས་བོད་རྒྱ་མཉམ་གནས་ཀྱི་འབད་བརྩོན་རིམ་པར་བསྟེན་ཀྱང་། བོད་འབྱོར་རྒྱ་དམག་གིས་བཙན་འཛུལ་བའི་གདོང་རིས་དམར་རྗེན་དུ་བཏོན་ཏེ། གྲོས་དོན་བརྡལ་བཤིག་གི་སྦྱོར་ངན་ཡ་ང་བག་ཚ་མེད་པར་བརྩམས་པ་དང་། ཐ་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱྭར་བསྡོ་བའི་གྲབས་གཤོམ་བྱས་སྟབས། འ་ཆད་འུ་ཐུག་པའི་ཆོལ་གསུམ་བོད་མི་རྣམས་ནས་རྒྱལ་ས་ལྷ་སར་བོད་རང་དབང་རང་བཙན་སླར་གསོའི་འབོད་ཚིག་བསྒྲགས་ཏེ། བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད།





2011.02.03 04:00:23
There are no translations available.

ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྒྱུད་སྟོད་བར་མི་མང་སྟོང་ཕྲག་མང་པོས་༼ཀརྨ་པ་མཁྱེན་ནོ།།༽ཞེས་སྐྱོར་བཞིན་གོམ་བགྲོད་བྱས་མཐར་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་མི་མང་ལ་བསྩལ་བའི་བཀའ་སློབ།



2011.01.27 23:45:26
There are no translations available.

བོད་མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུའི་བཀའ་བློན་ཁྲི་པ་སྐབས་ ༣ པ་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་དངོས་གཞིའི་འོས་མི་རྣམས་ཀྱི་ངོ་སྤྲོད་སྙིང་བསྡུས།





2011.01.21 01:48:55
There are no translations available.

༄༅། །བལ་ཡུལ་དུ་ཡོད་པའི་གཡུང་དྲུང་བོན་གྱི་སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་དབུ་འཛིན་དང་སྨན་དགེ་ཆེན་མོ་རག་ཤི་ཚུལ་ཁྲིམས་སངས་རྒྱས་མཆོག་ ༢༠༡༡ ཟླ་ ༡ ཚེས་ ༢༠ ཉིན་གྱི་སྔ་དྲོ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པས་ཁོང་གི་བཀའ་དྲིན་རྗེས་དྲན་ཆེད་མཛད་རྣམ་ཟུར་ཙམ་འགོད་པ་ལ།





2011.01.11 23:56:02
There are no translations available.

༢༠༡༡།༡།༡༠ ཉིན་གྱི་ཤེས་རབ་ཀྱི་ཟིན་བྲིས་ལས་བཤུས།

        དེ་རིང་ནི་ཉིན་གཉིས་ཀྱི་དགུང་སེང་ཚར་ནས་གཟའ་ཟླ་བ་རེད། དགུང་སེང་གི་སྐྱིད་པོ་གཏོང་བའི་མཛད་རིམ་ཁག་ཚར་ནས་ཐོག་དང་པོ་བོད་ཡིག་གི་དྲ་བ་ཁག་ལ་བལྟས། བོད་གཞུང་གི་དྲ་བ་སོགས་བོད་ཡིག་གི་གསར་འགྱུར་བརྒྱུད་ལམ་མང་པོའི་ཐོག་ནས། བོད་ཡིག་ནང་བཞུགས་པའི་བསྟན་འགྱུར་རྣམས་སྐད་ཡིག་གཞན་ནང་བསྒྱུར་བའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག །ཝ་ཎ་གཙུག་ལག་སློབ་གཉེར་ཁང་དུ་འཚོག་བཞིན་ཡོད་པར་ཤེས། དེ་ཡང་བརྒྱུད་ལམ་ཕལ་ཆེ་བས་དོན་དེ་གཟི་བརྗིད་ལྟ་བུར་བཤད་འདུག་པའི་ཚོར་སྣང་བྱུང༌། དེ་ལ་ངས་བསམ་བློ་ཞིབ་ཏུ་བཏང༌།




2011.01.11 04:15:27
There are no translations available.

འདི་གར་འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་བཏང་འབྱོར་ལྟར་ན། ན་གཞོན་རྩོམ་པ་པོ་གངས་དགའ་འཁྱམས་པོའམ་བསྟན་པ་བློ་གྲོས་ལགས་ ༢༠༡༠།༡༢།༢༩ ཉིན་ལྷ་ས་ནས་གློ་བུར་དུ་འཛིན་བཟུང་གིས་བཀག་ཉར་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག




2011.01.06 09:06:06
There are no translations available.

༄༅། །རྒྱལ་གཅེས་མདོ་སྟོད་སེར་སྐྱ་མི་མང་ཡོངས་ཀྱི་སྙན་ལམ་དུ་ཆེད་གསོལ།

ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༣ རེས་གཟའ་ཉི་མ་ཉིན་བཙན་བྱོལ་བོད་མི་གནས་ཡུལ་ས་གནས་ཡོངས་སུ་སྐབས་བཅུ་དགུ་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་སྔོན་འགྲོའི་འོས་འདེམས་ཀྱི་དུས་ཚོད་གཏན་འཁེལ་བྱས་ཡོད་པ་ལགས་ན། ས་གནས་འོས་བསྡུ་ཚོགས་ཆུང་སོ་སོས་གོ་སྒྲིག་འོག་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་སྒྲིག་གཞིའི་དགོངས་དོན་འགལ་མེད་ཐོག་མདོ་སྟོད་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་ནས་མ་གོ་མ་ཐོས་མེད་པར་མང་གཙོའི་ཁེ་དབང་ངེས་པར་དུ་ལོངས་སྤྱོད་ཐུབ་པ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སུ།





2011.01.06 06:58:24
There are no translations available.

༄༅།  །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱེད་བགྲེས་ཡོལ་ལམ་བགྲེས་ཡོལ་དུ་ཕེབས་བཞེད་ནམ་ཡང་མི་མཛད་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྤྱི་འཐུས་རྒྱུན་ལས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གཤམ་གསལ་མཚན་འཁོད་༸སྙན་ཞུ་འབུལ་ལམ་ཞུས་པའི་གསལ་བསྒྲགས་སུ།




JPAGE_CURRENT_OF_TOTAL