西藏快报 ཟིན་བྲིས་རྣམས་ལ་གཟིཌ། གསེར་རྟ་བསོད་ནམས་ཕུན་ཚོགས ཟླ་ཡུལ་འཕྲིན་ལས་འོད་ཟེར་ལ་རྒྱང་འཕྲིན་ཟླ་ཆུའི་འགྱུར་ཁུག།

The Tibet Express

选择语种

བོད་ཡིག繁體中文English
  • 註冊
    *
    *
    *
    *
    *
    Fields marked with an asterisk (*) are required.
  • 搜尋
2012.02.04 07:20:40
ཟླ་ཡུལ་འཕྲིན་ལས་འོད་ཟེར་ལ་རྒྱང་འཕྲིན་ཟླ་ཆུའི་འགྱུར་ཁུག།
There are no translations available.

༄༅།།   ཟླ་ཡུལ་འཕྲིན་ལས་འོད་ཟེར་ལ་བྲིས་པའི་རྒྱང་འཕྲིན།

སྦྱང་བརྩོན་འབད་འབུངས་ཆེ་བའི་ང་ཡི་སྤུན་གྲོགས།། 

ཤེས་བྱའི་གཤོག་རྩལ་རྒྱས་པའི་ཟླ་ཡུལ་འཁྱམ་པོ།། 

གསེར་ལྗོངས་བླ་མ་རུང་གི་ཞིང་མཆོག་འདི་ལ།།

སྦྱང་བརྩོན་ལག་བྱང་དཀར་པོ་ཁུར་ནས་ཕེབས་ཤོག། ། 


 

  ཤིང་ལོ་རླུང་གི་ཁུར་སའི་ཕ་ས་འདི་ལ།། 

ཟླ་ཆུ་དར་གྱི་བཞུར་སའི་སྐྱེ་ལྷ་འདི་ལ།། 

ཤེས་རིགས་སྣ་མང་གསོན་པོའི་དྲོ་བ་མངར་མོ།།

  ལག་སྐྱེས་གསར་བའི་ཕུགས་བསམ་བསྣམ་ནས་ཕེབས་རོགས།། 

 ཟླ་ཡུལ་ཁམས་ཕྱོགས་འདི་ཡི་སྤུན་གྲོགས་དམར་མོ།།

  ཆོས་དང་འཇིག་རྟེན་གཉིས་ཀྱི་འདྲིས་ཡིན་རིང་བའི།། 

སྐྱིད་སྡུག་སེམས་ཀྱི་གླེང་རོགས་ཆོས་མཐུན་གྲོགས་ཁྱེད།། 

རེ་བསམ་འཚོལ་བསྙེག་གསར་བའི་ལང་ཚོ་དར་ཤོག།།

   དགའ་སྐྱོ་ཚོར་བའི་བཟི་སྐབས་གསེར་ལྡོམ་བུ་ངའི།།

  ལྷོ་ཕྱོགས་དོན་ལྡན་གླིང་ནས་སྙུག་རྩེར་ཕབ་སྟེ།། 

སེམས་ཀྱི་གཏིང་ན་བསྐོས་པའི་སྤུན་ཆུང་ལགས་ལ།། 

བརྩེ་བའི་འཕྲིན་པ་དཀར་པོ་ཁྱེད་ཕྱོགས་ཤོར་ཐལ།།

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དབལ་ཤུལ་འབྲོང་སྲས་སུ་

འབོད་བས་ལྷོ་ཕྱོགས་མ་ལ་ཡི་ནགས་ཀློང་ནས་ཙན་ཏན་དཀར་དམར་གྱི་

དྲི་བསུང་བར་མེད་འཐུལ་ས་མ་ཚད་གླང་ཆེན་དང་ཕག་རྒོད་ཀྱིས་རོལ་རྩེད་འགྲན་སའི་གནས་མཆོག་ཀོ་ལའི་གྷལ་ནས་བྲིས་སོ།།  ༢༠༡༡  ༣   ༡༦


Tags:


2012.02.04 02:13:38
ད་ཡིན་ན་གཞིས་བྱེད་གཉིས་ཀྱི་མདོ་ཁམས་དཔའ་བོ་དེ་ཚོ་ཇེ་ངར་དང་། ཇེ་རྒོད་རེད་འགི་་་་་་རྣམཔ་ཚོར་སྙིང་ཐག་པ་ནས་རྒྱབ་སྐྱོར་ཡོད།

 
2012.02.04 05:52:45
སྙན་ངག་མཁན་བསོད་ནམས་ཕུན་ཚོགས་ལགས་ཀྱིས་ངོ་སྙན་མོ་ཞིག་བྲིས་འདུག་ད་མུ་མཐུད་ནས་བྲི་རོགས་གནང་དང་།འབྲོང་སྲས་ལགས་།

 
2012.02.04 15:15:17
གླང་ཆེན་དང་ཕག་རྒོད་འཕག་ས་ནས་སྙན་ངག་ཡག་པོ་བྲིས་འདུག ཙན་དན་གྱི་དྲི་བཟང་དང་གང་ཤེས། དྲི་ངན་དེ་ཙམ་ཁ་ཡི་མ་རེད། ཧཧཧ། འབྲོང་སྲས་ལགས། ནམ་རྒྱུན་ནས་ཁྱོད་ཀྱིས་ཟིན་ཡིག་དག་དམིགས་བསལ་ཞིག་ཡོང་གིན་འདུག་པས། དེ་གཅིག་མཚུངས་ཡོང་ཐུབ་ན་དྲ་བའི་མཛེས་སྡུག་ལ་ཕན་ས་རེད་དྲན།