The Tibet Express Blogs 9816387411 དགའ་རོགས་མའི་སྐད་ཆ་འགའ།

The Tibet Express

Select Language

བོད་ཡིག繁體中文English
  • Create an account
    *
    *
    *
    *
    *
    Fields marked with an asterisk (*) are required.
  • Search
2011.02.26 07:47:24
དགའ་རོགས་མའི་སྐད་ཆ་འགའ།
There are no translations available.

༼དྲ་གྲོགས་ཤིག་གི་ཟིན་བྲིས་ནས་བསྒྱུར།༽

༡།གལ་ཏེ་ཁྱོད་ཀྱི་སེམས་ནང་བུ་མོ་གཞན་ཡོད་ན་ང་ལ་གསལ་པོར་བཤད་རོགས།ང་རང་ཕྱི་འཐེན་བྱ་ཆོག

༢།གལ་ཏེ་ཁྱོད་ཀྱིས་བུ་མོ་གཞན་ལ་འདོད་ཚོར་འདུག་ན་གསལ་པོར་བཤད་ན་ང་རང་ཕྱི་འཐེན་བྱ་ཆོག

༣།ཁྱོད་རང་བུ་མོ་གཅིག་ལའང་མི་དགའ་བ་ཡིན་ཚེ་ངས་ཀྱང་བློས་གཏོང་བྱ་ཆོག

༤།གལ་ཏེ་ད་དུང་ཁྱོད་ཀྱི་སེམས་ནང་ང་ཡོད་ན།བུ་མོ་གཞན་བརྗེད་དེ་ང་ལ་ཡག་ཙམ་བྱེད་རོགས།

༥།གལ་ཏེ་ཁྱོད་རང་ང་ལ་སྙིང་རྗེའི་དབང་གིས་བུ་མོ་གཞན་དེ་བློས་བཏང་བྱས་པ་ཡིན་ཚེ།ང་ལ་སྙིང་རྗེ་དེ་འདྲ་མི་དགོས།

༦།གལ་ཏེ་ཁྱོད་ཀྱི་སེམས་ནང་བུ་མོ་ཁ་ཤས་ཡོད་ན་ཁྱོད་ཀྱིས་གང་མགྱོགས་སེམས་ཐག་བཅད་དེ་གདམ་ཁ་བྱས་ན་ངས་ཁྱོད་ཀྱི་གདམ་ཁར་བརྩི་འཇོག་བྱ་ཆོག

༧།གལ་ཏེ་ཁྱོད་ཀྱིས་གསལ་པོར་བཤད་མ་ཐུབ་ན་ཁྱོད་ནི་བློ་རྩ་བརྟེན་པོ་མེད་པས་ཡིན་ལ།སེམས་འཁུར་མ་བྱས།ང་རང་ཕྱི་འཐེན་བྱས་ཏེ་ཁྱོད་ཀྱི་སེམས་འདུན་འགྲུབ་པར་བྱ་ཆོག

༨།གལ་ཏེ་ཁྱོད་ཀྱིས་མི་ཤེས་ཟེར་ན་ཁྱོད་ཀྱིས་གཡོལ་ཐབས་བྱེད་པར་གསལ་པོ་ཡིན་པས།སེམས་འཁུར་མི་དགོས།ང་གང་མགྱོགས་ཕྱི་འཐེན་བྱས་ཏེ་ཁྱོད་ཀྱི་སེམས་འདུན་འགྲུབ་ཐབས་བྱ་ཆོག

༩།གལ་ཏེ་ཁྱོད་ང་ལ་དགའ་མྱོང་མེད་ན་ཁྱོད་རང་ངའི་ས་ནས་ཐག་རིང་དུ་རྒྱུག་དེ་མིན་ན་ང་རང་འགྲོ་ཡི་ཡིན།

༡༠།གལ་ཏེ་ཁྱོད་ཀྱིས་ད་ལྟ་བཤད་འདོད་མེད་ཀྱང་ད་དུང་ང་ལ་དགའ་ཡི་འདུག་ན་ང་ལ་བཤད་རོགས་གྱིས།ངས་ཁྱོད་རང་སྒུག་ཆོག




2011.02.26 16:13:05
quest
གངས་ལྷ་སླར་ཡང་མཇལ་བར་མཚམས་འདྲི་ཞུ།།

 
2011.02.28 22:52:28
བསྟན་རྣམ་ལགས།མ་མཇལ་ཡུན་རིང།འདིར་ཕེབས་པར་དགའ་ཡོད་ལགས།དེང་སང་བདེ་མོ་ཡིན་པས།

 
2011.03.01 14:18:31
quest
ང་བདེ་མོ་ཡིན། རང་ལུགས་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།། ལོ་གསར་པའི་ནང་འདོད་དོན་གེགས་མེད་འགྲུབས་པ་ཤོག །

 
2011.02.28 23:48:23
གངས་ལྷ་ལགས་བསྐྱར་དུ་མཇལ་བར་དགའ་སྤྲོ་ཆེ། གུས་པ་བར་ལམ་ཟླ་གཅིག་ཕྱེད་ཙམ་གྱི་རིང་ས་གནས་གཞན་དུ་བསྐྱོད་དགོས་བྱུང་བས་དྲ་རྒྱའི་ནང་འཛུལ་བྱེད་རྒྱུའི་ཁོམ་སྐབས་མ་བྱུང་བར་དགོངས་སེལ་ཞུ་རྒྱུ་དང་། གསར་དུ་ཕེབས་པའི་སྐུ་མགྲོན་རྣམས་ལ་འཚམ་འདྲི་ཞུ་བཞིན་ཡོད། རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ཀྱིས།

 
2011.03.06 19:57:45
ཚུལ་ཁྲིམས་ལགས།ཕྱིར་ཐོན་པར་དགའ་བྱུང་།ད་ནས་རྗེས་སུ་ང་ཚོ་འདི་ནས་ཁ་བརྡ་སྣ་ཚོགས་གླེང་བཞིན་འགྲོ