The Tibet Express

选择语种

བོད་ཡིག繁體中文English
  • 註冊
    *
    *
    *
    *
    *
    Fields marked with an asterisk (*) are required.
  • 搜尋

འབའ་པ་འཆི་མེད།


2011.09.30 01:43:57
There are no translations available.

༼ཐོན་ནས་ཤོག༽

རྩི་གཅིག་སྒྲུབ་ལ་གཞོལ་བའི་ཆོས་པ་ཚོ།།

ཉམས་དང་རྟོགས་པ་ཡོད་ན་སྟོན་ཤོག་དང་།།

དེང་རབས་རིག་གསར་མཁས་པའི་མི་བུ་ཀུན།།

མིག་རྣ་ཁྱེད་ལ་གཏད་དེ་བསུ་བཞིན་འདུག །

Tags:



2011.08.01 11:30:08
There are no translations available.

རླུང་དམར་འཚུབ་པའི་ཉིན་མོ་འདི། 

------- ཁ་བྱང་གི་འགྲེལ།

------ ཅི་ལ་ཐུག་ཀྱང་གསལ་བཤད་མི་ནུས་ཤིང་།

----- གང་ཞིག་རྗེན་པ་བརྡར་བའི་སྐལ་བ་ཕྲ།

གནམ་གཤིས་འདི་འཚུབ་ལུགས་དང་། 

འབྲུག་སྒྲ་ལྡིར་སྟངས་དང་། 

སྤྲིན་ནག་འཁྲིགས་ལུགས་འདིས། 


Tags:



2011.07.18 04:22:33
There are no translations available.

རླུང་ནག་མཁའ་ནས་འཚུབ་སྟངས་ཤིག་གིས་སེམས་ཀྱི་མར་མེ་གཟིམ་ལ་ཁད།།

ཡོལ་བ་ནག་པོ་འཐེན་སྟངས་འདི་ཡིས་ཡོད་ཚད་འོག་ཏུ་སྦད་ལ་ཁད།།

གངས་རིའི་སྲོག་རྩ་བརྒྱུས་ལས་དྲངས་ཏེ་རྒྱལ་ཁམས་སྟོན་མོར་ཆས་པའི་དུས།།

དབུགས་ཀྱི་རྒྱུ་བ་མཁའ་ལ་བསྒྲེངས་ཤིང་རྡོག་པས་ངལ་བ་གྲངས་ལ་བགྲངས།།


Tags:



2011.07.05 23:21:22
There are no translations available.

སྟག་འཚེར་རིག་པའི་གྲོང་གི་བཞི་མདོ་ན།།

ཉམས་ཆུང་ཁྱིམ་བརྒྱུད་ཅིག་གི་ར་བ་ན།།

ངོ་མཚར་སྣ་ཚོགས་ལྟས་ཀྱི་མཚན་དཔེ་ཡི།།

འདབ་བརྒྱ་ངང་གིས་གྲོལ་འདི་མི་ཡི་གར།།


Tags:



2011.04.21 12:13:21
There are no translations available.

འཁྲབ་སྟངས་འདིས་གཉིད་ལས་སློང་སོང་།

ཡར་ཀི་ལྷ་རུ་ཕུལ་པའི་མཆོད་སྤྲིན་དང་།།

མར་ཀི་འདྲེ་རུ་བརྫངས་པའི་གཏོར་མཆོད་འདིས།།

ལྷོད་གཉིད་དུ་ཡུར་བའི་ཞིང་ཁམས་སུ།།

ལྟས་སོ་སྔར་ལས་རྫིག་པའི་འཁྲབ་ཚན་བརྩམས།།

Tags:



2011.04.14 04:08:10
There are no translations available.

ངུ་ངག་ཁྲོད་ཀྱི་རྒྱང་འབོད།

ཕ་ཡུལ་ཁམས་ཡུལ་ཤུལ་དུ་བཞི་གཅིག་བཞི་ཡི་རྐྱེན་ངན་བྱུང་ནས་ལོ་ངོ་གཅིག་འཁོར་བའི་རྗེས་དྲན་དུ་ཕུལ་བ།

ཟློག་མེད་འབྱུང་ཁམས་འཁྲུག་པའི་གཡུལ་སར་ན།།

ཤི་བོའི་བེམ་རོ་རི་བོའི་དཔངས་ལས་མཐོ།།

གསོན་པོའི་ངུ་ངག་གོ་ལའི་གནམ་སར་འགེབས།།

ཐལ་རྡུལ་རླུང་འཚུབ་ས་གཞིར་མུན་པས་བསྒྲིབས།།


Tags:



2010.11.23 03:06:09
There are no translations available.

ངས་བྲག་བརྐོས་ཀྱི་རི་མོ་མཐོང་བྱུང་།

༼༡༽ མིག་ལམ་དུ་འཆར་བའི་རི་མོ་་་་་་

ཕྱིར་བཀྱེད་དང་འགྱུར་བ་མེད་པ་

ནམ་ཡང་ལྷང་ལྷང་དུ་བུད་་་་་

གལ་ཏེ་ཁྱོད་ལ་རྣམ་ཤེས་ཀྱི་རྒྱུ་བ་ལྡན་ན་

ནམ་ཡང་སྔོན་ཐོན་ཞིག་ཏུ་ཡིན་ཆོག་ལ

ཁྱོད་ཉིད་ལ་རྟོག་འགྱུར་གྱི་ཤེས་རིག་ལྡན་ན་

ནམ་མཁའ་སྔོན་མོ་ནས་ས་གཞི་སྨུག་པོ་འདིའི་བར་

ཁྱོད་ཀྱི་སྙན་གྲགས་འབར་ངེས་ཡིན།


Tags:



2010.11.08 04:22:50
There are no translations available.

ཕ་ལམ་དཀར་པོའི་རང་མདངས།

དགེ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་ཆོས་རྗེ་བློ་བཟང་ཉི་མ་མཆོག་དགོངས་པ་གཞན་དོན་དུ་

གཤེགས་ནས་མི་ལོ་ཧྲིལ་པོ་གཉིས་ཙམ་སོང་བའི་རྗེས་དྲན་དུ་ཕུལ་བ།།

མདོ་ཁམས་རིག་པ་འབྱུང་བའི་ས་མཐའ་ན།།

ཟབ་མོའི་ཐུགས་བསྐྱེད་མཛད་པའི་གནས་མཆོག་ན།།

མཚན་དཔེའི་མེ་ཏོག་བཞད་པའི་སྔ་ཤུགས་ན།།

གསེར་མདོག་ཆོས་གོས་བསྣམས་པའི་དཔའ་ཁ་རྒོད།།


དབུས་འགྱུར་ལྷ་ལྡན་ཞིང་གི་གྲོང་ཁྱེར་ན།།

འཕགས་བོད་རིག་པའི་གཞུང་གི་དཀའ་གནད་ཀུན།།

མཁས་པ་གསེར་རི་འཕྲེང་བའི་མདུན་ངོས་ན།།

རིགས་ལམ་མཚོན་ཆ་ཐོགས་པའི་དགྲ་ལ་རྒོལ།།

Tags:



2010.10.28 12:20:12
There are no translations available.

ཁྱོད་ཀྱི་རྐང་རྗེས་གསལ་ལུགས་འདི།།

མུན་ནག་གསེབ་ནས་འོད་ལ་འཁྲེང་པའི་ལམ་ལུགས་གསར་པའི་བགྲོད་སྟངས་འདི།།

མུན་པར་འགྲིམས་པའི་ལམ་གྱི་སྣེ་མོར་བཙན་གྱིས་འཚོལ་བའི་ལུགས་སྲོལ་འོག།

ངེས་གཏན་མེད་པའི་སྨག་རུམ་ཁྲོད་ན་ལག་ཟུང་ཡུན་གྱིས་སྙོབས་ཙ་ན།།

བར་སྣང་དབྱིངས་ན་ཅི་ཞིག་ཐོབ་འདོད་རེ་བ་འདི་ཀོ་སྟོང་པ་ཡིན།།


Tags:



2010.10.09 23:00:49
There are no translations available.

གཟི་འོད་འབར་བའི་དཔའ་རྟགས།

མདོ་ཁམས་ཆུ་སྒང་བསྟན་སྲུང་དང་བླངས་དམག་སྒར་གྱི་འགོ་འཛིན་ལི་ཐང་

ཛ་སག་ཨ་འབྲུག་མགོན་པོ་བཀྲིས་མཆོག་གི་རྗེས་དྲན་དུ་ཕུལ་བ།

སེར་པོ་གསེར་གྱི་རང་མདངས་ངོམས་ས་ན།།

དཀར་པོ་གངས་གྱི་གཟི་མདངས་རྒྱས་ས་ན།།

དམར་པོ་ཀླ་ཀློས་དཔའ་ཁ་རྒོད་ས་རུ།།

གཟི་འོད་འབར་བའི་དཔའ་བོ་ཁྱོད་ཉིད་ཙམ།།


Tags:



2010.09.28 04:25:27
There are no translations available.

ཉི་འོད་གྱེན་དུ་འཕྱུར་བའི་ས་མཐའ་ན།།

ཁ་བའི་འདབ་མའི་སྟོང་པའི་གངས་སུལ་ནས།།

སྙན་འཇེབས་གར་དུ་རྩེན་པའི་དབྱངས་རྟ་འདི།།

གཟུར་གནས་བློ་ལྡན་དགྱེས་པའི་མཆོད་སྤྲིན་ཞིག།


བྱད་ཁ་དམག་གདང་སྒྲིག་པའི་མདུན་ངོགས་ན།།

གོ་འཁྲབ་མཚོན་གྱི་དབེན་པས་དགྲ་ཁ་རུ།།

ལྷང་ལྷང་འོད་དུ་འཚེར་བའི་འཛུམ་མདངས་ཀྱིས།།

རྨིག་མེད་ཐལ་རྡུལ་སློག་འདི་དཔའ་རྟགས་ཤིག།

Tags:



2010.09.22 08:33:17
There are no translations available.

གླེང་གཞི་ནག་པོ།།

ཡོད་ཚད་ཟློས་གར་རྩེན་པའི་སྔ་གཞུག་ན།།

ལྷང་ལྷང་འོད་དུ་འཚེར་བའི་རྒྱང་བལྟས་འོག།

བལྟས་བལྟས་མིག་གིས་རིག་པའི་ལྟད་མོ་ཞིག།

མུན་པའི་གསུབ་ཀར་འགྲིམས་པའི་སྔ་ལྟས་མཐོང་།།


རང་ཉིད་ཁྲོམ་འགྲེམས་བྱས་པའི་སྔ་ཉིན་ནས།།

ཉི་འོད་སྦར་མོས་འགེབས་པའི་ལས་གཞི་འདིས།།

རང་གདོང་རྗེན་མར་མངོན་པའི་འཁྲབ་ཚན་ཞིག།

རྒྱལ་ཁའི་གཏའ་མར་འཇོག་པའི་ལྟད་མོ་གདའ།།


Tags:



2010.09.11 22:18:20
There are no translations available.

ཁྱོད་ཀྱིས་འདེམས་པའི་ཆོས་བརྒྱུད་སྤྱི་འཐུས་སུ་ཡིན་ནམ།

གླེང་གཞི་བསླངས་པ།

གཉན་འཕྲང་ཅན་གྱི་དུས་སྐབས་འདིར་བཙན་བྱོལ་བོད་གཞུང་གི་ཁྲིམས་བཟོ་ལྷན་ཚོགས་འདི་གལ་གནད་ཅན་གྱི་མི་མང་གི་སྐུ་ཚབ་མཚོན་པའི་གནས་ལུགས་ཤིག་ཏུ་བགྲང་ཆོག་ན་ཆོས་བརྒྱུད་ཁག་གི་སྐུ་ཚབ་འཐུས་མི་འདི་འང་གལ་གནད་ཅན་ཞིག་ཏུ་བགྲང་མི་ཆོག་པ་ཅི་ཞིག་ཡིན་སྙམ། དེས་ན་ང་ཚོ་ཚང་མར་རང་གི་འགན་འཁྲིའི་ཐོབ་ཐང་ཡོད་པ་ནི་རང་རང་གི་སྐུ་ཚབ་མཚོན་པའི་སྤྱི་འཐུས་ཤིག་འདེམས་རྒྱུ་དེ་ཡིན། རང་གི་སྐུ་ཚབ་ཇི་འདྲ་ཞིག་འདེམས་དགོས་མིན་ཐད་རང་གི་བསམ་ཚུལ་གང་ཡོད་ལྷུག་པོས་བགྲོ་གླེང་ཡོང་རྒྱུའི་རེ་བ་ཡོད།


Tags:



2010.09.10 02:13:57
There are no translations available.

ཁ་ཏྭས་རྣ་བར་གཟན་དུས་ཤིག

ཆར་ཤུགས་དྲག་པོ་བབས་ཐེངས་ཤིག་གིས་ས་འཛིན་བཞིན་རས་རློན་ལ་བསྒྱུར།།

ཞི་འཇམ་མིན་པའི་འབྲུག་སྐད་གཅིག་གིས་ཞི་བདེའི་གླིང་འདིར་འཁྲུག་ཆ་སློང་།།

ཨ་གསར་རྟ་ཕོའི་རྒྱུག་ཤུལ་འདི་ཡིས་སྔོ་ལྗངས་སྤང་ལ་རྨ་རྗེས་དཔར།།

དོན་གྱི་དབེན་པའི་ཁ་ཏྭའི་འུར་གྱིས་རྣ་བར་གཟན་པ་ཉུང་ཉུང་མིན།།


Tags:



2010.09.07 04:55:47
There are no translations available.

རྒྱ་ཆེ་བའི་དྲ་གྲོགས་ལྷན་རྒྱས་ཀྱི་སྙན་ལམ་དུ་

ཆེད་གསོལ།

སྐབས་བཅོ་ལྔའི་སྤྱི་འཐུས་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་དུས་དེར་ཚོགས་སྒེར་མང་པོས་བོད་ཀྱི་འཕྲལ་ཕུགས་གཉིས་ཀར་མིག་རྒྱངས་བསྲིངས་ནས་འོས་མི་གསར་འདོན་སོགས་ཚ་ཚ་འུར་འུར་ངང་ནས་བྱས་དང་བྱེད་བཞིན་འདུག འོན་ཀྱང་ད་བར་ཆོས་བརྒྱུད་སྤྱི་འཐུས་སྐོར་འོས་མིི་འདོན་པ་དང་འོས་མི་དྭངས་བླངས་པ་ཧ་ལམ་སྟོང་ཆ་ལྟ་བུ་ཞིག་ལྷག་འདུག་ལ།གྲོས་ཚོགས་ནང་ཆོས་བརྒྱུད་སྤྱི་འཐུས་དང་ཆོལ་ཁ་འི་སྤྱི་འཐུས་གཉིས་ཀ་གདན་ཐོབ་འདྲ་མཉམ་ཡིན་པར་སོང་བོད་ཀྱི་གནད་དོན་ཐད་ནུས་པ་འདོན་ན་འདོན་མཉམ་དང་འཐུས་ཤོར་སོང་ན་སོང་མཉམ་ཡང་རེད་ལ།ད་དུང་ཉེ་ཆར་སྤྱི་ཚོགས་ཐོག་ཆོས་ལུགས་སྤྱི་འཐུས་དགོས་མིན་སྐོར་གླེང་སློང་ཡང་ཅུང་འདུག གོང་གི་དགོས་དམིགས་དེ་དག་ལ་བརྟེན་ནས་ང་ཚོ་སྐོར་ཅིག་གིས་མཉམ་རུབ་ཐོག་ཆོས་བརྒྱུད་སྤྱི་འཐུས་གླེང་བ་ཞེས་པའི་དྲ་ཐོག་བགྲོ་གླེང་ཞིོག་འཚོགས་འཆར་ཡོད་པས་རྣམ་པ་ཚོས་གང་མང་ཞུགས་ཐུབ་པའི་རེ་བ་ཡོད།

བརྗོད་གཞི། ༡༽བོད་ཀྱི་གནས་བབ་ལ་ལྟོས་ནས་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གླེང་བ།

༢ ༽ཆོས་བརྒྱུད་སྤྱི་འཐུས་ཀྱི་གནས་བབ་དང་འགན་འཁྲིའི་ཁ་ཕྱོགས་གླེིང་བ།

༣ ༽ཁྱེད་ཀྱིས་འདེམས་པའི་ཆོས་བརྒྱུད་སྤྱི་འཐུས་སུ་ཡིན་ནམ།

Tags:



2010.09.01 21:48:45
There are no translations available.

ཁྱོད་ལ་ཕུལ་བའི་སེམས་ཀྱི་ཁ་བཏགས།།

ངེས་དོན་གྱི་རིག་གྲོགས་འཆམ་ར་དྲི་མེད་རྒྱལ་མཚན་མཆོག་གི་སློབ་དཔོན་ལག་འཁྱེར་བཞེས་པའི་མཛད་སྒོར་ཕུལ་བ།།

གངས་ཅན་རིག་པ་འབྱུང་བའི་གནས་མཆོག་སྡེ་དགེ་རྒྱལ་པོའི་མངའ་འབངས་སུ།།

གསེར་ལྡན་སྒེག་མོར་ཐོག་མར་མཇལ་པའི་འཇིག་རྟེན་མིག་ཞགས་དང་པོ་འཕེན།།

རི་ལུང་དོག་མོ་ངང་གིས་བརྒལ་ཞིང་འཕགས་པའི་ཡུལ་དུ་རྐང་པ་འཇོག།

འབྲས་དང་ལྡ་ལིའི་མངར་སྐྱུར་བྲོ་བ་རོ་འཛིན་དབང་པོས་དེ་ནས་མྱངས།།


Tags:



2010.08.29 12:05:39
There are no translations available.

ནད་རྙིང་འཐེན་འཁྱེར་གཏམ་གྱིས་རི་ལུང་དེ་སྤུར་ཞིང་།།

རང་ཉིད་གནམ་ལ་གཤེགས་ཕྱིར་འབྲུག་སྐད་ལྟར་གྲགས་པའི།།

མ་རུང་བྱ་གཞག་མང་པོ་སེམས་ཁོང་ན་སྦས་ཤིང་།།

བཅོས་མའི་འཛུམ་གྱིས་ཁེངས་པའི་ལྟད་མོ་ཞིག་མཐོང་བྱུང་།།


Tags:



2010.08.02 21:49:49
There are no translations available.

ད་རེབ་མི་མང་ཚོས་གཟབ་དགོས'།

མ་གཏོགས་འཁྲུག་ཉེན་ཡོད།

ང་ཚོ་བོད་ཀྱི་ཁ་དཔེར་དབུ་མཛད་མང་ན་འདོན་པ་འཁྲུག་ཅེས་པའི་དཔེ་ལྟར་ང་ཚོ་བོད་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུའང་འབྱུང་འགྱུར་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་མི་འཚོལ་བའི་འུར་ཟིང་ཁྲོད་ཚོགས་པ་དང་སྐྱིད་སྡུག་ག་གེ་མོ་རེ་ནས་བཀའ་ཁྲིའི་འོས་མི་རེ་དང་སྤྱི་འཐུས་ཀྱི་འོས་མི་རེ་བཏོན་དང་འདོན་བཞིན་པ་དང་ད་དུང་མི་བུ་སྒེར་པ་འགས་ཀྱང་རང་གི་འགྲོ་སོང་ཆེད་བཏང་གིས་དེ་དག་གི་ལོ་རྒྱུས་དང་འདྲ་པར་སོགས་གྱང་ལྡེབ་དང་ཚགས་ཤོག་གི་ཤོག་ལྷེབ་དག་འགེངས་བཞིན་འདུག་པས་ང་ཚོས་བཀའ་ཁྲི་དང་སྤྱི་འཐུས་གཉིས་ཀྱི་འོས་མིའི་ས་བོན་མི་རྙེད་པའི་དྭོགས་པ་ནམ་ཡང་མི་དགོས་ལ་ད་རེབ་ང་ཚོས་ངེས་པར་དུ་ཡིད་གཟབ་མ་གནང་ཚེ་འོས་ཤོག་ཁ་འཐོར་རྒྱུ་དང་མི་མང་བྱིངས་མགོ་བོ་རྨོངས་གཞིར་གྱུར་བཞིན་འདུག

 


Tags:



2010.07.12 02:00:06
There are no translations available.

དྲྭ་སྒམ་ནང་གི་ལྟད་མོ།

དྲ་ཁང་གྲུ་བཞིར་ཉུལ་བའི་ཟོལ་གྱིས་གློག་ཀླད་དྲ་སྒམ་ཕྱེ་ཙ་ན།།

ཟིན་བྲིས་མཆན་བུའི་གྲོང་ཁྱེར་བསྐྱོད་པའི་སྐལ་བ་ལེན་གཅིག་བདག་གི་རྙེད།།

ཡུན་ཙམ་མིག་གིས་ལྟད་མོར་མྱང་ནས་གང་མཐོང་བསམ་པའི་རི་མོ་དག།

དཀར་འཇམ་ཤོག་བུ་ལེབ་མོའི་ཐོག་ཏུ་ཕབ་པའི་སྤོབས་པ་སེམས་སུ་སྐྱེས།།





2010.07.03 08:45:36
There are no translations available.

ཁ་སྔོན་བང་ཆེན་ཟིན་བྲིས་ངོས་སུ་འབའ་པ་སྐལ་བཟང་འཕྲིན་ལས་དང་འཆམ་ར་དྲི་མེད་རྒྱལ་མཚན་གཉིས་ཀྱིས་སྐབས་གསུམ་པའི་བཀའ་ཁྲི་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གི་སྒྲིག་གནང་རྒྱུ་ཡིན་པའི་གནས་ཚུལ་ཁོང་གཉིས་ཀྱིས་བཏང་པའི་གསལ་བསྒྲགས་དང་བང་ཆེན་དྲ་ཚིགས་ཀྱི་གསལ་བསྒྲགས།དེ་བཞིོན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་སོགས་ནས་གོ་ཐོས་བྱུང་།

ལས་གཞི་འདི་ནི་ངོ་བོ་དང་རྣམ་པ་ཡོད་ཚད་གླེང་རིན་ཆེན་པོ་ཡོད་པར་མཐོང་། གང་ཡིན་ཞེ་ན་ད་ལྟར་བཀའ་ཁྲི་ཅི་འདྲ་ཞིག་ཡོང་མིན་ནི་བོད་ཀྱི་མ་འོངས་པའི་ལས་དབང་དང་ཧ་ཅང་འབྲེལ་བས་དེ་ཡི་ཐོག་ཐུགས་འགན་བཞེས་པར་ཧ་ཅང་ཡག་མོ་རེད།

Tags:



2010.07.02 11:03:17
There are no translations available.

ཀ་ཁའི་ང་རོ་ཚིག་གི་སྡེབ་སྦྱོར་ཚུལ།།

ཁ་ཞེ་གཉིས་སུ་མེད་པ་གང་ཤེས་ཀྱིས།།

ག་ལེར་དམར་པོའི་བྲང་ཁོག་གཞུང་གཤགས་ཏེ།།

ང་ཡི་གློ་སྙིང་མཆིན་གསུམ་ཁྱོད་ལ་ཕུལ།།

ཅ་ཅོ་སྐད་སྒྲ་ཡོད་ཚད་ཕྱིར་འབྱིན་གྱིས།།


Tags:



2010.07.02 08:35:34
There are no translations available.

ང་ལ་ངོམས་སུ་འོས་པའི་བྱས་རྗེས་དང་འགྲན་ཆོག་པའི་ཕྱི་ནང་གི་ཤེས་བྱ་གསར་པ་གང་ཡང་བསྟན་རྒྱུ་མེད་ལ་ངས་རྙེད་འདོད་པ་ནི་དྲང་བདེན་དང་ཀྱག་ཀྱོག་མིན་པའི་ལམ་བུ་ཞིག་སྟེ་་་་་་་་་་་་་་་་་ད་ནས་ང་འདི་ནས་ཤར་བསྐྱོད་བྱ་ན་འདོད་་་་་་་་་་་་་་་་དེས་ན་ཁྱེད་དྲྭ་ཐོག་ཤག་པོ་རྣམ་པས་ཕྲན་ལ་གཡས་སྐྱོར་གཡོན་སྐྱོར་གྱིས་ཆེས་གུ་ཡངས་པའི་ལམ་བུ་ན་འཁྲིད་རོགས་ཞུ་་་་་་་་་་་་་་་་

་ཁ་དྲོ་་་་་་་་་་་་་་ཚེ་རིང་་་་་་་་་་་་་་་་་་་ཡ།།།

 

 


Tags: