The Tibet Express Blogs སྨོན་ལམ་མཐར་ཕྱིན། བོད་མི་གསུམ་ལ་ཁྲིམས་ཐག་བཅད་པ།

The Tibet Express

Select Language

བོད་ཡིག繁體中文English
  • Create an account
    *
    *
    *
    *
    *
    Fields marked with an asterisk (*) are required.
  • Search
2009.08.09 08:47:29
བོད་མི་གསུམ་ལ་ཁྲིམས་ཐག་བཅད་པ།
There are no translations available.

༄༅། །སྡེ་དགེ་འཇོ་མདའི་བོད་མི་གསུམ་ལ་དུས་བཀག་བཙོན་འཇུག་ལོ་གཉིས་རེའི་ཁྲིམས་ཐག་བཅད་པ།  འདི་གར་འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ད་ལོའི་ཕྱི་ཟླ་ ༦ ཚེས་ ༢༧ ཉིན་ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་པདྨ་སྨད་པའི་ཡུལ་མི་རང་ལོ་ ༤༧ ཅན་ཨ་ཤག་ཚང་ནོར་ལྷ་ནང་མི་ ༡༢ ཡོད་མཁན་དང༌། རང་ལོ་ ༤༤ ཅན་མགོན་པོ་དར་རྒྱས་ནང་མི་ ༡༣ ཡོད་མཁན་གཉིས་དེ་ཉིན་རང་འཇོ་མདའ་རྫོང་དུ་ཁྲིད་པ་དང༌།

དེ་ཉིན་འཛིན་བཟུང་བྱས་ཏེ་སྐྱབས་ཆེ་དགོན་ནས་ཕྱི་ཟླ་ ༧ ཚེས་ ཉིན་འཇོ་མདའ་རྫོང་དུ་ཁྲིད་པའི་རང་ལོ་ ༤༦ ཅན་རྒྱལ་མཚན་ཚང་བྱམས་པ་ནང་མི་ ༡༢ ཡོད་མཁན་དང༌། རང་ལོ་ ༥༦ ཅན་བུ་ལྷུག་ནང་མི་ ༨ ཡོད་མཁན། རང་ལོ་ ༤༠ ཅན་དམུ་ཚ་ཚང་ཚེ་བརྟན་ནང་མི་ ཡོད་མཁན་རྣམས་འཇོ་མདའ་རྫོང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་ཁོངས་ནས་ཕྱི་ཟླ་ ༨ ཚེས་ ༤ ཉིན་བྱམས་པ་དང་བུ་ལྷུག ཚེ་བརྟན་གསུམ་ཆབ་མདོར་ཁྲིད་དེ་དུས་བཀག་བཙོན་འཇུག་ལོ་གཉིས་རེའི་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་ཁོང་རྣམས་ལ་ཉེས་འཛུགས་ག་རེ་བྱས་ཡོད་མེད་སྐོར་ཁ་གསལ་ཅི་ཡང་ཤེས་རྟོགས་ཐུབ་ཡོད་མི་འདུག ཨ་ཤག་ཚང་ནོར་ལྷ་དང་མགོན་པོ་དར་རྒྱས་གཉིས་སྔོན་མ་ནས་གཏེ་བོ་ཡིན་ཚུལ་བཤད་ཡོད་ཀྱང་ད་ལྟ་མུ་མཐུད་ནས་འཇོ་མདར་བཀག་ཉར་བྱེད་བཞིན་པ་ལས་ཁྲིམས་ཐག་བཅད་ཡོད་གནས་མི་འདུག

གཞན་ཡང་འཇོ་མདའ་ས་གནས་ཀྱི་ཞིང་པ་རྣམས་ཀྱིས་ད་ལོ་ཞིང་ལས་མ་བྱས་པའི་གནས་ཚུལ་ཡོངས་གྲགས་ལྟར་དང༌། ཟླ་ཤས་སྔོན་རྒྱ་གཞུང་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་འབྲོག་པ་རྣམས་ལ་ད་ལོ་ཤ་རྩ་བ་ནས་ཆད་མི་ཆོག་སྐོར་བཤད་སྐབས་འབྲོག་མི་རྣམས་ཀྱིས་ང་ཚོ་ནང་ཆོས་ཀྱི་ལམ་སྲོལ་ལྟར་ན་མི་ཤི་རྐྱེན་ཆག་བྱུང་སྐབས་སྒོ་བཤས་སྤང་བ་ཡིན་ཚེ་ཕན་ཡོན་དང་དགེ་རྩ་ཆེན་པོ་ཡོད་པས་ན་ནིང་བོད་མི་མང་པོ་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་དགེ་རྩའི་ཆེད་ད་ལོ་སྒོ་བཤས་སྤང་འཆར་ཡོད་སྐོར་བཤད་ཡོད་འདུག་པ་དང༌། དེང་སྐབས་འབྲོག་པ་རྣམས་ཀྱིས་ཀྱང་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཟོག་ལུག་གཅིག་ཀྱང་བཤས་ལ་མ་ཕབ་བར་བརྟེན་འཇོ་མདའ་རྫོང་ཐོག་ཏུ་ཤ་ཉོ་ཚོང་གང་ཡང་བྱ་རྒྱུ་མེད་པ་ཆགས་ཡོད་འདུག་པ་བཅས།།



2009.08.09 23:37:40
དགེ་བཤེས་སྨོན་ལམ་ཐར་ཕྱིན་ལགས་ཀྱིས་རྟག་ཏུ་བོད་ཀྱི་ཛ་དྲག་གནས་སྟངས་དག་བོད་དང་འབྲེལ་བའི་དྲ་ལམ་ཁག་ཏུ་བཀོད་ཐབས་སྒོ་ནས་བོད་མིའི་སྙིང་སྟོབས་གླེང་བར་རྗེས་སུ་ཡིད་རང་ཡོད།

ད་ལྟའི་ཆར་བོད་ནང་གི་གནས་ཚུལ་རག་ཐབས་དེའང་གཙོ་བོ་ཁ་པར་སོགས་འབྲེལ་ལམ་ཁག་བེད་སྤྱོད་དགོས་ངེས་ཀྱང༌། དུས་མཚུངས་སུ་བོད་ནང་གི་སྤུན་ཟླ་དེ་དག་ལའང་རང་ཕྱིགས་ཀྱིས་གང་ཅིིའི་ཐད་ནས་ཡིད་གཟབ་དགོས་ལུགས་སོགས་ཀྱི་ཐབས་ལམ་རེ་བཏོན་ཐུབ་ན་ཤིན་ཏུ་བཟང་ངོ་སྙམ།

 
2009.08.10 14:58:38
quest
དྲ་གྲོགས་ཚོ། གཞུང་ལ་ངོ་རྒོལ་མཚོན་ཆེད་ཞིང་པས་ལོ་ཐོག་མ་བཏབས། འབྲོག་པས་སྒོ་བཤས་མི་བཤའ་བ་ནི་བློས་ཆེན་པོ་ཞིག་བཏངས་པ་མ་རེད་དམ། འདེངས་ཟབས་ཙམ་རྒྱོབས་དང། འདི་མིག་སྔར་གྱི་དངོས་བྱུང་གནས་ཚུལ་ཡིན་པ་ལས་ལོ་རྒྱུས་འདྲ་ཞིག་ཨི་ཡིན། ངོ་མ་གཅིག་སྒྲིལ་གྱི་སེམས་ཤུགས་ཡོད་པ་དང་བློ་ཐག་ཆོད་པོ་རེད་སྙམ་མོ། དེའི་ཞིང་འབྲོག་མི་མང་ཡོངས་ལ་རྗེས་སུ་ཡི་རངས་དང་བཀྲ་ཤིས་བདེ་ལེགས་ཞུ་ཞུ། ཞུ་ཞུ

 
2009.08.13 12:46:26
quest
ངས་ཡི་གེ་འདྲ་ཐར་ཐོར་ཞིག་བྲིས་པའི་གོང་ལ་ཁྱིའི་པར་ཞིག་བཞག་འདུག་པ་དེ་ ཅིའི་ཕྱིར་ཡིན་མ་ཤེས་པས་ གོ་དོན་འགྲེལ་ན་མི་ལེགས་སམ།།

 
2009.08.10 17:38:39
སྡུག་སེམས་མཉམ་བསྐྱེད་ཡོད། སྡུག་ངོ་མ་རྒྱ་ནག་གི་བཙན་འོག་ཏུ་ཚུད་པའི་བོད་པ་ཚོའི་ལས་དབང་དེ་རེད།

 
2009.08.11 05:49:10
quest
ང་ཚོས་ཕྱོགས་གང་ཐད་ནས་ངོ་རྒོལ་བ་རྐྱང་དགོས་།

 
2009.08.12 17:42:54
དྲ་གྲོགས་ཡོངས་ལ་འཚམས་འདྲི་དང་བཅས། ངས་བོད་ནང་གི་ཛ་དྲག་གནས་ཚུལ་ཁག་མཁོ་སྒྲུབ་དང་འབྲེལ་ཡོད་ཁག་དང་གླེང་མོལ་ནམ་བྱུང་སྐབས་གཙོ་བོ་གཞིས་ལུས་བོད་མི་རྣམས་ཀྱི་བདེ་འཇགས་དང༌། ཕུག་བསམ། ལ་རྒྱ། ཐུགས་རེ་བཅས་གཞི་ལ་བཞག་ནས་ཧོལ་རྒྱུག་དང་བྲེལ་ཟིང་མ་ཡིན་པར་རང་ཉིད་ནས་ཐུབ་ཚོད་ཀྱི་ལས་དོན་ཆུང་ངུ་ཞིག་སྒྲུབ་བཞིན་ཡོད་ཅིང༌། ལྷག་ཏུ་ཕན་ཚུན་གོ་སྐབས་ནམ་བྱུང་སྐབས་ཁོང་རྣམས་ཀྱི་ཉིན་རེའི་འཚོ་ཐབས་ཐད་ལྷོད་གཡེང་མི་འབྱུང་བ་དང༌། འཚེ་མེད་ཞི་བདེའི་དགེ་མཚན་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་དང་ལམ་སྟོན་གང་ཤེས་འབུལ་བཞིན་ཡོད།

 
2009.08.13 12:33:57
quest
དགེ་བཤེས་སྤྱི་མཐུས་ལགས། དེ ལྟར་གནང་བར་བཀའ་དྲིན་ཆེ་ཞུ་ཞུ།