西藏快报 文教 卫生常识 འཁྲུ་ནད། (Diarrhea)

The Tibet Express

选择语种

བོད་ཡིག繁體中文English
  • 註冊
    *
    *
    *
    *
    *
    Fields marked with an asterisk (*) are required.
  • 搜尋

འཁྲུ་ནད། (Diarrhea)

E-mail 列印 PDF
There are no translations available.

སོས་ཀ་ཚ་བའི་སྐབས་སུ་ཆར་དུས་ནི་མི་ཚང་མས་བློ་འཚབ་ངང་སྒུག་པའི་དུས་ཚོད་ཅིག་ཡིན། ཆར་དུས་སྐབས་ཡུལ་ལྗོངས་མཐའ་སྐོར་རྣམས་ལྗང་ཞིང་ཁམས་དྭངས་བར་མ་ཟད། ཚ་དྲོད་དང་ཐལ་རྡུལ་འཇགས་པའི་ཁྱད་ཆོས་མང་པོ་ཡོད་ཀྱང༌། ཀུན་གྱིས་དོ་སྣང་གནང་རྒྱུ་ཞིག་ལ་ཆར་དུས་སྐབས་སུ་ཆུ་རྣམས་ལ་བཙོག་གྲིབ་ཕོག་པ་དང༌། ཚ་གྲང་ངེས་མེད་རྐྱེན་གྱིས་འཁྲུ་ནད་དང་ཆབ་ཚད་ལ་སོགས་དམིགས་བསལ་ཁྱབ་སླ་བ་དང་ཧ་ཅང་ཕོག་སླ་བའི་ནད་གཞི་ཡང་མང་པོ་ཞིག་ཡོང་གི་ཡོད།

འཁྲུ་ནད་འབྱུང་བའི་རྒྱུ་གཙོ་བོ་ནི་ཟས་སྐོམ་གང་ཟོས་པ་རྣམས་ལེགས་པར་ཞུ་མ་ཐུབ་པའམ་ཟས་དུག་ཕོག་པས་གནས་སྐབས་འཁྲུ་བ་དང༌། ཕོ་བའི་མེ་དྲོད་ཉམས་པ། རྒྱུ་མ་དང་ལོང་དུ་གྲང་བའི་ནད་སྐྱེས་པའི་དབང་གིས་འཁྲུ་བ། ཕོ་ལོང་སོགས་སྣོད་ཀྱི་ནང་དུ་མཁྲིས་ཁུ་ལྷུང་བ་དང༌། མཆིན་ཚད་རྒྱུ་ལོང་སོགས་སུ་ཐུར་དུ་བབས་པའི་རྐྱེན་གྱིས་འཁྲུ་བ་བཅས་ཡིན། མདོར་ན་འཁྲུ་ནད་འདི་ཚ་གྲང་གཉིས་ལ་དབྱེ་ཆོག་སྟེ། མ་ཞུ་བའམ་ཟས་དུག་ཕོག་པ་དང༌། མེ་དྲོད་ཉམས་པ་རྣམས་གྲང་འཁྲུ་(Diarrhea)དང༌། མཁྲིས་ཁུ་སྣོད་དུ་ལྷུང་བ་དང༌། མཆིན་ཚད་རྒྱུ་ལོང་དུ་བབས་པ་རྣམས་ཚ་འཁྲུ་(Dysentary)ངོས་འཛིན་བྱེད་པ་ཡིན།

མ་ཞུ་བའམ་ཟས་དུག་གི་རྐྱེན་གྱིས་འཁྲུ་བ་ནི་རྐྱེན་གཞན་གང་ཡང་མེད་པའི་དོན་མེད་ལྟེ་བ་འགྱིངས་ཤིང་འཁྲུ་བ་དང༌། མེ་ཉམས་ཀྱིས་འཁྲུ་བ་ནི་ཕོ་བའི་མེ་དྲོད་ཀྱི་སྟོབས་ཤོར་ནས་ཟས་སྐོམ་མྱག་བཞུ་དང་དྭངས་སྙིགས་དབྱེ་མི་ཐུབ་པས་ཟས་སྐོམ་ཅི་ཟོས་ཀྱང་འབྱིང་ཞིང་འཁྲུ་བ། རྒྱུ་ལོང་ལ་གྲང་བའི་ནད་ཡོད་པས་འཁྲུ་བ་ནི་ཁོག་པ་འཁྲོག་ཅིང་སྒྲ་བཅས་འུར་བ་དང༌། ཁྱད་པར་དུ་ལུས་གྲང་བའི་ཚེ་ན་ཟུག་ལྡང་ཞིང་འཁྲུ། མཁྲིས་ཁུ་སྣོད་དུ་ལྷུང་བ་དང་མཆིན་ཚད་ཐུར་དུ་བབས་པས་འཁྲུ་བ་ནི་མདོག་སེར་པོ་དང༌། དམར་ཞིང་སྨུག་ལ་སྐབས་རེ་ནག་པོ་དུད་ཁུ་འདྲ་བ་ཚ་ཤར་དང་བཅས་འཁྲུ་བའོ།།

སྤྱིར་འཁྲུ་ནད་ལ་དེ་ཙམ་ཉེན་ཁ་མེད་ཀྱང་དུས་ཐོག་སྨན་བཅོས་བྱེད་མི་ཐུབ་པ་དང༌། ལྷག་པར་དུ་བྱིས་པ་དང་རྒན་འཁོགས་ལ་སྐབས་རེ་ཉེན་ཁ་ཆེ་བར་འགྱུར་སྲིད། འོན་ཀྱང་ནད་གཞི་འདིར་དྭོགས་ཟོན་བྱེད་ཐུབ་ན་སྔོན་འགོག་བྱེད་པ་ཧ་ཅང་སླ་བ་ཞིག་ཡིན་པས། ཆར་དུས་སྐབས་དམིགས་བསལ་དོ་སྣང་བྱེད་དགོས་པ་ནི། ༡༽ ཆུ་ཁོལ་མ་དང་ཆུ་བཙགས་མ་(Mineral water)མ་གཏོགས་གང་བྱུང་རྩ་བ་ནས་མི་འཐུང་བར་འཛེམས་དགོས། ༢༽ ཚལ་དང་ཤིང་ཏོག་སོགས་རྗེན་པའི་རིགས་མ་ཟོས་གོང་ལེགས་པར་བཀྲུ་དགོས། ༣༽ སོ་སོའི་ནང་དང་ཉེ་འཁོར་དུ་སྦྲང་མ་མི་འཁོར་ཆེད་གཙང་མར་འཇོག་དགོས།

༤༽ ཁ་ཟས་མ་ཟོས་གོང་ལག་པར་ཡི་ཙི་བརྒྱབ་ནས་ལེགས་པར་བཀྲུ་དགོས། ༥༽ རྒྱ་ལམ་ཟུར་དུ་ཡོད་པའི་བཟའ་གཏུང་འདྲ་མིན་ལ་ངེས་པར་དུ་འཛེམས་དགོས་པ་བཅས་ཡིན།།

བོད་གཞུང་སྨན་རྩིས་ཁང་ནད་བཅོས་ཉམས་ཞིབ་སྨན་པ་བསྟན་འཛིན་རྣམ་གྲོལ།

 

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

图片新闻

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow