西藏快报 ཟིན་བྲིས་རྣམས་ལ་གཟིཌ། བྲག་གཡབ་ཆོས་གྲགས ཚོང་ཧྲི་མུའུ་ནིའི་ཏ་ལའི་བླ་མར་དྲི་བ་བཞིའི་དཔྱད་གཏམ།

The Tibet Express

选择语种

བོད་ཡིག繁體中文English
  • 註冊
    *
    *
    *
    *
    *
    Fields marked with an asterisk (*) are required.
  • 搜尋
2012.02.08 12:37:00
ཚོང་ཧྲི་མུའུ་ནིའི་ཏ་ལའི་བླ་མར་དྲི་བ་བཞིའི་དཔྱད་གཏམ།
There are no translations available.

ཁོའི་འགོ་བརྗོད་དུ་།'ཏ་ལའི་བླ་མ་ལོ་མཐོན་པོ་འགྲོ་བཞིན་ཡོད་ཚད་ཡོད་ཀྱི་མི་ཚེ་ནང་རྗེས་འཇུག་གི་ལས་ལ་མངགས་བཅོལ་བྱ་དགོས་རེད'།དེར་བརྟེན་ཏ་ལའི་བླ་མའི་ཡང་སྲིད་ཀྱི་གནས་ཚུལ་འདི་རྫོག་མཐའ་མེད་པའི་ཟེར་སྒྲོས་ཀྱི་ཁེངས་ནས་ཡོད'།ཡང་སྲིད་དགོས་མིན་དང་ཡང་སྲིད་གང་འདྲ་ཡོང་དགོས་མིན་གཉིས་ཕན་ཚུན་འགལ་ཟླའི་ཚུལ་གྱིས་ཡང་ནས་བསྐྱར་དུ་གནས་ཡོད


'།ཟེར་བ་ལྟར་ན།ཁོ་ཚོར་བརྗོད་རྒྱུ།ཏ་ལའི་བླ་མའི་དགུང་ལོ་མཐོན་པོ་སླེབ་པས་རྗེས་འཇུག་གི་ལས་ལ་མངགས་བཅོལ་དགོས་རེད་ཟེར་བ་ནི་བདེན་པ་རེད།ཁྱིམ་ཚང་ཆུང་ཆུང་ཞིག་གི་ཕ་རྒན་ཡིན་ཚེ་རང་གི་བུ་རྒྱུད་དང་རྗེས་འཇུག་ཚོ་མངགས་བཅོལ་དགོས་ཀྱིན་འདུག་པས།བོད་མི་ས་ཡ་དྲུག་གི་དོན་གྱི་ཡབ་ཆེན་ཁོང་ཉིད་ཀྱི་ཐུན་མོང་དང་ཐུན་མོང་པའི་འགྲོ་བ་སྤྱི་ཡི་ལས་དོན་དང་།གོ་ལ་འདིའི་མི་དམངས་ཀྱི་བདེ་སྡུག་ཐད་བླ་མེད་ཅིག་ཐུགས་ཁུར་གནང་བཞིན་ཡོད་པས་མངགས་བཅོལ་གྱི་ལས་བྱ་ནི་ལོས་ཡོད་བདེན་པ་རེད།ཁོ་བོས་'དེར་བརྟེན་ཏ་ལའི་བླ་མའི་ཡང་སྲིད་ཀྱི་གནས་ཚུལ་འདི་རྫོགས་མཐའ་མེད་པའི་ཟེར་སྒྲོས་ཀྱི་ཁེངས་ནས་སྡ་ཡོད'་ཟེར་བ་འདིའི་ཐད་བརྗོདརྒུར།ཁྱོད་ཚོ་གུང་ཁྲན་པའི་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་འདི་ལོག་ལམ་དུ་དེད་པ་ནས་བཟུང་ང་ཚོ་བོད་མི་རིགས་འདི་སྔར་ལས་བསམ་བློའི་འདུ་ཤེས་དེ་གཡོ་འཁྱོམ་ཞིག་དང་།ལྷག་པར་དུ་རྒྱལ་བ་ཡབ་སྲས་རྣམ་གཉིས་ཕན་ཚུན་ངོས་འཛིན་རེས་ཀྱི་ལམ་ལུགས་དེ་སྟོར་བཤིག་བཏང་བ་ནས་ང་ཚོ་ཕྱི་ནང་གི་བོད་རིགས་ཚང་མས།རྒྱལ་བའི་ཡང་སྲིད་ཐད་སྔར་བྱུང་མྱོང་བའི་མ་འདས་སྤྲུལ་སྐུ་ལམ་ལུགས་སམ།བླ་ཆེན་པོབ་གདམ་བཀོད་ལྟར་རམ།དེང་གི་རྒྱུན་གཏན་ལྟར་ལམ་ལུགས་འདི་དག་ནས་གང་གདམ་དགོས་མིན་ལབ་གླེང་མང་པོ་བྱུང་ཡོད།དེ་ཡང་རང་དབང་གིས་ལོངས་སུ་པའི་གནས་སྟངས་ཤིག་ལས་འཁོན་རྩོད་དང་ཕྱོགས་ཞེན་སོགས་གཏན་ནས་བྱུང་མེད་པས་ཁྱོད་ཚོ་བརྗོད་པ་ལྟར་ཁས་ལེན་མི་ཐུབwe are sory།ཡང་སྼིད་དགོས་མིན་དང་ཡང་སྲིད་གང་འདྲ་ཡོང་དགོས་མིན་གཉིས་ཕན་ཚུན་འགལ་ཟླའི་ཚུལ་གྱིས་ཡང་ནས་ཡང་དུ་གནས་ཡོད་ཟེར་བའི་ཐད་བརྗོད་རྒྱུ།ཡང་སྲིད་དགོས་མིན་ཐད་ཀྱི་གནས་ཚུལ་འདི་ནི་དེང་སང་གི་གནས་ཚུལ་གཅིག་པུ་མིན་པར།༧གོང་ས་མཆོག་ནས་༡༩༦༢ལོར་མི་མང་ཚོ་ལ་མ་འོངས་པར་ཁོང་གི་ཡང་སྼིད་དགོས་མིན་དང་དེ་ཡང་དུས་སྐབས་དང་སྟུན་ནས་འགྲོ་དགོས་པ་སོགས་བླང་བྱར་སྟོན་ཡོད་༡༩༩༧ལོར་ཡང་དེ་བཞིན་གསུངས་ཡོད་།འདིར་གསལ་པོ་བརྗོད་ན་ཆོས་སྲིད་གང་གི་ཐད་ནས་དུས་ཀྱི་འགྱུར་རིམ་ནང་མི་མང་གི་འགོ་གཙོ་དང་ཆོས་ལུགས་ཀྱི་རྒྱུན་འཛིན་ལམ་ལུགས་རྙིང་པ་རིགས་དགོས་མིན་ཐད་ཁོང་གི་དཀྱེལ་ཡང་བའི་ཐུགས་སྟོབས་ལས་འཁྲུངས་པའི་གནས་སྟངས་ཤིག་ཡིན་པས་ཁྱོད་ཚོ་དོན་མེད་ངལ་བ་མ་བཟོ།ཡང་སྲིད་གང་འདྲ་ཡོང་དགོས་མིན་བཤད་ཚེ་ཕྱོགས་ཙམ་ལྟས་ན་གོང་དང་འགལ་བ་ལྟ་བུར་ཡོད་ཀྱང་།དགེ་རྒན་ཆེན་མོ་ལགས་ཐུགས་ཞི་ལྷོད་མེད་པའི་སྐབས་ཤིག་ཏུ་ཡིན་ཤས་ཆེ་།ཞིབ་ཚག་པོ་གཟིགས་པ་དང་གསན་ན་དེ་གཉིས་གཅིག་གདམ་དགོས་པར་བཤད་བཞིན་ཡོད།གལ་ཏེ་དགོས་ན་གང་འདྲ་ཡོང་དགོས་མིན་ཐད་།དེ་ནི་ཁྱོད་ཚོས་པན་ཆེན་ཡང་སྤྲུལ་ངོ་མ་དེ་མི་མངོན་དབྱིངས་སུ་སྟིམ་དེ་མིན་མི་སྐམ་ཞིག་ལ་གཏམ་སྐམ་པོའི་མིང་ཞིག་སྦྱར་ནས་གཞིས་སྡོད་བོད་མི་རིགས་མགོ་བོ་བསླུ་ཐབས་བྱེད་བཞིན་པས་རྒྱུ་མཚན་གཙོ་བོ་དེ་ལ་ཐུག་པར་རེད།ཡིན་ནའང་དོན་དུ་ལམ་ལྷོང་མེད་པ་ནི་ད་ལྟའི་པན་ཆེན་བརྫུན་མ་ལ་གཟིགས་རོགས།ཡང་ཁོ་བོས'བཤད་མཁན་གྱིས་ནན་གཏན་བཤད་བསམ་ཡང་ཉན་མཁན་གྱིས་སྣང་བ་དེ་ཙམ་འཇོགས་མེད་ཅེས་དང་'དི་ནས་འགལ་རྐྱེན་འགར་རྒྱུད་རྗེས་གསལ་སྒྲགས་ཟེར་བ་ཞིག་བཟོས་ཡོད'ད་ཐེང་གསལ་བཤད་ཐུབ་ཡོད་དམ།མ་རེད་བཤད་ཀྱིན་བཤད་ཀྱིན་སྔར་ལས་རྙོག་འཛིང་ཆེ་རུ་སོང་ཡོད་པ་རེད་ཟེར་བ་ལྟར་ན'།བཤད་མཁན་གྱི་ནན་གཏན་བཤད་བསམ་ཡང་ཉན་མཁན་གྱིས་སྣང་བ་དེ་ཙམ་འཇོགས་མེད'ཟེར་བ་ནི་དགེ་རྒན་ཆེན་མོས་སྣང་བ་ལྡབ་ལྡིབ་ཀྱིས་གུང་ཁྲན་འགོ་བ་ཚོར་ཚོགས་འདུ་ལྟ་བུ་ཐུགས་ལ་ཤར་ནས་སམ།ཞ་དཔེ་ལྷམ་བཀབ་ཀྱི་དཔེ་ལྟར་གྱུར་པ་གདོན་མི་ཟ།གུང་ཁྲན་པའི་འགོ་པས་ནན་གཏན་བརྗོད་བསམ་རུང་ཉན་མཁན་ཚོས་སྣང་མེད་ཡོང་གིན་ཡོད་པ་ནི་གསལ་པོ་རེད།དེ་དཔེར་བྱས་ནས་བརྗོད་པ་ཡིན་ཚེ།ཁྱོད་ལ་བརྗོད་རྒྱུར་ཁོང་ནི་ང་ཚོའི་བོད་མི་ས་ཡ་དྲུག་གིས་དོན་གྱི་ཡབ་ཆེན་དེ་ཡིན་པས་ཅི་གསུང་བཀའ་བཞིན་དང་དུ་ལེན་བཞིན་ཡོད་པར་མ་ཟད།ཁོང་གི་ཕྱིར་རང་སྲོག་ཀྱང་གཏོང་བ་ཡ་ང་གཏན་ནས་བྱེད་ཀྱིན་མེད་དེ་ནི་ཁྱོད་ཚོ་གསལ་པོ་གཟིགས་ངེས་རེད།མ་ཟད་སྐད་ཆ་དེ་ཕྱི་ཚུལ་གྱི་རྣམ་པ་ཙམ་ལས་དོན་དུ་ཁྱེད་ཚོ་ཡང་༧གོང་ས་མཆོག་གི་གསུང་གཅིག་གིས་ནུས་པ་ཅི་ཙམ་ཐོན་ཡོང་བ་དང་འཇིགས་སྣང་ཡང་ཆེ་ཤོས་གནང་དགོས་ས་དེ་མ་ཡིན་ནམ།ད་ཐེང་གསལ་བཤད་ཐུབ་ཡོད་པ་རེད་དམ།མ་རེད་བཤད་ཀྱིན་བཤད་ཀྱིན་སྔར་ལས་རྙོག་འཛིང་ཆེ་རུ་སོང་ཡོད་པ་རེད་ཟེར་བ་ལྟར་ན་།ད་ཐེང་༧གོང་ས་མཆོག་ནས་མ་འོངས་ཡང་སྲིད་གདམ་དགོས་ཚེ་ངེས་པར་དུ་གདམ་གསེས་གནང་མཁན་ཚོས་ནས་གཞི་རྩའི་རྨང་གཞི་སྐྱེ་བ་སྔ་ཕྱི་ཁས་ལེན་དགོས་པ་དང་བླང་བྱ་མང་པོ་ཞིག་ཟིན་བྲིས་སུ་ཕབས་གནང་ཡོད།འདིས་ཤུགས་རྐྱེན་ནི་སྐྱེ་བ་སྔ་ཕྱི་དང་ནང་ཆོས་ཀྱི་གཞི་རྩ་ཁས་མ་བླང་མཁན་ཚོ་རང་བཞིན་གྱིས་ཕྱིར་འབུད་བཏང་ཡོད་ལ་།གལ་སྲིད་ལག་པ་ཞིག་འཆང་ཚེ་ཡང་རང་བཞིན་གྱིས་ནུས་མེད་དུ་སོང་ཟིན་པའི་འགག་རྩ་ཞིག་རེད།དེ་དག་གིས་གཞི་རྩ་དེ་དག་ཁས་བླང་པའི་རྒྱུ་མཚན་ཅི་ཡིན་ཞེ་ན་།ངས་ཁྱོད་ཚོར་བརྗོད་རྒྱུར་རྒ་ནག་གི་ཁྲེང་ཧྲེང་རི་བོར་ཤིང་ནགས་བཏུ་རྒྱུ་ཡོད་པ་ཁས་བླངས་ན་ཁྲེང་ཧྲེང་རི་བོ་ཁས་ལེན་དགོས་སམ་མི་དགོས་ཞེས་གདམ་བཀོད་ཀྱིས་དྲི་བ་ཞིག་ཕུལ་རྒྱུ་དེ་ཡིན་།ཁྲེང་ཧྲེང་རི་བོ་ཁས་མ་བླངས་པར་ཁྲེང་ཧྲེང་རི་བོ་ཤིང་ནགས་ལ་རྔམ་པ་ནི་ཡང་ན་སྙོན་ཧམ་ཅན་ནམ།ཡང་ན་རང་གྱིས་རིགས་འཚོ་མ་ཟིན་པ་ཞིག་ཏུ་ཁས་ལེན་རྒུ་ལས་གཞན་ཐབས་ཅི་ཡོད།དེ་བཞིན་ཁྱོད་ཚོས་ཡང་སྲིད་སྐོར་སྐད་ཆ་བཤད་ནས་གདམས་བཀོད་བྱས་དང་བྱེད་བཞིན་པ་ནི་སྤྱིའི་འཛམ་གླིང་མི་དམངས་ཀྱིས་ལྟ་སྟངས་དེ་འདྲ་ཞིག་རེད།དགོས་སུ་བོད་མིའི་ས་ཡ་དྲུག་ནི་སྣང་མེད་ཡིན་ཡིན་པ་རེད།

 

དྲི་བ་དང་པོ་ནང་གི་དྲི་ལན།

དྲི་བ་དང་པོ་ནང་ཁོ་བོས་རྗོད་དོན།ཁྱོད་ཀྱི་གསལ་སྒྲགས་ནང་'ས་ཕྱོགས་ག་པར་ཡང་སྼིད་སྐྱེས་མིན་དང་ཇི་ལྟར་ཡོང་མིན།གང་འདྲ་ངོས་འཛིན་བྱེད་མིན་སོགས་ནི་དོ་བདག་རང་ཉིད་ཀྱི་ཁོ་ནར་དབང་བའི་སྤྱི་མིན་གྱི་ལས་དང་སྨོན་ལམ་'རེད་ཟེར་བ་དང་ཅིའི་ཕྱིར་ཡང་ནས་སྐྱར་དུ་མ་འོངས་པར་ལྟ་ལའི་བླ་མའི་ཡང་སྼིད་རྒྱུན་འཛིན་དགོས་མིན་དད་ལྡན་མི་དམངས་ཀྱིས་ཐག་གཅོད་དགོས་ཀྱིན་རེད་'ཅེས་དང་ཡང་རྗེ་དགེ་མདུན་གྲུབ་པའི་དགུང་ལོ་ཚོད་ཙམ་ནས་ཡང་སྲིད་དགོས་མིན་དང་དགོས་ཚེ་ཆོས་རྒྱུད་ཁག་དང་འབྲེལ་ནས་ཐག་གཅོད་ཆོག་གསུངས་པ་ལ་འགོ་བོ་རྨོངས་ནས་ལྡབ་ལྡིབ་ཀྱིས་སྐད་ཆ་མང་པོ་ཐོན་འདུག་པས་གསལ་བཤད་ཕྲན་བུ་བྱས་ན་།' ས་ཕྱོགས་ག་པར་ཡང་སྲིད་སྐྱེས་མིན་དང་ཇི་ལྟར་སྐྱེས་མིན་གང་འདྲ་ངོས་འཛིན་བྱེད་མིན་སོགས་ནི་དོ་བདག་རང་ཉིད་ཁོ་ནར་དབང་བའི་སྤྱི་མིན་གྱི་ལས་དང་སྨོན་ལམ་རེད་(གསུང་ཚིག་ངོ་མ་འདི་སྒྲ་ཇི་བཞིན་མིན་)དོགས་པའི་ཐད་བརྗོད་རྒྱུ།གུང་ཁྲན་བཏང་ཡོན་ཞིག་དང་གུང་ཁྲན་པའི་ཚོགས་མི་ཞིག་དོ་སྣང་ཡོད་ཚེ་ངེས་པར་འགྲེལ་བཤད་གསལ་པོ་ཞིག་རྒྱག་དགོས་པ་ནི་ཁག་མེད།དེ་སྔའི་ཚང་མ་ལྷ་མེད་དང་འདྲེ་མེད་གཟུགས་མེད་ཀྱི་སྐྱེ་གནས་གཞན་མེད་།བྱོལ་སོང་དུད་འགྲོ་རིགས་ཕུད་།སྲོག་ལྡན་གང་ཟག་ཡིན་ཚེ་ཕལ་ཆེར་མི་ཡིན་དགོས་ཟེར་མཁན་གྱི་ལྟ་གྲུབ་སྨྲ་བ་ཡིན་པས་ན།དོན་དུ་༧གོང་ས་མཆོག་ནས་གསུངས་སྟངས་འདི་གཞི་རྩ་ནང་པའི་ལྟ་གྲུབ་དང་འདྲེར་ནས་གསུངས་པ་ཞིག་རེད་།མི་ཤི་ནས་སྐྱེ་བ་གང་འདྲ་ཞིག་ལེན་མིན་དང་།དེ་ཡང་བཟང་ངན་གང་ལེན་མིན་ད་ལྟ་ང་ཚོའི་ལས་བཟང་ངན་བསགས་ལུགས་ལ་རག་ལས་པར་བཤད་ཡོད་པ་དེ་རེད།དམིགས་བསལ༧གོང་ས་མཆོག་ལྟ་བུ་ནི་སེམས་པ་ཆེན་པོའི་སྐུ་སྐྱེ་འཁྲུལ་མེད་དང་དོན་དམ་དུ་ལག་ལེན་གྱིས་ཆ་ནས་ཀྱང་ར་འཕྲོད་བཞིན་པ་དེས་ན།ཁོང་ཉིད་གང་དུ་འཁྲུངས་མིན་དང་ཇི་ལྟར་འཁྲུངས་དགོས་མིན་སོགས་ནི་དོ་བདག་རང་ཉིད་ལ་བརྒྱ་ཆ་བརྒྱ་དབང་ཚད་ཡོད་ངེས་པ་དེ་རེད་དེ་ནི་གསལ་བཤད་ཙམ་ཡིན།'ཅིའི་པྱིར་ཡང་ནས་སྐྱར་དུ་མ་འོངས་པར་ལྟ་ལའི་བླ་མའི་ཡང་སྼིད་རྒྱུན་འཛིན་དགོས་མིན་དད་ལྡན་མི་དམངས་ཀྱིས་ཐག་གཅོད་དགོས་ཀྱིན་རེད་ཟེར་བའི་ཐད་རྗོད་རྒྱུ།ཅིའི་ཕྱིར་རྒྱ་ནག་མི་དམངས་ཀྱི་འགོ་ཁྲིད་མི་དམངས་ཀྱིས་ཐག་གཅོད་མི་འཇུག་པར་ལྐོག་ལྐོག་སུབ་སུབ་དབང་ཆ་གྲལ་རིམ་ནས་འཕོ་རེས་བྱ་དགོས་པ་རེད་ཟེར་ནས་ཕར་འདྲི་ན།ང་ཚོའི་ཏང་གི་ཡང་དག་པའི་ལམ་ལུགས་རེད་ཟེར་རམ།ཡང་ན་ང་ཚོའི་དེ་ལྟར་བྱས་ན་དཀའ་ངལ་ཞིག་འདུག་ཟེར་ནས་ལན་ཞིག་བྱིན་ངེས་པ་བཞིན།ཡང་ནས་སྐྱར་དུ་ཁོང་གི་གནས་བབས་སྐུ་སྐྱེ་རྒྱུན་འཛིན་དེ་སྤྱིར་འཛམ་གླིང་མི་དམངས་དང་དགོས་སུ་བོད་མི་ས་ཡ་དྲུག་དང་ལོ་རྒྱུས་ཡུན་རིང་ནས་འབྲེལ་བ་ཡོད་པར་སོང་།གདམ་བཀོད་དེ་ཡང་མི་དམངས་ལ་དབང་ཆ་སྤྲོད་དགོས་པ་ནི་ང་ཚོའི་ཡང་དག་པའི་ལམ་ལུགས་རེད་ལ།ལྐོག་ལྐོག་སུབ་སུབ་ནས་ཐག་བཅད་ན་སྤྱི་ཡི་ལམ་ལུགས་དང་འགལ་བའི་དཀའ་ངལ་ཞིག་ཡོད་ཞུ་རྒྱུ་དེ་ཡིན།'རྗེ་དགེ་མདུན་གྲུབ་པའི་དགུང་གྲངས་ཙམ་པེབས་དུས་ཐག་གཅོད་ཆོག་གསུང་པ་ནི་'གསེག་བཅད་རྡར་གསུམ་བྱས་ནས་མཐའ་མའི་ཐག་གཅོད་དེ་ཡིན་གསུངས་པ་རེད་ཞུ་རྒྱུ་ཞིག་ཡིན།

དྲི་བ་གཉིས་པ་ནང་གི་དྲི་ལན།

དྲི་བ་གཉིས་པའི་ནང་ཁོ་བོས་འདིྲ་དོན།ཡང་སྲིད་ཕྱོགས་གང་དུ་འབྱུང་དགོས་མིན་ཐད་'དེའི་ནང་གལ་ཆེ་ཤོས་ནི་སྐུ་གོང་མའི་འདའ་ཁའི་ཞལ་ཆེམ་དང་ལམ་སྟོན་།ཡང་ན་དམིགས་བསལ་གྱིས་རྟགས་མཚན་རེད་'ཅེས་དང་།འོན་ཀྱང་སླར་ཡང་'ཡང་སྼིད་འཚོལ་བ་དང་ངོས་འཛིན་བྱེད་པའི་ཐབས་ཤེས་ཀྱང་རིམ་གྱིས་མཐུས་ཚང་འགྲོ་བཞིན་ཡོད་'ཅེས་གསལ་བཤད་བྱེད་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ(འདིར་༧གོང་ས་མཆོག་ནས་འདི་ལྟར་གསུངས་འདུག་སྟེ་'ཡང་སྲིད་ངོས་འཛིན་བྱེད་སྲོལ་དར་རྗེས་དེའི་ཐབས་ལམ་ཡང་རིམ་བཞིན་གོང་འཕེལ་གྱིས་སྲོལ་རྒྱུན་དུ་འཇགས་པ་རྣམ་ཀྱི་ནང་ནས་གཙོ་ཆེ་ཤོས་ནི་གོང་མའི་འདའ་ཁའི་ཞལ་གདམས་དང་ལམ་སྟོན་ནམ་བརྡ་མཚོན་བསྟན་པ་དེ་རེད་)(ཅེས་གསུངས་འདུག་པས་དྲི་བ་བཏང་པ་པོས་ཀྱང་འདི་ལ་བསམ་པ་མིན་ནམ)འདིའི་ཐད་དྲི་བ་འདོན་པ་པོ་ཤེས་དགོས་རྒྱུ་ཞིག་ལ་བླ་མའི་ཡང་སྼིད་ངོས་འཛིན་དར་ལུགས་དང་ཡང་སྲིད་འཚོལ་སྐབས་རྒྲུ་མཚན་ག་རེ་གལ་འགང་ཆེ་ལུགས་གསུངས་པ་ནི་།བོད་རྒྱུད་སྤྲུལ་སྐུ་ལམ་ལུགས་བྱུང་བ་ནས་སྤྱིར་སྟངས་ནས་འགྲོ་ལུགས་ཤིག་གསུངས་པས་གསལ་བཤད་དེ་གོ་བ་ལོག་འགྲེལ་བྱ་མི་ཉན།གསལ་བཤད་དེ་ནི་ངེས་པར་དུ་དགོས་ངེས་རེད།མ་ཟད་ཡང་སྲིད་ངོས་འཛིན་ཚུལ་ཐད་བླ་མ་རང་ཉིད་ཀྱིས་ཉམས་རྟོགས་ནས་ཚུར་སྐུ་སྐྱེ་གང་གི་ཡིན་མིན་སྔོན་གནས་རྗེས་དྲན་གསལ་བར་གསུངས་པ་དང་ཡང་ན་སྐུ་གོང་མའི་ཕྱག་ཆས་སོགས་ངོས་འཛིན་འཁྲུལ་མེད་བྱས་པ་སོགས་ལམ་ལུགས་རིམ་དར་བྱུང་ཞིང་།དེ་དག་ལས་སྟབས་བདེ་ཤོས་ནི་འདའ་ཁ་ཞལ་ཆེམས་ལས་ས་འདི་དང་གནས་འདི་འདྲ་རིགས་ས་རྟགས་དང་རི་རྟགས་ཅན་ཡོད་པ་དེ་འདྲ་གསུངས་པ་དང་།སྔོན་གནས་རྗེས་དྲན་སོགས་ནི་ལས་སླ་ཤོས་དང་སྟབས་བདེ་ཤོས་ཡིན་ཙང་དེ་ལྟར་གསུངས་པ་རེད།ཡང་དྲི་བར་'ལྷ་མོ་བླ་མཚོར་ལྟ་ཞིབ་སོགས་ཡང་སྲིད་འཚོལ་བའི་གོ་རིམ་དེ་དག་ཏ་ལས་ཅི་ཡང་མེད་པའི་(དེ་དག་ཕུད་)ཅེས་པ་ནང་བསྡུས་ཟིན་ཡང་།སོ་སོའི་ཁྲིམས་མཐུན་རང་བཞིན་ཡོང་ཕྱིར་སྐྱར་དུ་'ཚང་མས་ཤེས་གསལ་ལྟར་ང་ནི་ལྷ་མོ་བླ་མཚོའི་རྟགས་སོགས་ལ་བརྟེན་ནས་རྩེད་གཅོད་པ་རེད་'ཟེར་བ་ལྟར་ན་ཁོ་བོས་དྲི་བ་གཉིས་པ་དེ་ནང་དོན་ཚན་གསུམ་སྒྲིག་འདུག་སྟེ་་༡དང་པོ་དེ་ངོས་འཛིན་པའི་རྟགས་ནི་གལ་ཆེ་བར་འདའ་ཁ་ཞལ་གདམས་དང་རྟགས་མཚན་རེད་གསུངས་པ་དེ་དང་༢རྩེད་གཅོད་པའི་གོ་རིམ་རྣམ་འཐུ་ཚང་དུ་སོང་བའི་སྤྱིར་བཤད་དེ་དེ་ཚུར་སྤུུང་པ་དང་༣ལྷ་མོ་བླ་མཚོ་སོགས་རྟགས་དཔྱད་ལུགས་སྲོལ་དེ་དག་གཡུག་འདུག་ཟེར་བ་སོགས་དོན་ཚན་གསུམ་པོ་དེ་ཨུ་ཚུག་བྱས་ནས་སྒྲིག་སྟེ།མཐར་སྐྱོན་འདོགས་ཀྱིས་གྲུབ་འབྲས་གང་སྟོན་འདོད་པ་རེད་ཟེར་ན་་'ཕར་ལྟས་ཚོད་ལ་གནས་ཚུལ་དེར་ཁྱོད་ཀྱིས་གང་བྱུང་མང་བྱུང་བྱེད་འདོད་པ་འདྲའང་།དེ་འགྲིག་གིན་མ་རེད་ཟེར་'བའི་ཚིག་དེ་སྟོན་པ་རེད།དེའི་སྐོར་བརྗོད་འདོད་པ་ནི་དངོས་གནས་རང་དགེ་རྒན་ཆེན་མོ་བ་ཞིག་ཡིན་རིན་ཆོག་འདུག།རྒྱུ་མཚན (རང་ནོར་མེད་ན)རང་བཞིན་གྱིས་དྲང་ཚུག་ཀྱང་དེ་ནས་མངོན་བཞིན་འདུག་ལ།ཡང་ན་མངོན་བཞིན་པ་ནི་རང་གི་རྩོམ་ཡིག་ཞིག་དང་རིན་ཐང་ཅན་གྱི་ལེགས་བཤད་དག་ཀྱང་གོ་དོན་བླངས་སྟངས་མངོན་བཞིན་འདུགཧཧདེ་བས་ནན་ཆེར་བརྗོད་དགོས་པ་ནི་འགོ་རྔ་གང་དུ་ཡང་གང་བྱུང་མང་བྱུང་བྱས་སྡད་པ་ནི་གུང་ཁྲན་གྱི་འགོ་བ་མའོ་ནས་དེང་ཧུ་བར་གང་བྱུང་མང་བྱས་ནས་འཁྲབ་པས་ད་ལྟའི་རྒྱལ་སྤྱི་ནང་ལག་དམར་བའི་གྲལ་དུ་འཚང་སྡད་ཡོད་པ་འདི་རེད་།

དྲི་བ་གསུམ་པའི་ནང་གི་དྲིས་ལན།

ཁོ་བོས།'གསེར་བུམ་དཀྲུག་པའི་ལམ་ལུགས་དེ་ནི་མན་ཇུ་དང་ཆིང་རྒྱལ་རབས་ཀྱི་དབང་ཤུགས་དང་དྲག་ཤུགས་མཚོན་པ་ཙམ་ལས་བོད་མིས་དད་མདུན་བྱེད་པའི་ཆོས་ལུགས་ཀྱི་ལམ་ལུགས་ཤིག་མ་རེད་ཟེར་བ་'ཅེས་དང་།ཡང་ཁོས་'དོན་དངོས་ནི་ཆིང་རྒྱལ་རབས་ནས་འགོ་བཙུག་ནས་གསེར་བུམ་བཀྲུག་སྟེ་ཏ་ལ་དང་པན་ཆེན་ངོས་འཛིན་བྱས་ནས་ད་བར་དར་སྲོལ་ཆགས་ཡོད'་ཟེར་བ་ལྟར་ན།ཐོག་མར་ངེས་དགོས་པ་ནི༧གོང་ས་མཆོག་ནས་གསེར་བུམ་དཀྲུག་ནས་ཡང་སྤྲུལ་ངོས་འཛིན་པའི་ལམ་ལུགས་དེ།ཆིང་རྒྱལ་རབས་ཀྱི་རྒྱལ་པོའི་དབང་ཤུགས་ལས་བྱུང་བ་ལས་།ཐུན་མོངས་མིན་པའི་བོད་སྲོལ་རྒྱུན་ལས་བྱུང་བའི་མངོན་འདོད་ཀྱི་ལམ་ལུགས་ཤིག་མིན་པར།ཡང་སྤྲུལ་སྐོར་གྱི་བཀའ་ཡིག་གིས་བསྟན་ཡོད།དེའི་དགོངས་དོན་ལྟར་ངས་ཁྱོད་ཚོར་བརྗོད་རྒྱུ།ཆིང་རྒྱལ་ཤུན་ཙེའི་༡༦༤༤ལོར་རྒྱལ་ཁྲི་བཟུང་བ་ནས་༡༩༡༡ལོ་བར་ཆིང་རྒྱལ་རབས་ཀྱི་ལམ་ལུགས་གནས་པའི་ཡུན་ཚད་རེད།ཆིང་རྒྱལ་རབས་འགོ་ཚུགས་པ་ནས་མ་ཞིག་བར་ལོ༢༦༧བྱུང་ཡོད།ལོ་རབས་དེའི་ནང་ནས་ཤུན་ཙེས་རྒྱལ་སྲིད་བཟུང་ནས་ལོ་༡༤་རྗེས་༡༦༥༨ལོར་༧གོང་ས་ལྔ་པ་ཆེན་པོས་བོད་ཁྲི་སྐོར་བཅུ་གསུམ་གྱི་རྒྱལ་ཁྲིམས་སྲིད་དབང་འགན་འཛིན་་གནང་བའི་དུས་ཚོདརེད།དེ་ནས་༧གོང་ས་སྐུ་ཕྲེང་བཅུ་གསུམ་པས་སྲིད་དབང་འགན་འཛིན་༡༨༩༥ནས་བཟུང་ཏེ་་༡༩༡༡ལོ་བར་ལོ་༡༦་རྗེས་ནས་ཆིང་རྒྱལ་རབས་ཉམ་ཆགས་སུ་སོང་བའི་དུས་རེད།ལོ་རབས་དེ་དག་ཏུ་༧གོང་ས་ལྔ་པ་ནས་བཅུ་གསུམ་པའི་བར་གསེར་བུམ་དཀྲུག་ནས་གདམ་བཀོད་བྱས་པ་ག་ཚོད་བྱུང་ཡོད་ཟེར་ན།སྐུ་ཕྲེང་༡༡པ་མཁས་གྲུབ་རྒྱ་མཚོ་དགོངས་པ་གཞན་དོན་དུ་གཤེགས་ནས།དེའི་བར་བོད་ཀྱི་སྲིད་སྐྱོང་ར་སྒྲེང་ཨ་ཆི་ཐ་ཧོ་ཐོག་ཐུ་མཆོག་ནས།སྐུ་ཕྲེང་༡༡པའི་ཡང་སྤྲུལ་འཚོལ་ཕྱིར་བོད་གཞུང་གི་མངའ་འོག་བོད་ཁྲི་སྐོར་བཅུ་གསུམ་ཁྱོན་ཡོངས་ལ།ཐམས་ཅད་མཁྱེན་པ་མཁས་གྲུབ་རྒྱ་མཚོའི་ཡང་སྤྲུལ་འོས་བབས་ཀྱི་མཚན་ལྟས་བཟང་རིགས་ཇི་སྙེད་ཡོད་པ་རྣམས་ཀྱི་མཚན་བྱང་བསྡུ་རུབ་བྱ་དགོས་པའི་བཀའ་ཁྱབ་བཀྲམ།དེ་ནས་བྱུང་རིམ་བཞིན་བླ་ལྷའི་ལུང་བསྟན་དང་རྟགས་མཚན་སོགས་ཀྱིས་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྤྲུལ་དུ་ཚང་མའི་བློར་བབས་པ་ནི་ཐམས་ཅད་མཁྱེན་པ་འཕྲིན་ལས་རྒྱ་མཚོ་ཆུང་སྲིད་རིན་པོ་ཆེ་འདི་ཉིད་ལ་ཐུག།ཧོ་ཐོག་ཐུ་སྡེ་སྲིད་རང་ངོས་ནས་སམ་།བོད་གཞུང་སྡེ་སྲིད་ནས་གསེར་བུམ་དཀྲུག་འདོན་གྱི་འཆར་གཞི་འདིང་ནས་ཡང་སྲིད་འཚོལ་སྒྲུབ་བྱས་པ་འདི་གཅིག་པུ་རེད།སྐུ་ཕྲེང་བཅུ་པ་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་རྒྱ་མཚོ།སྐུ་ཕྲེང་དགུ་པའི་ཡང་སྤྲུལ་དུ་ཐག་ཆོད་ནས་ཁྲི་འདོན་རེན་གྲབས་མཚམས་སུ།ཆིང་གོང་མས་བོད་སྡོད་ཨམ་བན་བརྒྱུད།ཡང་སྤྲུལ་འོས་བབས་རྣམས་བསྡུ་རུབ་བྱས་ནས་གསེར་བུམ་ལམ་ནས་འདོན་སྒུག་བྱས་ན་དགེ་མཚན་ཆེ་ལུགས་ཀྱི་ཕྱག་ཡིག་འབྱོར་བས།སྔར་ནས་དོགས་གནས་ཡོད་བའི་ཁམས་ཕྱོགས་ཀྱི་ཕྲུ་གུ་གཉིས་གསེར་བུམ་འདོན་སྒྲུག་གི་ཁོངས་མིར་བཅུག་ནས་གསེར་བུམ་སྐྲུག་འདོན་བྱ་དགོས་པའི་གནས་ཚུལ་བྱུང་འདུག།(ཆིང་གོང་མར་བོད་གཞུང་སྡེ་སྲིད་རིམ་པར་བཀུར་བཟོ་ཆེན་པོ་བྱ་དགོས་པའི་གནད་དོན་ཕྲན་བུ་འོག་ཏུ་འཆད་པར་འདོད)དེ་བཞིན་དགོད་བྲོ་བ་ཞིག་ལ།སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་སྐབས་སྔོན་གནས་རྗེས་དྲན་དང་བླ་ལྷའི་ལུང་བསྟན་སོགས་ཀྱིས་ངོས་འཛིན་མ་བྱས་མཐུ་མེད་དུ་བྱུང་ནས་སྐུ་ཕྲེང་བཅུ་གཅིག་པར་ཐག་ཆོད་རུང་།གཞན་ངོ་སྟབས་སྟུན་ལྟ་བུར་ཁོང་གཅིག་པུར་གསེར་བུམ་ལམ་ནས་འདོན་སྒྲུག་བྱ་སྐབས།ཡུམ་ལ་འདོན་སྒྲུག་པས་ཁོང་ཐོན་སོང་ཞུས་འདུག་པས།གཅུ་གཅིག་པར་ཆུང་སྲིད་འདིས་ང་མ་ཏོག་གཞན་ཐོན་མཁན་མེད་པ་ཞེས།སྐུ་ན་ཤིན་ཏུ་ཕྲ་ན་ཡང་དམ་པའི་རང་རྟགས་ཀྱིས་གཞན་དགའ་བར་བྱ་བའི་དགོད་བྲོ་བའི་གསུང་གནང་བ་སོགས་ཀྱི་ལོ་རྒྱུས་རྣལ་མ་འདུག།སྐུ་ཕྲེང་ལྔ་པ་པན་ཆེན་བློ་བཟང་ཆོས་རྒན་ནས་ཟན་རིལ་སྒྲིལ་ནས་ཐུག་ཐག་བཅད་འདུག་པ་དང་།དེ་ནས་སྐུ་ཕྲེང་དྲུག་པ་ནས་དགུ་པ་བར་ཚང་མས་དམ་པའི་དན་རྟགས་དང་སྔོན་གནས་རྗེས་དྲན་སོགས་ཀྱིས་ང་སྐུ་གོང་མ་དེ་དང་དེ་ཡིན་གསུངས་པ་སོགས་ལས།ས་རིས་ཐང་གསལ་ལྟར་གྱུར་ནས་སྐུ་གོང་མའི་གསེར་ཁྲིར་བཀོད་འདུག།རྒྱལ་མཆོག་བཅུ་གསུམ་པ་བཅུ་བཞི་པ་མཆོག་གཉིས་ནི་ལྷ་མོ་མཚོ་གཟིགས་སོགས་ལས་ངོས་འཛིན་གནང་ཡོད།དེས་ན་༧གོང་ས་མཆོག་གིས་ཀྱང་ཁོང་གི་སྐུ་སྐྱེ་ན་རིམ་ངོས་འཛིན་ཚུལ་ལ་སྤྱ་མངའ་བའི་ཐོག་ནས་གསེར་བུམ་སྐྲུག་འདོན་ནི་བོད་མིའི་རང་དབང་གིས་མངོན་འདོད་མིན་གསུངས་པ་ནི་འདི་ལྟར་རེད་།

ཡང་ཁོས་'དེས་དབུས་སྲིད་གཞུང་གིས་བོད་ཀྱི་གལ་ཆེའི་ཆོས་ལུགས་ཀྱི་གནད་དོན་དོ་དམ་སྐོར་གྱི་བདག་དབང་རྒྱུན་འཐུད་བྱས་ཡོད་པ་དང་།ཆོས་ལུགས་ཐོག་ནས་ཇོ་བོ་ཤཀྱ་མུའི་འདུ་ཁྲིམས་ཀྱིས་ཐག་བཅད་དགོས་པར་མངོན་ཡོད'ཟེར་བ་ལྟར་ན།ངས་དེ་ཐོག་མར་བརྗོད་རྒྱུ་ལོ་རྒྱུས་ཡིག་ཚག་ཁུངས་ལྡན་ནས་ལྟས་ཚེ།དབུས་སྲིད་གཞུང་དང་།ས་གནས་སྲིད་གཞུང་ཟེར་བའི་ལོ་རབས་ཀྱི་རྒན་པོ་ཞིག་ཡོད་མ་མྱོང་བ་རེད།(དེའི་སྐོར་ཕྲན་བུ་འོག་ཏུ་འཆད་པར་འདོད)དོན་དུ་གསེར་བུམ་དཀྲུག་པའི་ལམ་ལུགས་འདི་བོད་མི་ཐུན་མོངས་མིན་པའི་ལུགས་སྲོལ་མིན་ལ།བོད་མི་ས་ཡ་དྲུག་རྒྱ་ཆེའི་མང་ཚོགས་ཀྱིས་དེ་བས་ཀྱང་ཁས་ལེན་མྱོང་མེད།ད་ལྟའི་ཆོས་མེད་རིང་ལུགས་པས་གོ་ཐོབ་ཆེ་བའི་བོད་ཀྱི་བླ་སྤྲུལ་ཁག་གདམ་བཀོད་གསེར་བུམ་དཀྲུག་ལམ་ལུགས་འདི་ནི།ཆེས་ཁས་ལེན་མི་སྲིད་དེ་།པན་ཆེན་བརྫུན་མ་ལམ་ལུགས་འདིས་ཁྱོད་ཚོས་གདམ་བཀོད་བྱས་པས།དེའི་སྐབས་ཀྱི་འདེམ་སྒྲུག་དེ་ལམ་ལུགས་འདི་ནས་གསར་སྒྲགས་བྱས་པའི་(རྒྱལ་མཚན་ནོར་བུ་ཐོན་ཞག་ཟེར་བའི་)སྐད་སྒྲ་དེ་འུག་པའི་རྣ་བར་བྱ་རོག་གི་སྐད་སྒྲ་ཐོས་པ་ལྟར་གྱུར་ཡོད།མི་སྲིད་རྟ་ཡི་ར་ཅོ་བཞིན་ཆིང་དུས་རབས་སུ་ཡང་བོད་མིས་ལམ་ལུགས་འདི་སྟབས་སྟུན་ཙམ་ལས་མངོན་འདོད་ཀྱི་ལམ་ལུགས་ཤིག་ཏུ་མ་གྱུར་ཞིང་།རྒྱ་ནག་མི་དམངས་སྲིད་གཞུང་ཚུག་ཡོད་ཟེར་བ་སྲིད་དབང་འཕོ་འགྱུར་ཕྱིན་ནས་གུང་ཁྲན་པས།བོད་ཀྱི་ཆོས་ལུགས་ཀྱི་གནད་དོན་དོན་དམ་པའི་བདག་དབང་རྒྱུན་འཐུད་བྱས་ཡོད་ཟེར་བའི།རྒྱན་འཐུད་གང་འདྲ་བྱས་པ་རེད།དེ་བཙན་དབང་གིས་བོད་མི་འཆིང་བྱེད་དང་ཆོས་ལུགས་སྟོར་གཤིག་གི་དོན་དམ་པའི་བདག་དབང་རྒྱུན་འཐུད་བྱས་པ་རེད།ཤ་གཟན་སྤུ་ལ་མི་ལྟ་ཤ་ལ་ལྟ་ཟེར་བའི་དཔེ་བཞིན།ཆོས་ཀྱི་ཐོག་ནས་ཇོ་བོ་ཤཀྻ་མུ་ནའི་འདུ་ཁྲིམས་ཐག་བཅད་དགོས་པར་མངོན་པ་མ་ཡིན་པར།ཆོས་དོན་ཁ་ལ་འཁྱེར་ནས་ཇོ་བོ་ཤཀྱ་མུ་ནའི་འདུ་ཁྲིམས་རྩ་རླགས་བཏང་དགོས་པ་དེ་མངོན་པ་མ་ཡིན་ནམ

ཡང་ཁོས།'དེས་བཀག་རྒ་མང་པོ་བརྒལ་ནས་མི་སྒེར་གྱི་ཚོང་བསྒྱུར་དང་གཡོ་སྒྱུས་ངན་སྤྱོད་མང་པོ་བཀག་ཐུབ་སྟེ།རྒ་ཆེའི་བོད་རྒྱུད་ནང་བསྟན་གྱི་དད་ལྡན་པ་རྣམས་དད་པ་དང་ཡིད་ཆེས་ཐོབ་ཡོད་པ་རེད'ཟེར་བ་ལྟར་ན།ཁོས་དེ་ནང་གསེར་བུམ་དཀྲུག་པའི་ལམ་ལུགས་འདི་མི་སྒེར་གྱི་གཡོ་སྒུ་དང་སྤྱོད་ངན་འགོག་ཐུབ་པར་ཡིན་རབ་བཅོ་བརྒྱད་བཤད་ནས་༧གོང་ས་མཆོག་ནས་ལམ་ལུགས་འདི་རྩིས་མེད་དུ་བཏང་ནས་སྒེར་གྱིས་གང་བྱུང་མང་བྱུང་བྱེད་འདོད་པ་དེ་སྒྲུབ་ཀྱིན་ཡོད།དེའི་ཐད་རྗོད་རྒྱུ་བོད་རང་གི་ཐུན་མོངས་མིན་པའི་འདེམ་སྒྲུག་གི་ལས་བྱ་དུ་མ་ཡོད་ལ་།ཁྱད་པར་དུ་གོ་ཐོབ་ཆེ་བའི་བླ་སྤྲུལ་སོགས་དེ་བཞིན་ཐ་ན་དགོན་པ་གྲ་ཚང་དབུ་མཛད་ཡན་ཆད་ཐག་མ་ཆོད་པའི་སྐབས།བླ་མ་ལྷ་སྲུང་དྲུང་དུ་ཟན་རིལ་སྒྲིལ་གྱིན་ཡོད།དེས་ཁྱོད་ཀྱིས་བཤད་པའི་སྐྱོན་དང་དགེ་མཚན་ཚང་མ་དབྱེ་བསལ་ཐུབ་པ་ནི་གཅིག་མཚུང་ཡིན་ལ།ལམ་ལུགས་དེ་བོད་ཀྱི་ཐུན་མིན་ཀྱི་ལམ་ལུགས་ཡིན།དགོས་སུ་གསེར་བུམ་དཀྲུག་པའི་ལམ་ལུགས་འདི་བཤད་དགོས་རྒྱུ་གཙོ་བ་མིན།དེའི་རྒྱབ་ཏུ་ཁྱོད་ཚོས་ངན་སྤྱོད་མང་པོ་འཁྲིད་ཡོང་བ་དེ་བཤད་བྱ་གཙོ་བོ་ཡིན་།དེས་ན་སྐྱོན་སེལ་གེགས་འདོན་ནང་དུ་རྒྱལ་བ་ཡབ་སྲས་ངོས་འཛིན་བྱས་པའི་ལམ་ལུགས་དེ་ཡང་ཁྱོད་ཚོས་འགྲོ་ལམ་ན་བཀག་རྡོ་ཆེན་པོ་ཞིག་ཡིན་པས་དེ་ནང་དུ་བསྡུས་སོང་བ་མིན་ནམ།བོད་རྒྱ་ཆེའི་མང་ཚོགས་ཀྱིས་དད་པ་ཐོབ་ཡོད་ཟེར་བ་ནི་གཞི་མེད་ཀྱི་སྒྲོ་འདོག་པ་ཞིག་རེད།དེང་རྟག་ཏུ་བརྗོད་བཞིན་པའི་བོད་རྒྱ་ཆེའི་མང་ཚོགས་ཕྱུག་སྐྱོད་བདེ་སྐྱིད་དང་ལྡན་པར་ཡོད་ཟེར་བ་བརྗོད་བཞིན་པ་དང་གཅིག་མཚུང་རེད།ཐ་མ་དེ་༧གོང་ས་མཆོག་ལ་སངས་རྒྱས་སྐུ་རྟེན་དྲུང་དུ་གསེར་བུམ་སྐྱུག་པ་སོགས་ལ་འཇིགས་སྣང་དགོས་དོན་ཅི་ཡིན་ནམ་ཟེར་བ་།གཞི་མེད་ཀྱི་དྲི་བ་ཞི་རེད་།གཞི་མེད་ནི་གཞི་མེད་རང་རེད་དེ་ལ་དག་སེལ་ཅི་དགོས་།འོན་ཀྱང་ལྡོག་ཕྱོགས་ནས་བཤད་ན་མི་ངན་པ་ཞིག་གི་ལག་ན་རལ་གྲི་ཞིག་ཟིན་ཡོད་ན།བེད་སྤྱོད་ལོག་པ་བཏང་བའི་དོགས་ཟོན་བྱེད་ནས་གཡོལ་སྲིད་པ་རེད་།མི་བཟང་པོ་ཞིག་གི་ལག་ཏུ་རལ་གྲི་ཟིན་ནས་སྡད་ན་ཁོས་གྲི་ལ་རྟགས་པའམ།བྱ་བ་གཞན་ཞིག་གི་ཆེད་ཡིན་སྲིད་སྙམ་ནས་མི་གཞན་འཇིགས་པ་མི་སླང་བཞིན་རེད།དོན་དུ་ལམ་ལུགས་དེ་དག་ཁྱོད་ཚོས་བེད་སྤྱོད་ལོག་པར་སྤྱད་པས་ལན་ཁག་ཚང་མ་ཁྱོད་ཚོའི་མགོ་ཐོག་ན་བབས་བཞིན་ཡོད་རེད་།




2012.02.08 05:50:39

བླ་མ་ཆོས་གྲགས་ལགས་སེམས་ཤུགས་ཆེན་པོ་འདུག་པས་ཤུགས་རྒྱོབ་ཤོག་ཨ་་།

 
2012.02.08 05:51:47
རྗེས་ནས་དྲི་བ་གཉིས་མཇུག་སྐྱོང་རྒྱུ་ཡིན།

 
2012.02.08 06:07:59
ད་སྐུ་ངོ་གངས་ལྷ་ཁྱེད་ཀྱི་ལོ་ཙཱ་བ་བྱས་ཏེ་རྒྱ་ནག་རྩོམ་པོ་ཚོང་ཧྲི་མུའི་ནིའི་ཀླད་རྒྱ་གཏིང་ནས་དཀྲུགས་རྒྱུ་རེད་་ཡ་།
་དངོས་གནས་ཡག་པོ་འདུག་ལགས།