[ཞབས་བྲོ་ཁང་གི་ཀ་རྩོམ།]
རེད་ལགས་འདི་ནི་དུས་རབས་གསར་པའི་ཞབས་བྲོ་ཁང༌།།
སྣ་ལྔའི་ཚོན་མདངས་བཀྲ་བ་འདི་ཀོ་དེང་རབས་གློག།
ཡིན་ལགས་བདག་ནི་གངས་རིའི་ཡུལ་གྱི་ཕོ་གསར་ཏེ།།
ངས་ནི་དེང་རབས་ཞབས་བྲོ་འཁྲབ་སྟངས་གང་ཡིན་ཤེས།།
|
|
|
|
|
|
2009.04.15
19:57:21
|
|||
|
There are no translations available. [ཞབས་བྲོ་ཁང་གི་ཀ་རྩོམ།] རེད་ལགས་འདི་ནི་དུས་རབས་གསར་པའི་ཞབས་བྲོ་ཁང༌།། སྣ་ལྔའི་ཚོན་མདངས་བཀྲ་བ་འདི་ཀོ་དེང་རབས་གློག། ཡིན་ལགས་བདག་ནི་གངས་རིའི་ཡུལ་གྱི་ཕོ་གསར་ཏེ།། ངས་ནི་དེང་རབས་ཞབས་བྲོ་འཁྲབ་སྟངས་གང་ཡིན་ཤེས།།
|
|||
|
2009.04.15
19:51:07
|
|||
|
There are no translations available. ཀ་རྩོམ་བྲིས་ནས་ཡོང་སྒོ་མེད་ན་ཡང༎ ཁ་བ་རི་བའི་རྩོམ་རིག་རྒྱུན་སྐྱོང་ཆེད༎ ག་དུས་ཡིན་ནའང་དྲ་ཚིགས་འདི་ཡི་ནང༌༎ ང་ཚོ་ཀ་རྩོམ་འབྲི་འོ་དྲ་གྲོགས་ཚོ༎
|
|||
|
2009.04.10
20:33:55
|
|||
|
There are no translations available. ཁ་རྩངས་དགུང་མོར་དྷ་རམ་ས་ནས་ཡོང༌།། ད་ནངས་ཞོགས་པར་མ་ཇུག་ཊི་ལར་སླེབས།། སང་ཉིན་ཉིན་གུང་ལྷོ་ཕྱོགས་འགྲོ་དགོས་ཀྱང༌།། དེ་རིང་འདི་ན་མི་འདུག་ཀ་མེད་རེད།།
|
|||
|
2009.04.10
20:32:45
|
|||
|
There are no translations available. འཕགས་པ་བྷུ་ཤི་ལ་ཕྱག་འཚལ་ལོ།།
ཛམྦུ་ནཱ་དའི་ལྷོ་གླིང་ཡངས་པོའི་ཁྱོན།། ཀུན་གྱིས་དག་པ་ལྷ་ཡུལ་བརྩི་བའི་ཞིང༌།། ཌོ་ལའི་དངོས་གྲུབ་ཆར་ལྟར་འབབ་པའི་གཏེར།། ནུབ་ཕྱོགས་ཨ་རིའི་ཞིང་དུ་ཐར་བར་ཤོག།
|
|||
|
2009.04.06
20:28:58
|
|||
|
There are no translations available. རེད་ལགས་འདི་ནི་ཆོས་སྡེ་ཆེན་པོའི་བསྟི་གནས་ཏེ།། ཀྲོང་ངེར་འགྱིངས་པའི་ཁང་བཟང་འདི་ཀོ་གནྡྷོ་ལ།། ཡིན་ལགས་བདག་ནི་ཆོས་སྡེ་ཆེན་པོའི་གྲྭ་གཟུགས་སྟེ།། ངས་ནི་དེང་གི་ཆོས་འབག་སྣ་ཚོགས་གོན་སྟངས་ཤེས།།
|
|||
|
2009.04.03
11:36:42
|
|||
|
There are no translations available. ཀ་རྩོམ་ཚིགས་བཅད་གཅིག་ཙམ་མི་ཤེས༎ ཁ་ནས་གཞན་ལ་རྫིག་རྫིག་བཤད་མཁན༎ ག་དུས་ཡིན་ན་སྦོ་ཤོབ་ཚ་བའི༎ ང་ཚོའི་དྲ་གྲོགས་འདི་ཚོ་ཤ་ཚ༎
|
|||
|
2009.03.27
18:50:10
|
|||
|
There are no translations available. ཀ་རེ་ཀོ་རེ་དུས་ཚོད་སྐྱེལ་མཁས་མ།། ཁ་ནས་གང་བྱུང་མང་བྱུང་བཤད་མཁས་མ།། ག་ས་ག་ལ་ཕུ་དཀྲུགས་འདབས་དཀྲུགས་མ།། ང་ནི་ཁྱོད་ལ་ཞེན་པ་གཏིང་ནས་ལོག།།
|
|||
|
2009.03.22
20:03:18
|
|||
|
There are no translations available. ཕན་བདེའི་ཟླ་བ་གངས་རིའི་རྩེ་ནས་འཚར༎ དཀར་གསལ་འོད་སྣང་འཛམ་གླིང་ཁྱོན་ལ་བརྡལ༎ བྱམས་བརྩེའི་དཀྱིལ་འཁོར་ནམ་མཁའི་དབྱིངས་ནས་རྫོགས༎ མུན་སེལ་འོད་ཐིགས་ནམ་ཡང་སིལ་གྱུར་ཅིག།
|
|||
|
2009.03.20
19:52:41
|
|||
|
There are no translations available. (རྩོམ་མདོ་ཁམས་ཧོར་ཐང་ཆེན་མོ་རྩོམ་པ་པོ་དང་རྩོམ་ཆོས་ཀྱི་ངོ་སྤྲོད་མདོར་བསྡུས)
བེ་རི་འཇིགས་མེད་དབང་རྒྱལ། སེམས་མཐའ་མཁའ་ལ་ཟུག་པའི་ཚོར་སྙེགས་ཀློང༌།། ས་མཐའ་རིག་པས་བསྐོར་བའི་བརྗེད་ཐོ་རིས།། མུ་མཐའ་མེད་པའི་གནམ་སའི་བར་སྲུབས་ནས།། ཟད་མཐའ་བྲལ་བའི་ལྟད་མོའི་སྣང་བརྙན་སྐྲུན།།
|
|||
|
2009.03.20
11:03:36
|
|||
|
There are no translations available. རྩོམ་པ་པོ་ཧོར་གཙང་འཇིགས་མེད་ཀྱི་ངོ་སྤྲོད་མཚམས་སྦྱོར་སྙིང་བསྡུས། བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།
གཡུ་ལོས་མཛེས་པའི་གཙུག་ལག་ནགས་ཀླུང་ན།། སྒྱུ་རྩལ་དྲུག་འགྱུར་སྙན་པོའི་འགྱུ་བག་གིས།། ཀུན་དགའི་དབྱར་གྱི་དུས་སྟོན་འགུགས་པ་ལ།། དཔྱིད་ཀྱི་ཕོ་ཉའི་རིན་ཐང་གླེང་པ་རིགས།།
|
|||
|
2009.03.19
22:45:05
|
|||
|
There are no translations available. བེ་རི་འཇིགས་མེད།༡ སྔར་འགྱུར་རྙིང་མའི་བྱུང་རིམ་སྤྱི་བཤད། རང་རེ་ཁ་བ་གངས་ཅན་ལྗོངས་འདིར་བཙན་པོ་ཉེར་བདུན་པའི་བར་དུ་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་མ་དར་ཞིང༌། བོད་ཀྱི་བཙན་པོ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་ལི་ཡུལ་གྱི་དགེ་ཚུལ་གྱིས་མདོ་སྡེ་ཟ་མ་ཏོག །སྤང་སྐོང་ཕྱག་རྒྱ་སོགས་བསྣམས་ནས་བཙན་པོ་ལ་ཕུལ་ཡང་བརྡ་མ་འཕྲོད་པས་མཆོད་གཤོམ་དུ་བཞུགས་སུ་གསོལ་ཏེ་གཉན་པོ་གསང་བ་བཏགས། འདི་ནས་བཟུང་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པར་བཤད།
|
|||
|
2009.03.14
21:08:22
|
|||
|
There are no translations available. ༡ སྤྱིར་འཇིག་རྟེན་འདིར་ཆོས་ལུགས་ཇི་ལྟར་བྱུང་བ། དེ་ཡང་ཐོག་མར་མི་ཡུལ་གྱི་འཇིག་རྟེན་འདིར་ཆོས་ལུགས་དང་ལྟ་གྲུབ་ཅི་རིགས་སྣ་ཚོགས་པ་ཞིག་བྱུང་དང།འབྱུང་བཞིན་པ་འདིའི་ཐོག་མའི་འབྱུང་ཁུངས་གང་ཞིག་ལ་ཐུག་པ་འཚོལ་ཞིབ་བྱེད་རྒྱུ་དེ་གལ་འགང་ཆེ་བར་མཐོང་བས། འདིར་ཐོག་མར་དེ་ཉིད་ཁོ་ན་ཅུང་ཟད་ཞིབ་མོའི་ལུགས་ཀྱིས་འཚོལ་ཞིབ་བྱེད་པར་འདོད་དེ། དེ་ཡང༌། དེང་སང་འཇིག་རྟེན་འདིར། བོན་དང་མུ་སྟེགས། ཁ་ཆེ་དང་ཡེ་ཤུས། ཤཱཀྱའི་ཆོས་ལུགས་པ་སོགས། ལྟ་གྲུབ་ཀྱི་རྣམ་གཞག་མི་འདྲ་བ་ཤིན་ཏུ་མང་པོ་ཞིག་ཡོད་པ་དེ་དག་གི་ཐོག་མའི་འབྱུང་ཁུངས་ནི། རི་བོ་ཉིལ་བ། ཆུ་བོ་བརྡོལ་བ། ཤིང་སྡོང་འགྱེལ་བ། ཐོག་ལྕེ་འབབ་པ། གློག་འོད་འཁྱུག་པ་སོགས་འཇིགས་སུ་རུང་བའི་དོན་རྐྱེན་དུ་མ་མུ་འཐུད་ནས་བྱུང་བ་དེ་རིགས་ཀྱི་ངོ་བོ་དང་འབྱུང་རྐྱེན་ལ། སྐབས་དེའི་བསམ་བློའི་གནས་ཚད་དང་བསྟུན་ནས་དཔྱོད་པའི་འབྲས་བུར། ཁོར་ཡུག་དེ་དག་གི་ཁུལ་དུ་འཇིགས་སུ་རུང་བའི་གདོན་འདྲེ་རེ་ཡོད་པ་དེས་གནོད་པའི་སྦྱོར་བ་རྩོམ་པར་བསམས་ནས་ཞེད་སྣང་དང༌། དེ་དག་ལ་གསོལ་ཁ་བྱེད། དེ་བཞིན་གནམ་གཤིས་དྭངས་བ་དང༌། ཁོར་ཡུག་གཙང་བ། ཆར་ཆུ་དལ་གྱིས་འབབ་པ། འཇའ་ཚོན་དང་མེ་ཏོག་ཤར་བ། བག་ཕེབས་ཤིང་འཚེར་སྣང་མེད་པའི་ས་ཁུལ་དེ་དག་ཏུ་བསམ་བཟང་གི་ལྷ་རེ་ཡོད་པར་ཡིད་ཆེས་བྱས་ཏེ། དེ་དག་ལ་གསོལ་འདེབས་དང་གུས་ཕྱག་བྱེད་པའི་སྲོལ་རྒྱ་ཁྱབ་ཏུ་དར་བར་གྱུར།
|
|||
|
2009.03.14
09:02:01
|
|||
|
There are no translations available. འཆར་སྒོ་མགྱོགས་རིས་མ། ལྷོ་མཐའི་རྒྱ་མཚོ་བ་ཚྭའི་འདམ་གྱིས་བསྙོགས།། བྱང་རྒྱུད་གངས་རི་ཤར་མཐའི་ཉི་མས་བཞུས།། མེས་པོའི་རྣམ་ཤེས་མེ་མདའི་ཁ་ནས་ཡལ།། མཛེས་མའི་ལང་ཚོ་ལོ་ཟླའི་དམག་གིས་བཀུམས།།
|
|||
|
2009.03.12
10:38:25
|
|||
|
There are no translations available. 2008།3།12། ཁ་ཉིན་གསུམ་བཅུའི་དུས་དྲན་འཁེལ་བ་ལས༎ ༸གོང་ས་མཆོག་གི་གལ་ཆེན་བཀའ་སློབ་དང༌༎ བཀའ་སྤྱིའི་ཡོངས་ཁྱབ་གསུང་བཤད་སྤེལ་བའི་རྗེས༎ མང་ཚོགས་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ༎
|
|||
|
2009.03.09
21:19:04
|
|||
|
There are no translations available. གྲོས་ཚོགས་ཉིན་དང་པོ། མདང་གི་ནུབ་མོར་དཔེ་དེབ་བཀླགས་ཉེས་པས།། ད་ནངས་ཞོགས་པར་ཆམ་པའི་ནད་གཞི་ཐེབས།། གཙུག་ལག་ཁང་གི་བརྟན་བཞུགས་མཛད་སྒོ་ལ།། གཅར་བའི་སྐལ་བཟང་བཏང་ནས་ཉལ་དགོས་བྱུང༌།།
|
|||
|
2009.03.09
06:44:33
|
|||
|
There are no translations available. ངང་པ་འདམ་ལ་ཟུག་པའི་མཚོ་འགྲམ་ན།། སྦལ་པའི་རྐྱལ་རྩལ་ངོམ་པའི་ཆུ་རླབས་གཡོ།། དབང་ཆེན་དཔོན་པོ་རྒུད་པའི་གསེར་ཁྲིའི་ཐོག། ཙི་ཙི་རྒྱུག་ཤར་གློད་པའི་འཚང་ཁ་ཆེ།།
|
|||
|
2009.03.04
01:54:03
|
|||
|
There are no translations available. (Signed between British India and Tibet at Simla, Himachal Pradesh, on 3 July 1914) Introduction Any dispute between countries on issues of politics, culture, autonomy, borders and so on should be resolved by referring to valid historical documents. To fully resolve the disputes of India and China, and also of Tibet and China, empirical research should be conducted, using valid historical documents. Resolving problems in this way will be considered the most appropriate and meaningful by all and sundry.
|
|||
|
2009.03.04
00:42:13
|
|||
|
There are no translations available. གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་སྨན་རི་ཁྲི་འཛིན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་ལ་ཕུལ་བ། བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ། མི་མངོན་གནམ་གྱི་མཐོངས་ནས་བབ་པའི་སྲིད་པའི་ཕྱྭ་གཡང་འགུགས་པའི་གཏེར།། ཏི་སེ་གངས་ཀྱི་རི་བོའི་རྩེ་ལ་དམུ་ཐག་སྦྲེལ་ནས་བབས་པ་ཡི།། པུར་རྒྱལ་བཙན་པོའི་གཙུག་གི་རལ་ཀློང་བདུད་རྩིའི་ཟོལ་དུ་འཁྱིལ་བ་གང༌།། རིམ་པར་རྒྱུད་པའི་གཤེན་གྱི་སྟོན་པ་གཙུག་ཏུ་གཙུག་ཏོར་ཇི་བཞིན་བཀུར།།
|
|||
|
2009.02.19
03:35:42
|
|||
|
There are no translations available. ཐེངས་གཅིག་མང་ཚོགས་འཛོམས་པའི་འཁྲབ་སྟོན་ཞིག་གི་ཐོག་སྒྱུ་རྩལ་ལ་བྱང་ཆུབ་པའི་འཁྲབ་སྟོན་པ་འགའ་ཞིག་གིས་ཉམ་འགྱུར་ཁྱད་དུ་ཞུགས་པའི་ཡབ་མེས་ཀྱི་ཟློས་གར་ངོ་སྤྲོད་དང་འབྲེལ་འཁྲབ་སྟོན་གྱི་མགོ་ཚུགས་བྱུང༌། ཟློས་གར་བས་ཐོག་དང་པོར་མེས་པོའི་རྣམ་ཤེས་ཞུགས་པའི་མིག་ཡིད་རྣ་བའི་དགའ་སྟོན་གྱི་རོལ་ཆ་རྡུང་བྱུང༌། མང་ཚོགས་ཀྱི་གསེབ་ལྟད་མོ་བ་སུམ་ཆ་གཉིས་ཀྱིས་སྒྱུ་རྩལ་དེ་མི་མཛེས། ཞེ་ནག་གི་བསླུ་བྲིད་རེད་ཟེར་སྐད་ཅོ་བརྒྱབ་སོང༌།
|
|||
|
2009.02.19
03:34:08
|
|||
|
There are no translations available. ༡ དོན་དངོས་ཀྱི་དཔང་རྟགས། ལོ་རྒྱུས་ཀྱིས་བྱིན་པའི་མཉན་འཕྲང་གི་མེ་དཔུང་དམར་པོའི་གསེབ་གངས་སུལ་གྱི་རོལ་དབྱངས་སྙན་པོའི་ཚེ་སྲོག་གི་རྒྱུན་ཐག་ཡོངས་རྫོགས་འཇའ་འོད་ལ་ཐིམ་པའི་མཚན་གཞུང་གི་ཐུན་མཚམས་དེར།
|
|||
|
2009.02.19
03:30:43
|
|||
|
There are no translations available. དབྱར་སྐྱེས་ཀྱི་རྔ་བསང་དལ་བུར་ལྡིང་ཞིང་སྤྲིན་གྱི་མེ་ཏོག་ཟིལ་ཟིལ་དུ་འཇོ་བ་ལས། ཆུ་འཛིན་གྱི་འཕོན་པོ་རྣམས་གླང་པོའི་འགྲོས་ལྟར་ཕན་ཚུན་དལ་བུར་རྒྱུ་བའི་གསེབ་ནས་ཉིན་བྱེད་ཀྱི་འོད་མདངས་དང་འཐབ་པ་ལས།
|
|||
|
2009.02.19
03:13:27
|
|||
|
There are no translations available. དྷ་སར་ཐེངས་འགར་གཤེགས་པའི་འབབ་ཚུགས་མན་ཇུག་ཏྲི་ལའི་གྲོང་སྡེ་ན།། ཐོག་བརྩེཊ་ལྔ་ལྡན་ནོར་གླིང་མགྲོན་ཁང་སྡོད་ཞག་ཐེངས་འགར་བྱས་པའི་སྐབས།། ཀཻ་ལ་ཤ་ཡི་ཟ་ཁང་ནང་དུ་ཐུག་པ་འཐུང་མཁན་ཐེངས་འགར་སོང༌།། གཟུཊ་མེད་ལས་དབང་བཙན་པོའི་གསེབ་ནས་གཞོན་ནུ་མ་ཞིག་མིག་ལམ་འཆར།།
|
|||
|
2009.02.06
19:40:22
|
|||
|
There are no translations available. དྲིན་ཅན་ཨ་མ་དྲན་པའི་གདུང་དབྱངས་སྤྲིན་པའི་མགུལ་ལ་བཏགས་ནས་གཏོང༌། བྱམས་བརྩེ་ཆར་པ་སྟོང་དུ་འཇོ་བས་དབྱིག་འཛིན་བུ་མོའི་བཞིན་རས་རློན།། ཚ་ཟེར་འབུམ་གྱི་འོད་རྣོན་སྒྲིབ་སྟེ་ཞི་བསིལ་བདེ་བ་སྦྱིན་པའི་གཏེར།། ལྷ་ཡི་དབང་པོའི་ཁྱུ་མཆོག་འགྲོས་ལྡན་གནམ་མཐོངས་དབྱིངས་ཀྱི་སྤྲིན་པ་ལཊ།། གལ་ཏེ་ཁྱོད་ཉིད་བྱང་ཕྱོགས་བསྐྱོད་ན་ཉམ་ཆུང་བུ་ངའི་འཕྲིན་འདི་ཁྱེར།།
|
|||
|
2009.02.04
21:17:42
|
|||
|
There are no translations available. ༼ཐོལ་བྱུང་དུ་འཆར་པའི་མཐོང་ཐོས་ཀྱི་སྣང་བ་འགའ་ཞིག༽ མི་བརྟན་ཡུད་ཀྱིས་འཇིག་པའི་འཇའ་འོད་ཀྱི་ཐག་པ།། བསླུ་བྲིད་མིག་གི་དགའ་སྟོན་བཀྲམ་པ་དེ་མཐོང་ནས།། འགོག་མེད་ཐོལ་བྱུང་སེམས་ཀྱི་འཆར་སྒོ་དེ་ཕྱེས་པས།། འགྱོད་མེད་ངག་འཆལ་གཏམ་འདི་ཕྲེད་ཕྲེད་དུ་ཤོར་སོང༌།།
|
|||
|
2009.01.31
14:04:06
|
|||
|
There are no translations available. (གཞས་ཚིག)
ལོ་ཟླ་ཀྱག་ཀྱོག་གི་བྲག་འཕྲང་ནས་རྒན་སོང༌། འདས་སོང་དམྱལ་ཁམས་ཀྱི་མེ་རླབས་གསེབ་འཚིགས་སོང༌། འཇག་རྩྭ་རླུང་བུས་བདས་པའི་དུར་ས་ན། ཡབ་མེས་སྟོང་གི་རྣམ་ཤེས་འཚང་ཀ་བྱེད།
|
|||
|
2009.01.30
04:48:05
|
|||
|
There are no translations available. ཕ་རྒན་སྟ་རེས་བསད་པའི་ཤ་ཕ་དགྲ།། བུ་རྒྱུད་སྤྱང་པོས་སྐྱེས་སྐར་མཛད་སྒོ་ལ།། སྐུ་མགྲོན་གཙོ་བོར་དྲངས་པའི་ཚོགས་ར་ནང༌།། འཚམ་འདྲིའི་གསུང་བཤད་སྤེལ་བའི་སྒྲོག་སྦྱངས་སྙན།།
|
|||
|
2009.01.28
05:11:07
|
|||
|
There are no translations available. ད་ལྟ་རང་ལ་འབྱོར་བའི་འབྲེལ་ཡོད་E-Mailཞིག་གི་ནང༌། འདི་ལྟར་འཁོད་འདུག དགོས་དབང་གིས་ཡིག་འབྲུ་ཁ་ཤས་ཤིག་བཏོན་པ་ལས། གཞན་ཆ་ཚང་བཟོ་བཅོས་མེད་པར་འདིར་བཀོད་པ་ལྟར་ཡིན།
|
|||
|
2009.01.27
17:45:24
|
|||
|
There are no translations available. དཔལ་ལྡན་ས་སྐྱའི་སྒྲོལ་མ་ཕོ་བྲང་པ་ངག་དབང་ཐེག་ཆེན་འཕྲིན་ལས་དཔལ་ གནམ༵་གྱི་མཐོངས་ན་གནམ༵་འགྲོ་ཟླུམ་པོས་གནམ༵་གྱི་འཇུག་ངོགས་གསལ་བ་ལྟར།།
|
|||
|
2009.01.22
09:13:58
|
|||
|
There are no translations available. སྔར་འགྱུར་བསྟན་པའི་སྲོག་ཤིང་གྲུབ་དབང་པདྨ་ནོར་བུ་མཆོག་ལ་ཕུལ་བ།
དམར་སེར་ཐུན་མཚམས་སྤྲིན་གྱི་བླ་རེ་བཅུ་དྲུག་གཞོན་ནུའི་ལང་ཚོ་དར།། ཉིན་བྱེད་སྟོང་གི་གཟི་བྱིན་འཇོམས་བྱེད་མཁྱེན་རབ་རལ་གྲིའི་འོད་སྣང་འབར།། འཇམ་དཔལ་རྡོ་རྗེ་རྣོན་པོའི་ཕང་པར་བརྒྱད་གཉིས་ལང་ཚོའི་མཚར་སྡུག་རྫོགས།། སྒྱུ་རྩལ་དྲུག་ཅུའི་བརྡ་ཐབས་འཇོ་བ་དབྱངས་ལྡན་སྒེག་མོས་སྣང་བ་སྩོལ།།
|
|||
|
2009.01.21
09:29:09
|
|||
|
There are no translations available.
༼ཕ་སའི་བཙོན་ཁང་ནས་འབྱོར་བའི་འཕྲིན་ཡིག་གཅིག་གི་སྡོམ་ཚིག༽ ལྷ་གཅིག་ཚངས་སྲས་ཀྱི་སྒེག་མོས།། བཻཌཱུའི་རྒྱུད་མངས་དེ་གཡོར་དང༌།། འཆི་ཁའི་རེ་གདུང་གི་གླུ་ཞིག། དེ་རིང་བཙོན་པ་ངས་ལེན་འདོད།།
|
|||
|
2009.01.21
09:13:37
|
|||
|
There are no translations available. མཐོ་རིམ་སློབ་གྲྭ་ཐོན་པའི།། ཨ་ཅག་ཤེས་ཡོན་ཆེན་པོ།། ཤེས་བྱ་ཡོན་ཏན་ཡོད་ན།། བོད་སྐད་གཙང་མ་རྒྱོབ་ཤོག།
|
|||
|
2009.01.20
03:38:29
|
|||
|
There are no translations available. ཁ་རྩང ། ཁྱོད་ཀྱིས་མགོ་ཐོག་ལ་རྭ་ཅོ་བཙུགས་ནས་འགྲོ་དུས། ཀུན་གྱིས་ཁྱོད་རང་ཤ་བ་རེད་ཅེས་གླེང༌།
|
|||
|
2009.01.20
03:37:01
|
|||
|
There are no translations available. ཉི་འོད་ཀྱིས་བཙེས་པའི་སྤྲིན་པ་དམར་པོ། ཁྱོད་ནི། མཐོ་སྒང་གི་གངས་སུལ་བཞིན། ཅི་འདྲའི་དམར་བ། བརྗེད་མི་ཐུབ་ཅིང་དྲན་མི་ཕོད་པའི་མཚན་ལྗོངས་དེར། གློག་དམར་དང་ཐོག་སེར་གྱི་བུ་ཡུག་ཁྲོད། འབྲོང་རྒོད་ཁྱུ་གཅིག་གི་རྨིག་རྗེས་དམར་པོ། གངས་ཐང་དང་སེམས་ཁམས་ལ་ཕབ་པའི་དྲན་རྟེན་ཟླུམ་པོ།
|
|||
|
2009.01.20
03:35:13
|
|||
|
There are no translations available. ༼དུས་རབས་རོལ་དབྱངས་པ་གྲགས་ཅན་ཡ་དུང་ལ་ཕུལ་བ།༽
ཐོག་སེར་གྱི་བུ་ཡུག་ཁྲོད། ཡབ་མེས་ཀྱི་བང་སོ་འཐོར་བའི་མཚན་མོ་དེར། ཝ་མོའི་ངུར་འདུར་དང་རི་སྤྱང་གི་མཆེ་བའི་གསེབ། གངས་སུལ་དུ་བབ་པའི་རྣམ་ཤེས་ཤིག་གངས་འདབ་དེར་འཚར་ལོངས་བྱུང༌།
|
|||
|
2009.01.20
03:32:30
|
|||
|
There are no translations available. [རྩོམ་རིག་ལ་མོས་པའི་སློབ་མ་S.N ལ་འདོམས་པ།]
རྒྱ་མཚོའི་རླབས་སྒྲ ངང་པའི་གཤོག་སྒྲ ཨེ་མ། སྲིད་པའི་རང་བྱུང་གི་རོལ་དབྱངས། ཅི་འདྲ་སྙན་ཞིང་ཅི་འདྲ་འཇེབས་པ།
|
|||
|
2009.01.20
03:24:08
|
|||
|
There are no translations available.
1
དམར་ཡག་སྟག་གི་དགེ་རྒན།། ཁྲ་ཡག་གཟིག་གི་ཨ་ཞང༌།། ཙི་ཙི་རྒྱ་བོའི་ཁྲིམས་དཔོན།། བང་མཛོད་འགྲམ་གྱི་སྒོ་སྲུང༌།།
|
|||
|
2009.01.18
20:44:54
|
|||
|
There are no translations available. སྤྱི་ཚོགས་འདིའི་ལྟད་མོ་མང་པོ་ཞིག་མཐོང་རྗེས།
བླ་ཆེན་འགའ་ཞིག་ཨ་རིེར་ཕེབས་དུས།། རྒྱལ་བའི་སྐུ་ལ་མཚན་སྨད་ཞུ་དུས།། འཛམ་བུ་གླིང་ལ་སྔོ་ལོ་འཕྱར་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
|
|||
|
2009.01.18
20:36:29
|
|||
|
There are no translations available. མཚན་ཚོགས་ཞབས་བྲོ་འཁྲབ་དུས་ངོ་ཤེས་པའི།། ཁྱོད་རང་ཡང་བསྐྱར་ཐེངས་གཅིག་མཇལ་བསམས་ནས།། སུམ་བཅུའི་དུས་དྲན་སྐབས་སུ་མི་ཚོགས་ཁྲོད།། ཇི་ཙམ་བཙལ་ཀྱང་ཁྱོད་རང་མཇལ་མ་བྱུང༌།།
|
|||
|
2009.01.18
20:31:25
|
|||
|
There are no translations available. ཆང་ཁང༌། རྒུན་ཆང་མངར་མོའི་བྲོ་བ་རེ་རེས་ཕྱོགས་མེད་མགྲོན་པོའི་འགྲམ་ཆུ་ལྡང༌། ཆང་ཁང་རེ་རེའི་སྒོ་ཡི་འགྲམ་ན་བསླུ་བྲིད་མཁས་པའི་ཆང་མ་རེ།། རོ་དྲུག་འདུས་པའི་ཆང་གིས་མྱོས་པའི་མི་རིགས་འདྲ་མིན་སྣ་ཚོགས་ཀྱིས།། དགའ་སྐྱོ་འདྲེས་མའི་སྨྱོ་ལབ་གཏཾ་གྱིས་ཁོར་ཡུག་ཟླུམ་པོའི་ལྷིང་འཇཌ་འཕྲོག།
|
|||
|
2009.01.18
20:27:47
|
|||
|
There are no translations available. ཨ་མདོ་མཁས་པས་སྟོང་བཤད་བྱེད་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་རེ་ཁམས་པས་ཁུ་ཚུར་འཕྱར་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་ཇོ་དབུས་པས་སྤྲེལ་ལད་འཁྲབ་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་རྒན་སྤྲེ་འུའི་མི་རྒྱུད་རྣམ་པས་རང་བཙན་ལེན་ན་ལེན་རན་འདུག།
|
|||
|
2009.01.18
19:58:29
|
|||
|
There are no translations available.
ཡ་མཚན་ཅན་གྱི་པར་རིས་ལ་དགའ་མཁན་ཚོས་གཟིགས་རོགས། ![]()
ལས་མེད་དྲ་རྒྱག་ཐུན་ཚོགས་ཀྱི་ཚོགས་མི་ཚོས་ཀྱང་གཟིགས་རོགས། པར་རིས་འདིའི་གྲས་ཤིན་ཏུ་མང༌། རྗེས་ནས་རིམ་པར་བཞིན་འགོད་ཆོག
|
|||
|
2009.01.13
02:03:58
|
|||
|
There are no translations available. དྲང་སྲོང་རྒན་པོའི་ལྟ་གྲུབ། ཆར་དང་ཉི་ཟེར་འཐབ་པའི་དབྱར་གཞུང་ན།། སྣ་ལྔའི་ཁ་དོག་འཁྱིལ་བའི་འཇའ་རིས་སྣེ།། སུ་དང་གང་གིས་འཇུ་ཡང་མི་ཟིན་པ།། བདེན་པའི་གནས་ལུགས་བསྟན་པའི་མཚོན་གཞི་ཞིག།
|
|||
|
2009.01.13
01:58:07
|
|||
|
There are no translations available. ཨ་རིའི་གསེར་གྱི་གཟེངས་རྟགས་ཀྱི་དྲན་རྟེན་དུ་ཕུལ་བ། ཉི་ཟླ་སྐར་གསུམ་འདྲ་བའི་མེས་དབོན་གསུམ།། དམུ་ཐག་བརྒྱུད་ནས་མི་མངོན་དབྱིངས་སུ་བསྐྱོད།། གངས་རིའི་མུན་སེལ་སྒྲ་བསྒྱུར་ལོ་པཎ་ཚོ།། མི་མངོན་བདེ་ཆེན་དག་པའི་ཞིང་དུ་གཤེགས།།
|
|||
|
2009.01.12
02:21:42
|
|||
|
There are no translations available. ༼ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་ལ་ཕུལ་བ།༽ སྨིན་འཁྱོག་ཟུར་མིག་ཀྱོ་བ་རེ་རེས་རྒྱལ་རྣམས་ཟུང་འཇུག་དགའ་བཞི་ཡི།། མགྲོན་དུ་འགུགས་པའི་ལྷག་པའི་ལྷ་མོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར།། རོ་དྲུག་འདུས་པའི་དད་པའི་མིག་ཆུ་སྙིམ་པར་བསྣམས་ཏེ་གསོལ་འདེབས་ན།། དབྱངས་བདུན་རྫོཊ་པའི་སྙན་ཚིག་རིང་མོས་བདག་མགྲིན་ཤིས་པའི་དགའ་སྟོན་སྒྲུབས།།
|
|||
|
2009.01.12
02:11:42
|
|||
|
There are no translations available. རྒྱལ་མཆོག་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས། མཉམ་མེད་དྭགས་པོ་བ་ལས་བརྒྱུད་པའི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལས། ཆེ་བཞི་ནི། ཀརྨ་བཀའ་བརྒྱུད་དང༌། ཕག་གྲུབ་བཀའ་བརྒྱུད། ཚལ་པ་བཀའ་བརྒྱུད། འབའ་རོམ་བཀའ་བརྒྱུད་རྣམས་སོ། བཀའ་བརྒྱུད་ཆུང་བརྒྱད་ནི། ཕག་གྲུབ་ལས་ཆད་པའི་འབྲི་གུང༌། སྟག་ལུང༌། འབྲུག་པ། གཡའ་བཟང༌། ཁྲོ་ཕུ། ཤུག་གསེབ། ཡེལ་པ། སྨར་ཚང་བཅས་ཡིན་ལ། དེ་དག་ལས་བཀའ་བརྒྱུད་ཆེ་བཞིའི་ནང་ཚན་ ཀརྨ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པ་པོ་ནི་མཉམ་མེད་དྭགས་པོ་ལྷ་རྗེའི་སྲས་ཀྱི་ཐུ་བོ་ཀརྨ་པ་དུས་གསུམ་མཁྱེན་པའམ་ཁམས་པ་དབུ་ སེ་ཞེས་གྲགས་པ་འདི་ཉིད་ཡིན་ཏེ། རྗེ་འདི་ཉིད་ཀྱི་སྐྱེས་རབས་ཕྲེང་བ་ཤིན་ཏུ་མང་བ་ལས། འདིར་སྐུ་ཕྲེང་དང་པོ་གང་ནས་བགྲངས་པ་རྒྱལ་མཆོག་ཀརྨ་པ་དུས་གསུམ་མཁྱེན་པ་ནས་ བཅུ་བདུན་པ་ད་ལྟར་འཚོ་ཞིང་ཞུགས་པ་ཨུ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་ རྗེའི་བར་གྱི་རྣམ་ཐར་མདོར་བསྡུས་ཙམ་ཞིག་འགོད་པར་འདོད་དོ༎
|
|||
|