Tibet Express

Select Language

བོད་ཡིག繁體中文English

ལས་འཆར་ཁག

ལས་འཆར་ཁག

E-mail Print PDF
There are no translations available.

ལོ་འདིའི་ནང་པར་སྐྲུན་བྱེད་འཆར་གྱི་དེབ་གཉིས།

༡༽ རྒྱ་ནག་ཏུ་བཞུགས་པའི་བོད་རིགས་བུད་མེད་རྩོམ་པ་པོ་གྲགས་ཆེན་འོད་ཟེར་གྱིས་བྲིས་པའི་རིག་གནས་གསར་བརྗེའི་སྐོར་རྒྱ་ཡིག་ཐོག་བྲིས་པའི་དཔེ་དེབ་གལ་ཆེན་གཉིས་ཡོད་པའི་ནང་ནས་༼རིག་གནས་གསར་བརྗེ།༽ཞེས་པ་ཨ་རིའི་དོན་ཁང་གི་ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བོད་བསྒྱུར་ཞུས་ཟིན་པས་ལོ་འདིའི་ནང་པར་སྐྲུན་བྱེད་རྒྱུ་ཡིན།
༢༽ རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་བོད་དོན་སྐོར་དཔྱད་བརྗོད་སྤེལ་བ་ཁག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དང་གཏམ་གླེང་ཞལ་པར་གྱི་གཙོ་སྐྱོང་བ་ཚེ་བརྟན་སྒྲོལ་དཀར་ལགས་ཀྱིས་བོད་བསྒྱུར་བྱས་པ་ལོ་འདིའི་ནང་པར་སྐྲུན་བྱེད་རྒྱུ་གཏན་འཁེལ་ཡོད། ད་དུང་མུ་མཐུད་གལ་ཆེ་བའི་ལོ་རྒྱུས་ཀྱི་དཔེ་དེབ་དང་ཞིབ་འཇུག་བྱས་པའི་དཔེ་དེབ་གང་མང་རྩོམ་སྒྲིག་པར་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད།

བགྲོ་གླེང་གོ་སྒྲིག

འདས་པའི་ལོ་བདུན་ཙམ་གྱི་བརྒྱུད་རིམ་ནང་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གསར་འཛུགས་བྱས་པའི་དུས་ཚིགས་དང་སྟབས་བསྟུན་བཙན་བྱོལ་ཁྲོད་ཀྱི་ཤེས་ཡོན་དང་ཉམས་མྱོང་ཅན་གང་མང་ཞིག་གདན་ཞུས་ཀྱིས། རིག་གནས་སྤྱི་དང་བྱེ་བྲག་གསར་འགྱུར་བརྒྱུད་ལམ་ནས་ལས་དོན་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་ཚོགས་འདུ་རེ་ཟུང་ཞིག་གོ་སྒྲིག་ཞུས་ཐུབ་པ་བྱུང་ཡོད་པ་དང༌། མ་འོངས་པར་བགྲོ་གླེང་ཚོགས་འདུ་གང་མང་གོ་སྒྲིག་ཞུ་རྒྱུའི་འཆར་གཞི་ཡོད།

ཟབ་སྦྱོང་གོ་སྒྲིག

བཙན་བྱོལ་ཁྲོད་ཀྱི་བོད་པའི་གསར་འགོད་པ་རྣམས་ལ་གསར་འགོད་ལས་རིགས་ཡར་རྒྱས་གཏོང་ཕྱོགས་སྐོར་ཉིན་གསུམ་རིང་གི་ཟབ་སྦྱོང་ཞིག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གསར་འཛུགས་བྱས་ནས་ལོ་བཞི་འཁོར་བའི་དུས་ཚོད་དང་སྟབས་བསྟུན་ནས་ཕུལ་ཡོད་པ་དང༌། མ་འོངས་པར་དེ་མཚུངས་བརྗོད་གཞི་འདྲ་མིན་གྱི་ཐོག་ནས་ཟབ་སྦྱོང་གོ་སྒྲིག་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན།

ཁོར་ཡུག་དང་འབྲེལ་བའི་ལས་འགུལ།


བོད་ནང་དུ་སྟག་གཟིག་སྲམ་གསུམ་གྱི་པགས་རིགས་གོས་རྒྱན་བག་མེད་རྒྱས་སྤྲོས་ཧ་ཅང་དར་ཁྱབ་ཆེན་པོར་ཕྱིན་ཡོད་པ་དང༌། གནད་དོན་དེ་ལ་བརྟེན་ནས་འཛམ་གླིང་ཁྱོན་ཡོངས་ནས་བོད་ལ་རྣམ་འགྱུར་དང་ལྟ་སྟངས་ཧ་ཅང་སྡུག་ཏུ་འགྲོ་བཞིན་པར་བརྟེན། བག་མེད་རྒྱས་སྤྲོས་དེ་དག་མཚམས་འཇོག་ཡོང་ཆེད་ཕྱི་ལོ་༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་མཆོད་རྟེན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཟབ་མོ་དང་སྟབས་བསྟུན་ནས་འདྲ་པར་འགྲེམས་སྟོན་དང༌། གློག་བརྙན་གཟིགས་འབུལ། ཡིག་ཆ་ཁྱབ་སྤེལ་སོགས་ཤུགས་ཆེ་བྱས་ཡོད་ལ། དེའི་རྗེས་སུ་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་དང་བལ་ཡུལ་ཁུལ་དུའང་དེ་མཚུངས་བཞིན་ལས་འགུལ་སྤེལ་ཡོད། གཞན་ཡང་བོད་པའི་སྤྱི་ཚོགས་དང་རིག་གནས་ལ་ཕན་ཐོགས་ཡོད་པ་དང༌། འདི་ག་སྲི་ཞུ་ཁང་གི་འཇོན་ནུས་ལ་དཔག་པའི་རིགས་གང་ཐུབ་ཅི་ནུས་ཀྱིས་ཧུར་བརྩོན་བྱ་རྒྱུའི་འཆར་གཞི་དང་ཆོད་སེམས་བརྟན་པོ་ཡོད།།
 

Translate 52

English Afrikaans Albanian Arabic Belarusian Bulgarian Catalan Chinese (Simplified) Chinese (Traditional) Croatian Czech Danish Dutch Estonian Filipino Finnish French Galician German Greek Hebrew Hindi Hungarian Icelandic Indonesian Irish Italian Japanese Korean Latvian Lithuanian Macedonian Malay Maltese Norwegian Persian Polish Portuguese Romanian Russian Serbian Slovak Slovenian Spanish Swahili Swedish Thai Turkish Ukrainian Vietnamese Welsh Yiddish

Currency

Convert   into