西藏快报 ཟིན་བྲིས་རྣམས་ལ་གཟིཌ། བྲག་གཡབ་ཆོས་གྲགས

The Tibet Express

选择语种

བོད་ཡིག繁體中文English
  • 註冊
    *
    *
    *
    *
    *
    Fields marked with an asterisk (*) are required.
  • 搜尋

བྲག་གཡབ་ཆོས་གྲགས


2012.02.08 12:37:00
There are no translations available.

ཁོའི་འགོ་བརྗོད་དུ་།'ཏ་ལའི་བླ་མ་ལོ་མཐོན་པོ་འགྲོ་བཞིན་ཡོད་ཚད་ཡོད་ཀྱི་མི་ཚེ་ནང་རྗེས་འཇུག་གི་ལས་ལ་མངགས་བཅོལ་བྱ་དགོས་རེད'།དེར་བརྟེན་ཏ་ལའི་བླ་མའི་ཡང་སྲིད་ཀྱི་གནས་ཚུལ་འདི་རྫོག་མཐའ་མེད་པའི་ཟེར་སྒྲོས་ཀྱི་ཁེངས་ནས་ཡོད'།ཡང་སྲིད་དགོས་མིན་དང་ཡང་སྲིད་གང་འདྲ་ཡོང་དགོས་མིན་གཉིས་ཕན་ཚུན་འགལ་ཟླའི་ཚུལ་གྱིས་ཡང་ནས་བསྐྱར་དུ་གནས་ཡོད





2012.01.21 02:19:49
There are no translations available.

༧་གོང་ས་ཏ་ལའི་བླ་མ་མཆོག་ནི་རྒྱལ་ཁབ་གང་དུ་སྐྱོད་ཚེ་དེ་རུ་མི་རྣམས་རང་དབང་གིས་དགའ་མོས་དང་བརྩི་བཀུར་ཆེན་པོ་ཐོབ་བཞིན་པ་དང་གུང་ཕྲན་གཞུང་གི་འགོ་བ་ཞིག་གང་དུ་ཕྱིན་ཚེ་དེ་རུ་ངོ་རྒོལ་དང་དངང་འཚབ་ལན་འདེབ་དཀའ་བའི་དྲི་བ་སོགས་སྣ་མང་ཐོན་བཞིན་པ་འདི་དག་གིས་༧གོང་ས་ཏ་ལའི་བླ་མ་མཆོག་ནི་ཁོང་ཚོའི་མིག་སྔར་ཚེར་མ་བཞིན་གང་དུ་ཕེབས་པའི་གནས་དེར།ཁོང་ཚོའི་འདུན་ལམ་ཕྱོགས་སྐྱོད་ཀྱི་བཀག་རྡོ་ཆེན་པོ་ཞིག་ཆགས་བཞིན་པ་འདི་དག་གིས།འདི་ལོའི་ཕྱི་ཟླ་དྲུག་པ་ནང་དབྱིན་ལེན་ནང་དུ་ཕེབ་འགྱུར་གྱི་གནད་དོན་སོགས་༧གོང་ས་མཆོག་འགུལ་སྐྱོད་རིམ་པ་ནི་ཁོང་ཚོའི་མིག་སྔར་གཟན་ཤོས་དེ་རེད།
Tags: རེ་བ



2011.12.10 11:46:19
There are no translations available.

༡༩༨༩།༡༢།༡༠ཉིན་མོ་འདིར་བོད་མི་རིགས་ལ་མཚོན་ན་ཆེས་བླ་ན་མེད་པའི་དུས་ཚོད་ཅིག་དང་གཏན་དུ་ནས་དྲན་གསོ་འོས་པའི་ཉིན་མོ་ཞིག་ལོས་ཡིན་ཏེ།ང་ཚོ་བོད་མི་རིགས་འཆི་གསོན་གྱི་སོ་མཚམས་དང་གཞིས་བྱེས་ཀྱི་འཚོ་བ་རང་དབང་མེད་པའི་གཞན་དབང་འོག་ནས་འཚོ་བཞིན་པའི་མི་རིགས་ཤིག་གི།གཞན་དབང་གཉའ་གནོན་ལ་གདོང་གཏད་ཐུབ་པའི་སྐྱེས་བུ་ཞིག་ཏུ་མི་བུའི་སྤྱི་ཚོགས་ཀྱིས་གདེང་སྤྲོད་པ་དང་།བླ་ལྷག་ཏུ་སྤོབས་པ་བྱིན་ཆེད་ནོ་བེལ་ཞི་བདེའི་རྟགས་མ་འདི་ཐོབ་འོས་པའི་མི་བུ་ཞིག་ལ་བྱིན་ཡོད་པ་འདི་རེད།འདི་ནི་དཀའ་དྲིན་བླ་ན་མཐོ་བའི།དོན་ཕྱིར་མཚན་ནས་སྨོས་ན་༧གོང་ས་ཏ་ལའི་བླ་མ་མཆོག་གི་ལྷན་སྐྱེས་ཀྱི་སྤོབས་པ་དང་ཐུགས་རིག་བཀྲ་བའི་རྣམ་དཔྱོད།སྦྱངས་སྟོབས་ཀྱི་བྱམས་བརྩེའི་རང་མདངས་དཀར་པོའི་རྒྱུ་རྐྱེན་བྱས་ནས་ས་སྒང་འདིའི་ཆེ་རྒུའི་སྐྱེ་བོ་རྣམས་ཀྱི་ཡིད་དབང་སྔ་ས་ནས་ཕོྲགས་ཟིན་པའི་རྒྱུ་རྐྱེན་ཟུང་ཞིག་ལས་བྱུང་བར་འགྲེལ་བརྗོད་བྱ་ཆོག།


Tags: རེ་བ



2011.11.27 09:43:26
There are no translations available.

ང་ཚོའི་བོད་སྐྱོབ་ཀྱི་རེ་འབོད་གཞན་ལ་བྱེད་རེ་བ་གཞན་ལ་རྒྱབ་པའི་བརྒྱ་ཆ་དང་རང་ཉིད་རང་གི་མི་བུ་ལ་བོད་སྐྱོབ་ཀྱི་རེ་བ་བཅོལ་སློབ་གསོའི་དང་བསྐུལ་མ་བཏང་བའི་བྱ་རིམ་གཉིས་བརྒ་ཆ་མང་ལོད་ཅིག་བསྡུར་ན་གང་མང་བ་ཡོད་དམ་ཅེས་དྲི་བའི་སྒོ་ནས་གླེང་སླང་ཏེ།ཐོག་མར་ངས་བོད་སྐྱོབ་འདོད་ན་མ་འོང་བོད་མའི་གཞི་རྩའི་སློབ་ཕྲུག་ཚོའི་ཤེས་ཡོན་སྲིད་བྱུས།ཤེས་ཡོན་ཀྱི་དམིགས་ཚད།ཤེས་ཡོན་ཀྱི་དགོས་འདུན།་བྱ་ལས་རིམ་པར་གདམ་བཀོད།སོགས་སློབ་མ་ཞིག་ལ་གཞི་རྩའི་མེད་དུ་མི་རུང་བའི་ཁྱད་ཆོས་དག་ངོས་ཟིན་པ་དང་།འདོད་མོས་ཀྱིས་གདམ་བྱ་དག་གི་རྒྱབ་ཏུ་ཐབས་བརྒྱ་བྱུས་སྟོང་གིས་བགྲོད་ཐུབ་པའི་འདུན་པ་དང་ཆོད་སེམས་ཀྱི་སྒོ་བརྟན་པོར་འཛུག་ཐུབ་པའི་ཐབས་ལམ་བཀོལ་དགོས་ཞེས་བརྗོད་པར་འདོད།


Tags: རེ་བ



2011.11.24 12:05:15
There are no translations available.

སྔོན་འགྲོའི་གསལ་བཤད། ང་ཚོ་མི་ཡི་སྤྱི་ཚོགས་འདི་གྲུབ་པ་ནས་ཐོག་མའི་མི་རྣམས་ཀྱིས་འཚོ་བ་སིལ་བུར་རོལ་སྤྱི་ཚོགས་ག་གེ་མོ་ཞིག་དང་ཡུལ་ལུང་ག་གེ་མོ་དེ་དག་ནང་རང་ཁ་རང་གསོ་སྟེ་རང་སོ་སོའི་ཞིང་འབྲོག་བཟོ་གསུམ་སོགས་ཀྱིས་འཚོ་བས་རང་རྐྱ་འཕེལ་བར་ལོངས་སུ་སྤྱོད་ཡོད་པ་ཡིན་སྟབས་དེང་གི་སྤྱི་ཚོགས་ནང་བཞིན་ཡོད་ཚད་དངུལ་དངོས་དང་རྗེ་པོ་རྒྱབ་དགོས་པའི་གནས་སྟངས་འདི་འདྲ་ག་པར་ཡོད།


Tags: རེ་བ



2011.11.23 02:49:24
There are no translations available.

ྃམཐོ་སྒང་གི་གངས་རི་ལགས།

མི་ཡུལ་ས་མཐའ་ནས་ལྟས་པས

ཁྱོད་ཀྱི་གཟི་མདངས་མཐོང་བར་དཀའ་ཞིང་།

Tags: རེ་བ



2011.11.21 07:19:47
There are no translations available.

ཾདེ་རིང་གི་ནམ་དུས།

དེ་རིང་གི་ལྷོ་མཐའི་ནམ་དུས་ནི་

ཤ་གསེང་ནས་ཟུག་ལང་བའི་ཙག་རླུང་ལྡང་བའི་དུས་ཡིན།

དུས་བཞི་ཁོར་ཡུག་གི་འགྱུར་བ་ཆུང་བས།

དུས་བཞིའི་དབྱེ་རིས་གསལ་ཁ་མེད་།

འོན་ཀྱང་།ནམ་དུས་བྱ་ལས་རིམ་པས།





2011.10.14 02:47:03
There are no translations available.

ང་ཚོའི་བསམ་གཞིག་གི་བློ་ཁ་ནང་དུ་བཀུག་འཐབ་རྩོད་ཀྱི་རྣོ་ངར་ཕར་ཕྱོགས་ལ་གཏད་བཞིན་པའི་དུས་སྐབས་འདིར་སྨྱུག་ཐོགས་པ་དང་བསམ་གཞིག་པ་ཚོས་རྩོམ་འབྲི་དང་བསམ་པའི་ཁ་ཕྱོགས་ཡང་འཆར་ཡན་དང་རྒྱ་ཡན་དུ་མི་གཏང་བར་དམིགས་ཀྱིས་གཏད་སོ་རེ་དང་བབས་ས་རེ་འཚོལ་དགོས་པ་ནི་འགན་འཁྲི་ཞིག་ཏུ་འདོད།


Tags: རེ་བ



2011.10.02 01:39:46
There are no translations available.

༧གོང་ས་རྒྱལ་བའི་དབང་པོའི་ཐུགས་ཀྱི་དགོངས་ཤེལ་དངས་མ་ནས་།

རྣམ་གསལ་བོད་མའི་མཁའ་ལ་ཤར་བའི་འཇིག་རྟེན་སྐྱོང་བའི་ཁྲིམས་།

རྒྱུན་འཛིན་བཀའ་སྤྱི་ཟུང་གི་གཟུགས་རིས་གསལ་བར་རབ་བསྟན་པས།

ཐུན་མོང་ནུས་པ་གཅིག་སྤུངས་སྔོན་མེད་ནུས་པའི་ཁྱད་ཆོས་དགོས།།

 


Tags: རེ་བ



2011.09.11 12:26:24
There are no translations available.

ང་ཚོའི་མདུན་ལམ་ནི་མ་འོངས་པར་ཡིན་པས་དེ་རིང་ནས་སང་ཉིན་བལྟ་བ་དང་འདི་ལོ་ནས་མ་འོངས་པའི་ལོར་བལྟ་དགོས་པ་དང་དེ་བཞིན་མི་རབས་འདི་ནས་མི་རབས་ཕྱི་མའི་ལམ་ཁར་བལྟ་དགོས་པ་ནི་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་དང་། མི་ཡི་རིགས་ཀྱི་རྣམ་རིག་ལས་བྱུང་བའི་རིན་ཐང་ཞིག་ཀྱང་ཡིན་པར་བརྗོད་ཆོགམ་འོངས་པར་བལྟ་བ་ཞེས་པའི་ཁ་བྱང་འདི་འདྲ་ཞིག་གདམ་པ་ཡང་དོན་དུ་༧སྐུ་ཕྲེང་བཅོ་ལྔ་པའི་སྐོར་གླེང་རྒྱུ་ཡིན་མོད་ཐད་ཀར་དེ་འདྲ་བཞག་མི་སྤོབས་པ་འདྲ་འདུག།





2011.09.10 11:41:06
There are no translations available.

ཐུགས་སྲས་དང་ཡང་སྤྲུལ་ཅེས་གླེང་གཞི་འདི་གཉིས་ལས་ཐུགས་སྲས་ཞེས་པ་ནི་སློབ་དཔོན་དང་དགེ་རྒན་སུ་ཡིན་རུང་རང་གི་ནུས་པ་ཡོད་དོ་ཅོག་ལས་འཆད་བྱ་སློབ་ཁྲིད་ལས་བྱུང་བའི་རང་གིས་ཆ་འཇོག་དང་རང་ཉིད་ཀྱི་རྒྱུ་འཛིན་པར་དགོས་ཚེ་ངེས་པར་ཐུབ་པའི་ཡིད་ཆས་དང་བློས་འགེལ་སའི་གསུང་སྐྱེས་སློབ་བུ་ཞིག་ལ་ཐུགས་སྲས་ཟེར་ན་མི་ཆོག་པ་མེད་པ་འདྲ་རེད།ཡང་སྤྲུལ་ནི་སྤྱིར་ན་དཔལ་སྤྲུལ་རིན་པོ་ཆེས། སྐུ་སྐྱེ་བསྟན་དོན་དུ་ཕེབས་ན།




2011.09.09 14:01:53
There are no translations available.

ད་ལྟ་ནི་ཉིན་བྱེད་རྟ་བདུན་དབང་པོ་མཐར་གྱི་རི་བོའི་རྒྱབ་ཏུ་གབ་ནས་ནམ་མཁར་བྱ་དང་ས་ཁའི་འགྲོ་བ་མི་རྣམས་རང་རང་གི་གནས་མལ་ཁྱིམ་ཚང་དུ་ལོག་བཞིན་པའི་དུས་རེད་འངུག། ངས་ནི་ང་རང་གི་རང་ཤག་གྲུ་བཞི་མ་འདི་ནས་བསམ་གཞིག་གྱི་སྣེ་ནས་བྱུང་བའི་གནས་དོན་ཁ་ཤས་འབྲི་བཞིན་པའི་ལས་སུ་འབུངས་བཞིན་ཡོད། དེ་རིང་ནི་ལྔ་བརྒྱ་པ་ཕྲག་བཅུ་ཟེར་བའི་འགོ་བྱང་འདིའི་ཐོག་ནས་ངས་འབྲི་རྒྱུར་བརྩོན་བཞིན་ཡོད།





2011.09.06 08:06:50
There are no translations available.

ལས་དབང་རླུང་གིས་བདས་པའི་ཚུར་རོལ་ན།

ས་མཐའི་དམག་གིས་བཏུམ་པའི་སྲོད་དུས་འདིར།

སྒྲ་མེད་ཅ་ཅོ་དབེན་པའིi་ཟུར་ཁང་ནས་།

སྐྲ་ལོ་དཀར་བའི་ཨ་ཕ་ཁྱེད་ཉིད་འཆར།།





2011.09.05 05:53:17
There are no translations available.

ང་ཚོ་དོན་དམ་པའི་འཚེ་བ་མེད་པ་ཞིག་ཡིན་ནམ།

འགོ་བརྗོད་འདི་འདྲ་ཞིག་འོག་ནས་ངའི་དེ་རིང་གི་བསམ་ཚུལ་འགའ་ཤས་འདིར་བཀོད་རྒྱུ་ཡིན། དེ་རིང་ནི་ལྷོ་ཕྱོགས་མོན་གྷོ་ཕྱོགས་ནས་བཤད་ན་རེས་གཟའ་ཟླ་བ་ནི་བདུན་ཕྲག་གཅིག་གི་ནང་ནས་དུས་ཚོད་གལ་ཆེན་ཞིག་དང་འཁྲུགས་ཤོས་ཤིག་ཀྱང་ཡིན། དེ་ནི་རྒྱ་གར་ཡུལ་མི་ཚོར་མཚོན་ན་ཡང་ཚོང་བྲིན་ཤོས་ཤིག་དང་མི་ཚོགས་ཀྱང་དེ་རིང་གི་རེས་གཟའ་འདིར་ཙག་ཙིག་ཚོང་ཁང་དང་སྔོ་ཚལ་སོགས་ཚོད་མ་རིགས་དེ་བཞིན་བྱ་ཤ་ཉ་ཤ་སོགས་ཚོང་ལས་གཉེར་བ་དག་གི་ཉེ་འགྲམ་ན་ཡུལ་མི་དག་འཚང་ཀ་རེད།





2011.09.04 07:46:43
There are no translations available.

དྲང་མོ་བཀོད་ཡོད།

ངས་།ཨེ་ཁྱེད་བདེ་མོ་ཡིན་ག།

ཕས།ང་བདེ་མོ་ཡིན་།

འདི་ནས་ནང་ཚང་གི་བདེ་མིན་སྐོར་ཅུང་བཤད།

དེ་ནས་ཕས།ད་ཁྱིམ་གྱི་སྐོར་གེ་བཤད་ཡ་མེད།

དེང་སང་ཡིད་བཞིན་ནོར་བུ་སྐུ་ཁམས་དངས་མུས་རེད་ག།




2011.09.03 05:11:30
There are no translations available.

ཡུལ་ལུང་པད་མ་སྡེ་ཚོགས་ཀྱི།

ཡུལ་གྱི་བཀོད་པའི་མཛེས་རིས་དང་།

ལོ་རྒྱུས་ལྡན་པའི་རིགས་དངོས་སོགས།

སྟོར་རླག་ཕོག་པའི་སྐོར་ཚོགས་བཤད།

རིགས་རུས་ལོ་རྒྱུས་ཡུན་རིང་ལྡན་པའི་ཡུལ་པད་མ་སྡེ་ཚོགས་ཀྱི་སྐོར།དང་པོ་ཡུལ་འདི་ཡི་ཆགས་དབྱིབ་ལ་མཚོན་ལ་ཆེས་ཉམས་དགའ་བ་ཞིག་སྟེ།མཐོ་རིས་བློ་ཡིས་མཛེས་རིས་བཏབ་པ་བཞིན་མི་ཡུལ་འདིར།དེ་འདྲའི་ཆེས་མཐོང་དཀོན་པའི་ཚོད་དུ་ཡོད།


Tags: རེ་བ



2011.09.03 00:44:49
There are no translations available.

དབེན་པའི་གནས་སུ་སྡོད་ཀྱང་།

དབེན་གནས་དམ་ཆོས་མ་འགྲུབ།

ལོ་མང་སློབ་ལ་བརྩོན་ཀྱང་།

གདམས་ངག་གོ་བ་ལོག་ཐལ།།





2011.09.02 03:55:19
There are no translations available.

ཆད་དུས་མེད་པའི་ལྷོ་མཐའ་ཡི་ཆར་ཞོད།

དུས་སྐབས་མེད་པའི་འབབ་རྒྱུན་དེ་རིང་བས།

་ཡུལ་མི་འཚོ་བའི་སོ་ནམ་གྱི་དུས་ཡང་།

གོ་སྐབས་སྟོར་བས་རང་དབང་དེ་འཕྲོག་སོང་།།

Tags: རེ་བ



2011.09.01 00:18:25
There are no translations available.

༄༅།།མི་རིགས་ཤིག་གི་བླ་སྲོག་འཚོལ་ཕྱིར་མི་ཚེ་གང་པོར་སྤྱི་དོན་བསྒྲུབ།

ཆབ་སྲིད་ཞིག་གི་མགོ་བོ་འདེགས་ཕྱིར་བཀའ་ཡི་ཁྲི་པའི་ཅོད་པན་འཆང་།

བུ་རྒྱུད་ང་ཚོའི་འདུན་ལམ་བསམ་བཞིན་ལས་སུ་བབས་པའི་ཁུར་པོ་ལྕི།

བདེན་དོན་ལྷག་བསམ་ཡངས་བའི་མེས་པོ་དམ་པ་ཁྱེད་ལ་འདུད།།





2011.08.31 04:56:18
There are no translations available.

ཚན་པ་དང་པོ།སྔོན་བོད་ཀྱི་ཡུལ་ཞིག་ན་རང་བྱུང་ཁོར་ཡུག་གི་མཛེས་ལྗོངས་ལྟ་ན་སྡུག་པས་མི་ཚོས་གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་ཞེས་མིང་གིས་སྙན་པ་དེ་འདི་དག་ལ་བལྟས་ནས་སྨྲོས་ཡོད་པར་གླེང་བཞིན་འཆིས། ཡུལ་དེར་དུས་བཞི་མ་འདྲེས་ཡུལ་ཁམས་ཁོར་ཡུག་དང་ས་བབས་གནམ་གཤིས་སོགས་ཀྱི་འགྱུར་བ་རང་བྱུང་ཁོར་ཡུག་གིས་གསལ་བར་སྟོན།


Tags: རེ་བ



2011.08.29 03:57:17
There are no translations available.

ང་རང་བོད་ཀྱི་བང་ཆེན་དྲྭ་ཐོག་ཏུ་དགའ་སྤྲོ་དང་བཅས་ཏེ་བསླེབས་ཡོད། བཀུར་འོས་ཟིན་བྲིས་པ་དང་འབྲེལ་ཡོད་རྣམ་པས་ཡར་ཐོན་གྱི་སྐུལ་མ་དང་གང་ཅིའི་ཐད་ནས་རོགས་སྐྱོར་གནང་བར་ཞུ་ཞུ།


Tags: རེ་བ