The Tibet Express Blogs བཟོད་པ་ལྷ་རྩེ་

The Tibet Express

Select Language

བོད་ཡིག繁體中文English
  • Create an account
    *
    *
    *
    *
    *
    Fields marked with an asterisk (*) are required.
  • Search

བཟོད་པ་ལྷ་རྩེ་


2012.02.18 22:14:37
There are no translations available.

བལ་ཡུལ་ཀོ་པཎ་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་དུ་བོད་དགེ་ཞིག་དང་དབྱིན་དགེ་ཞིག   བལ་སྐད་དགེ་རྒན་གཅིག་བཅས་དགེ་རྒན་གསུམ་གྱི་ས་མིག་སྟོང་པ་ཡོད་པས་སྙན་ཞུ་འབུལ་འདོད་ཡོད་མཁན་རྣམས་ནས་གཤམ་གསལ་ལྟར་ཤེས་ཚད་ལྡན་དགོས།།


Tags:



2011.12.09 22:06:45
There are no translations available.

ཟླ་འདིའི་ཚེས་ ༨ ཉིན་བོད་ཀྱི་དུས་བབ་དྲ་ཚིགས་སུ་ས་བྱི་ལོའི་བརྙན་ཕབ་གསར་པ་བཞེས་པའི་གསར་འགྱུར་ཁ་བྱང་ཐོག་སེམས་ཁམས་ལ་ན་ཟུག་སྦྱིན་པའི་བརྙན་ཕབ་དེ་བལྟས་པ་ཡིན། བརྙན་ཕབ་དེ་ཐོག་མར་ཕྱི་བསྒྲགས་བཙན་བྱོལ་སྒྲིགས་འཛུགས་ཀྱི་དྲ་རྒྱ་ཐོག་སྤེལ་བ་དང་དེ་ནས་རིམ་པས་བོད་ཡིག་དྲ་གནས་ཁག་ཏུ་འགྲེམ་སྤེལ་གནང་བ་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། འོན་ཀྱང་བོད་ནང་བོད་མའི་དཀའ་སྡུག་དང་ལྷག་པར་བརྙན་པར་སྐྱྱོན་ནས་ཕྱི་ཕྱོགས་རེ་འདོད་ཆེན་པོ་ཞིག་བཅངས་ཏེ་བློས་གཏོང་ཆེན་པོ་ཞིག་བྱས་ནས་ང་ཚོར་བརྙན་པར་རྩལ་ཆེན་དེ་དྲ་ཞིག་རེག་ཀྱང་། ང་ཚོའི་བེད་སྤྱོད་གཏོང་ཕྱོགས་ལ་དཔྱད་ཞིབ་ཞིག་བྱས་པ་ཡིན་ན།  ང་ཚོའི་ཕྱོགས་མང་པོ་ཞིག་ལ་ཀུན་སློང་ལ་ལྷད་མེད་པ་ཡིན་ནའང་བྱ་ཕྱོགས་མང་པོ་ཧེ་རྒྱུགས་ཚ་དྲགས་པ་དང་། བོད་ནང་གི་བོད་མིའི་དཀའ་སྤྱད་ལ་སྣང་མེད་ལྷོད་དབྱིངས་བཏང་པ་འདྲ་པོའི་གནས་ཚུལ་གཅིག་འཇུག་གཉིས་འཐུད་ནས་ཐོན་དང་དོན་བཞིན་པར་བཙན་བྱོལ་བོད་མིའི་ཡོངས་ནས་ཐུགས་གནང་ཕྲན་ཙམ་གནང་རོགས་ཞེས་ཞུ་འདོད་བྱུང། ད་རེས་ཀྱིས་བརྙན་པར་དེ་ཡང་འཛམ་གླིང་ནང་ཁྱབ་ཚད་ཆེ་བའི་གསར་འགྱུར་ཁང་ཞིག་ནས་ཁྱབ་སྤེལ་བྱ་མ་ཐུབ་པ་ཡང་ཆེས་བློ་ཕམ་ཞིག་དང་། གཞི་ལུས་མི་མང་གི་རེ་བ་ཆུར་བསྐྱུར་བ་རང་ཞིག་མ་རེད་དམ།





2011.10.12 10:03:00
There are no translations available.

མྱེ་ལྕེའི་རལ་བ་བསིགས་ཤུལ།

མྱེ་ལྕེ་འཕུར་གྱིན་འདུགབསང་མྱེ

གསུར་མྱེ་གང་ཡང་མ་ཡིན་པའི་མྱེ་ལྕེ་ལེབ་མོ


Tags:



2011.09.26 23:39:42
There are no translations available.

ཟབ་སྦྱོང་ཚད་ལྡན་ཞིག་སྤྲོད་རོགས་ཞེས་པའི་ཁ་བྱང་འདི་མཐོང་བ་དང་ན་གཞོན་བསྐོར་ཞིག་ལ་ཚོགས་པ་ཆེ་གོ་མོ་ཞིག་གི་ཟབ་སྦྱོང་ཞིག་སྤྲོད་ཀྱི་ཡོད་པའི་འཚོ་བ་ཞིག་སྦྱིན་ངེས།  འོན་ཀྱང་ད་ལྟ་ཕྲན་གྱི་གླེང་གཞི་ནི་དེ་ལྟར་མ་ཡིན་པར་བཙན་བྱོལ་ནང་གི་ཆེ་མཐོའི་དབུ་འཁྲིད་བཀའ་བློན་རྣམས་པར་ཚད་མཐོའི་ཟབ་སྦྱོང་ཞིག་ངེས་པར་དགོས་པ་མཐོང་། དེ་ཡང་ཁ་སྔོན་བཀའ་ཤག་སྐབས་བཞི་པའི་མ་འོངས་ལས་འཆར་འགའ་གྲོས་ཚོགས་སུ་སྙན་སྒྲོན་ཡིག་ཆ་མཇལ་ཀློག་ཞུ་སྐབས་ཐུགས་སྣང་དང་ལ་རྒྱ་ཅན་གྱི་མི་སྣ་མང་པོ་ཞིག་གི་སེམས་ལ་ཆུ་འཁྱགས་ཤོས་པ་ལྟར་ཁུམ་ཁུམ་དུ་གནས་བཞིན།





2011.06.28 19:20:55
There are no translations available.

 

གཞན་དོན་ལ་དགའ་བའི་ང་ཚོ། 

ང་ཚོ་ནི་གཞན་དོན་ལ་དགའ་བའི་རིགས་ཤིག་རེད།  གཞན་ལ་ཕན་འདོགས་པའི་སེམས་ནི་མིའི་རིགས་ལ་ལྷན་སྐྱེས་སུ་ཡོད་པ་ཞིག་ཡིན་ལ།  བོད་མི་རིགས་ནི་ཐེག་པ་ཆེན་པོ་གཞན་དོན་ལ་དགའ་བའི་རིགས་ཡིན་པས་ཀྱང་རེད།   དེར་བརྟེན་ལོ་རྒྱུས་ཚང་མའི་ནང་དུ་ཐེག་ཆེན་གྱི་རིགས་ཤ་སྟག་ཡིན་པའ་སྐོར་མང་པོ་གསུངས་ཡོད།




2011.06.25 08:53:57
There are no translations available.

ང་ཚོ་ནི་གཞན་ལུགས་ལ་དགའ་བའི་མི་རིགས་ཤིག་རེད། འཛམ་གླིང་ཧྲིལ་པོར་བལྟས་ན། ཕྱི་བཟང་ནང་སྤྱོད་དང་གནའ་བཟང་དེང་སྤྱོད་ཀྱི་དཔེ་ལྟར་ལག་ལེན་གྱི་ད་ལྟ་རྒྱལ་ཁབ་ཉིས་བརྒྱ་ལྷག་འདི་བྱུང་བ་རེད། འདི་རྣམས་ཀྱི་ལོ་རྒྱུས་ཡར་དེད་ན་ལོ་བརྒྱའི་གོང་ན་དེ་ཚོ་ཡོད་པ་མ་རེད། ཁོ་ཚོས་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཞིག་རེད། ང་ཚོས་རང་གི་ལེགས་ཆ་རྒྱུན་འཛིན་དང་གཞན་གྱི་ལེགས་ཆ་ནང་འདྲེན་བྱ་རྒྱུ་ནི་ཡ་རབས་བྱ་སྤྱོད་དང་། འཚོ་གནས་ཀྱི་དགོས་མཁོ་དང་། དུས་རབས་ཀྱི་འཕེལ་ཕྱོགས་ཡིན་པ་ཤོད་མི་དགོས་པ་ཞིག་ཡིན་པས། མིའི་རིགས་དར་རྒྱས་འདོད་པ་ཚང་མའི་བདམས་ང་ཡིན་ལ། ང་ཚོས་མུ་འཐུད་དེ་ལྟར་བདམས་ཀ་བྱེད་དགོས་པ་ནི་ཕ་མེས་ཚོའི་གོམས་གཤིས་ཀྱང་རེད།



2011.06.19 10:54:22
There are no translations available.

དངོས་ཡོད་ལས་ལྷ་སྒྲུང་ལ་དགའ་བའི་ང་ཚོ། ང་ཚོ་ནི་ལྷ་སྒྲུང་ལ་དགའ། འདི་ནི་གདོད་མའི་མི་རིགས་ཀྱི་ཁྱད་ཆོས་ཤིག་ཡིན་པས་ང་ཚོ་ཅིས་མི་དགའ། གདོད་མའི་དུས་སུ་མི་རྣམས་ཤེས་རབ་མ་སྨིན་པ་དང་། ཅུང་ཟད་སྨིན་ལ་རང་བྱུང་ཁམས་ལ་ཕར་རྒོལ་མི་ནུས་པར་ཚུར་ཟིལ་གྱིས་མནན་པར་བརྟེན། རང་བྱུང་ཁམས་ཐམས་ཅད་སེམས་ལྡན་ནམ་ལྷ་འདྲེའི་རང་བཞིན་ཡིན་པའི་འདུ་ཤེས་ཡོད་མྱོང་ལ། དེའི་དཔང་པོར་རང་རེའི་ལོ་རྒྱུས་ནང་སྲིད་པའི་ལྷ་རབས་ཞེས་པ་འདི་བྱུང་། ང་ཚོ་ནི་རི་བོའི་ཁྲོད་དུ་གནས་པའི་མི་རིགས་ཤིག་ཡིན་པས་རི་ཡི་ལྷ་ལ་གཙོ་བོར་དད་པའི་ལུགས་བྱུང་ཞིང་། ཕྱིས་སུ་ཆོས་ལུགས་ཀྱི་དད་མོས་དང་འདྲེས་ནས་ད་བར་གནས་ཡོད།





2011.06.10 09:27:00
There are no translations available.

ང་མཚོ་ནི་རྣམ་དཔྱོད་དང་དགག་སྒྲུབ་ལ་ཧ་ཅང་དགའ། དེ་ནི་མིའི་རིགས་རྣམས་ཀྱི་གསར་བཏོད་དང་ཡར་སྤེལ་གྱིས་དུས་རབས་ཀྱི་འགྲོས་དང་མཐུན་པར་གོང་འཕེལ་དང་འཐུས་ཚང་དུ་འགྲོ་བའི་རྩ་བའི་སྒུལ་ཤུགས་སམ། ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་ཁ་གཏད་གཅོག་པའི་སྟོབས་ཤུགས་དངོས་ཡིན་པས་རེད།





2011.06.09 01:47:26
There are no translations available.

ང་ཚོ་ནི་རང་སྐད་བོར་ནས་གཞན་སྐད་སྤྱོད་རྒྱུར་དགའ་བའམ་ཨ་གསར་ཆེ་བའི་མི་རིགས་ཤིག་རེད། མི་རིགས་ཕན་ཚུན་འདྲིས་གཤིབ་དང་། འབྲེལ་གཏུག་ལ་བརྟེན་ནས་གཞན་གྱི་སྐད་ཆ་དང་། ཡིག་གེ་བེད་སྤྱོད་བྱ་རྒྱུ་ནི་གལ་ཆེའི་དགོས་མཁོ་ཡིན་པ་བཤད་མི་དགོས། འོན་ཀྱང་དགོས་པ་གང་ཡང་མེད་པར་གཞན་གྱི་སྐད་ཆ་རང་ཁྲོད་དུ་བེད་སྤྱོད་བྱེད་པ་འདི་ནི་ཐབས་རྡུག་རེད།





2011.06.05 00:04:07
There are no translations available.

ང་ཚོ་ནི་རྟོགས་སད་ལ་དགའ། ང་ཚོའི་སློབ་ཆེན་པ་མང་པོ་དང་གྲྭ་བ་མང་པོ་རྟོགས་སད་པ་བྱེད་རྒྱུར་ཤིན་ཏུ་དགའ། དེ་ནི་ང་ཚོ་ལ་དེང་རབས་ཅན་གྱི་ཤེས་ཡོན་གོ་སྐབས་ཐོབ་པའི་འབྲས་བུ་ལོས་ཡིན། རང་སྐྱོན་མཐོང་ཞིང་གཞན་དགེ་རྟོགས་ནས་རྨོངས་གཉིད་ལས་སད་པའི་རང་རྟགས་ཡིན་ལ། ང་ཚོ་ཚང་མ་རྨོངས་ཤེས་ལས་གྲོལ་བ་དང་ཤེས་ལྡན་པར་འགྱུར་མི་འདོད་མཁན་སུ་ཡོད། སློབ་གསོའི་ལས་ཀའི་དམིགས་ཡུལ་ཡང་དེ་ཡིན།འདི་ནི་མི་རིགས་ཤིག་གི་འཚོ་གནས་ཐད་ལ་དགའ་འོས་པའི་གྲུབ་འབྲས་ཡིན། ཁོང་ཚོས་མི་རིགས་འདི་ཡི་འཚོ་གནས་ཀྱི་ཆེད་དུ་ཤི་བར་ཕོད་པ་དང་། ཡོད་ཚད་བློས་གཏོང་ཕོད་པ་དང་། གང་ལ་ཡང་གདོང་ལེན་ཕོད་པ་དང་། བདེན་དོན་ཆེད་དུ་སྲོག་གཏོང་ཕོད་པ་སོགས་ཕོད་པ་འབུམ་གྱི་ང་རོ་མང་པོ་བསྒྲགས་ཟིན་པ་འདི་ནི་ཉམ་དག་གི་མི་རིགས་འདིའི་ངོས་ནས་དགའ་འོས་པ་ཞིག་རེད།





2011.05.26 13:20:57
There are no translations available.


Tibetan_and_china
བོད་རྒྱ་མི་རིགས་གཉིས་ཀྱི་བར་ལ་ཕན་ཚུན་སེམས་འཁུར་དང་གོ་ཤེས་འཆམ་མཐུན་མཉམ་གནས་ཡང་དག་པ་ཞིག་ཡོངས་ཐུབ་བམ་ཞེས་ངའི་སེམས་ནང་རྟག་ཏུ་འདྲི་བ་འདི་འདྲ་འཁོར་བཞིན་དེ་ལ་ལན་འདེབས་མེད་པར་མི་གསུམ་བཅུ་ལྷག་འགའ་སོང་།

Tags:



2011.05.23 13:05:53
There are no translations available.

༄༅། །ཚན་རྩལ་རིག་པ་སྦྱངས་པ་ལེགས་མོད་ཀྱང་།
སྲོལ་རྒྱུན་བདག་མེད་ལུས་ན་ཤིན་ཏུ་ཕངས།
སྣ་མང་སྐད་ཡིག་ཤེས་པ་བྱ་དགོས་ཀྱང་།
རང་གི་ཕ་སྐད་མ་ཤེས་ལྐུགས་པ་ཡིན།

Tags:



2011.05.22 09:45:00
There are no translations available.

བོད་ཀྱི་མི་མང་གཞི་བྱེས་གཉིས་སུ་གྱར་ནས་མི་ལོ་ལྔ་བཅུ་འགོར།

བོད་དང་བོད་མིར་རྒྱུ་ནོར་དམར་པོ་རྒྱ་ཡིས་བདག་ཏུ་བཟུང་བའི་དུས།

བོད་མིར་ལས་དབང་ནག་པོ་ཞིག་གིས་སྦྱིན་པའི་རྨ་ཁ་གསོ་བྱེད་སྨན།

བོད་ཀྱི་བང་ཆེན་ཞིག་གིས་འཛམ་གླིང་བསྐོར་ནས་སྐྱེས་སུ་འབྱིན།