西藏快报 新闻 国际新闻 ཡུ་གུར་མི་ལྔ་ལ་སྲོག་ཁྲིམས་བཅད་པ།

The Tibet Express

选择语种

བོད་ཡིག繁體中文
  • 註冊
    *
    *
    *
    *
    *
    Fields marked with an asterisk (*) are required.
  • 搜尋

ཡུ་གུར་མི་ལྔ་ལ་སྲོག་ཁྲིམས་བཅད་པ།

E-mail 列印 PDF
There are no translations available.

2bd7669f-219a-412b-aefd-7f8454fb28bcཟླ་འདིའི་ཚེས་༢༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གིས་སླར་ཡང་ཡུ་གུར་མི་ལྔ་ལ་སྲོག་ཐོག་གི་ཁྲིམས་ཆད་བཏང་ཡང་། གནས་སྐབས་རིང་སྲོག་ཐོག་བཏང་མེད་སྐོར་བརྗོད་ཡོད་པ་རེད། ད་བར་རྒྱ་གཞུང་གིས་ཡུ་གུར་མི་༢༢ ལ་སྲོག་ཐོག་ཁྲིམས་ཆད་བཏང་བ་དང། དངོས་སུ་སྲོག་ཐོག་བཏང་བ་ད་བར་མི་༩ ཆགས་ཀྱི་ཡོད་འདུག

ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུ་མུ་ཆིའི་འབྲིང་རིམ་ཁྲིམས་ཁང་ནས་སླར་ཡང་མི་༨ ལ་ཚེ་བཙོན་ཁྲིམས་ཆད་དང། མི་༥ ལ་སྲོག་ཁྲིམས་བཅད་པའི་གནས་ཚུལ་གསར་ལམ་ཁག་ནས་སྤེལ་འདུག འབྲིང་རིམ་ཁྲིམས་ཁང་ནས་སྲོག་ཁྲིམས་ཕོག་པའི་མི་ལྔ་པོར་ལོ་གཉིས་ཕྱིར་འགྱངས་བྱས་ཡོད་པ་དང། སྲོག་ཁྲིམས་ནས་ཚེ་བཙོན་དུ་ཁྲིམས་ཆད་གུ་ཡངས་ཡོང་རྒྱུའི་རེ་བ་ཡོད་ཚུལ་བརྗོད་མཁན་ཡང་ཡོད་པ་རེད། སྲོག་ཁྲིམས་ཀྱི་ཉེས་པ་འགེལ་དོན་ནི། ལོ་འདིའི་ཟླ་༧ ཡས་མས་སུ་རྒྱལ་ས་ཨུ་རུ་མུ་ཆི་རུ་ཡུ་གུར་མི་རིགས་དང་རྒྱ་ནག་ཧན་མི་རིགས་དབར་འཁྲུག་འཛིང་བྱུང་སྐབས་དེའི་ཁྲོད་དུ་ཡོད་པའི་ནག་ཉེས་བཀལ་ཡོད་འདུག སྐབས་དེའི་དོན་རྐྱེན་ཁྲོད་མི་༢༠༠ ཙམ་དམར་གསོད་བཏང་ཡོད་པ་དང། དེའི་ནང་མང་ཆེ་བ་རྒྱ་ནག་ཧན་མི་རིགས་ཤི་སྐྱོན་བྱུང་ཡོད་སྐོར་རྒྱ་ནག་གི་དཔོན་རིགས་ཚོས་གསར་ལམ་ཁག་ཏུ་བརྗོད་ཡོད་པ་རེད།
དོན་རྐྱེན་བྱུང་སྐབས་ཡུ་གུར་མི་རིགས་དངོས་སུ་ཟིང་ཆ་དེའི་ཁྲོད་མཉམ་ཞུགས་བྱས་ཡོད་མེད་ཇི་ལྟར་ཡང། དོན་རྐྱེན་དེའི་རྐྱེན་གྱིས་ཁམ་བྷོ་ཌི་ཡ་རྒྱལ་ཁབ་ཏུ་ཡུ་གུར་བ་ཉི་ཤུ་ཙམ་སྐྱབས་བཅོལ་དུ་སོང་བ་རྣམས་ཉེ་ཆར་ཁམ་བྷོ་ཌི་ཡ་གཞུང་ནས་ཕྱིར་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་ཡོད་པ་རེད། དེར་ཨ་རི་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ཁག་ཅིག་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག ཡུ་གུར་བ་དེ་རྣམས་ཕྱིར་རྒྱ་ནག་ཏུ་རྩིས་སྤྲོད་བྱེད་དོན་ནི། ཁོ་ཚོས་ཁྲིམས་འགལ་ངང་རྒྱལ་ཁབ་དེར་གནས་སྤོས་བྱས་ལུགས་རྒྱ་ནག་དང་ཁམ་བྷོ་ཌི་ཡ་གཞུང་གཉིས་ཀྱིས་ཉེས་འཛུགས་བྱས་ཡོད་པ་རེད།།
最近更新 ( 25 十二月 2009 )  
  • 西藏快报

  • 三种文字俱全的网络

  • 藏、英、中翻译

西藏快报》经向印度政府宣传和新闻部门有关法律规定注册,是一家具有多种内容的自由周报,现在在世界二十个国家和地区内发表,本报中心位置是西藏流亡政府所在地达然萨拉,另印度南方最大的两所社区设有报刊的分属机构,中心和分支机构在同一时间内进行出版和发行。

卡瓦噶博西藏文化维护社或西藏快报、以及www.bangchen.net的网址均为我单位的名称,本报网址有藏、中、英三种文字发布,读者可阅读本刊更多的独家新闻或其他内容,且能建立各自的博客进行评议时政等。

 

藏、中、英互相翻译——将其他国家和民族的学者群运用其他文字书写的文章和论文等尽力翻译成藏文,来共同满足其他文字读写者的需求。

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

图片新闻

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow