The Tibet Express Blogs 9816387411 ཟ་ལེ་རྒྱལ་ཚོས་ཕྱི་མོ་ཚོར་དགའ་བའི་རྒྱུ་མཚན་འདི་འདྲ་རེད་དམ།

The Tibet Express

Select Language

བོད་ཡིག繁體中文English
  • Create an account
    *
    *
    *
    *
    *
    Fields marked with an asterisk (*) are required.
  • Search
2011.07.16 11:17:54
ཟ་ལེ་རྒྱལ་ཚོས་ཕྱི་མོ་ཚོར་དགའ་བའི་རྒྱུ་མཚན་འདི་འདྲ་རེད་དམ།
There are no translations available.

images/idoblog/upload/9816387411/preview/small_6885449_002830011550_2_600px.jpg

དེང་ སང་རྡ་ས་ནས་བུ་མོ་འགས་བོད་རིགས་ཕོ་གསར་ཟ་ལེ་རྒྱལ་ཚོས་བོད་ཀྱི་ བུ་མོ་ཚོར་མགོ་བསྐོར་གཏོང་གང་ཐུབ་བྱེད་ཀྱི་འདུག་ཟེར་ལ་། ད་དུང་ལ་ལས་དེ་ནི་ ཟ་ལེ་རྒྱལ་ཚོས་ངན་སྤྱོད་བརྩིས་ནས་དེ་དག་གི་སྐྱོན་ཆ་ཁོ་ནར་ཡིན་ལུགས་བཤད་ཀྱི་འདུག


 

ངས་བོད་ཀྱི་བུ་མོ་འགར་རང་ངོས་ནས་ཀྱང་སྐྱོན་ཡོད་ཀྱི་རེད་མ་གཏོགས་ཟ་ལེ་རྒྱལ་ཚང་མ་དེ་འདྲ་ཡིན་མི་སྲིད་ཚུལ་དང། གལ་ཏེ་བོད་ཀྱི་བུ་མོ་ཚོས་ཀྱང་རང་ཕྱོགས་ནས་སྐྱོན་སེལ་ཞིང་དགའ་འོས་པའི་གཤིས་སྤྱོད་དང་ནུས་ཤུགས་མཐོར་འདེགས་མ་ཐུབ་ན་དེ་ནི་དབྱིན་མོ་གཙོས་ཕྱི་གླིང་བུ་མོ་ཚོས་བོད་པའི་ཕོ་གསར་ཚོ་བོད་མོ་ ཚོའི་ལག་འོག་ནས་འཕྲོག་ཆོག་ཆོག་གི་གནས་སྟངས་འདི་བྱུང་བ་རེད་ཅེས་ཀུ་རེ་སྦྲགས་ ནས་བཤད་ཡོད། འོན་ཀྱང་བུ་མོ་གཅིག་གིས་མཐའ་གཅིག་ཏུ་དེ་ནི་བོད་ཀྱི་ཕོ་གསར་ཟ་ ལེ་ཚོས་ཕྱི་གླིང་བུ་མོ་ཡོད་དོ་ཅོག་ལ་ལྷའི་བུ་མོ་ལྟར་བརྩི་ཞིང་རིགས་མཐུན་ བོད་ཀྱི་བུ་མོ་ཚོར་མཐོང་ཆུང་ཁོ་ནར་རེད།ཅེས་སོགས་བཤད་བྱུང།

 

དེ་རྗེས་ངས་དེའི་སྐོར་ལ་བསམ་བློ་བསྐོར་བཞིན་བའི་སྐབས་སུ་དྲ་ལམ་ནས་ རྒྱ་མོ་ཚོས་ཀྱང་ཨ་རིའི་སྐྱེས་པ་དེ་དག་གིས་ཁོ་ཚོར་བཞག་པའི་ཤུགས་རྐྱེན་རེད་ ཟེར་བའི་དོན་ཚན་ཁག་ཅིག་མཐོང་དུས། དོན་ཚན་དེ་དག་ཀྱང་བོད་ཀྱི་ཕོ་གསར་ཟ་ལེ་ ཚོས་རིགས་མཐུན་བུ་མོ་ཚོར་མི་དགའ་བའི་ཕྱོགས་ཀྱི་རྒྱུ་མཚན་མིན་ནམ་སྙམ་པའང་ བྱུང་སྟབས་འདིར་བོད་བསྒྱུར་བྱས་ནས་བཀོད་དེ་བོད་ཀྱི་ཕོ་གསར་མོ་གསར་ཚོས་ རིགས་མཐུན་གྱི་ཕོ་མོ་དབར་མཉམ་འགྲོག་དགོས་ན་ཕན་ཚན་དབར་གྱི་སྐྱོན་སེལ་དགེ་ མཚན་གང་ཐུབ་མཐོར་འདེགས་ཡོང་བའི་རེ་བ་དང་བཅས་འདིར་བཀོད་པ་ལགས་ལ་འགའ་ཤས་ལ་ ཅུང་ཕན་ཐོག་ཡོང་བའི་རེ་བ་ཡོད།

དང་པོ། ཁྱིམ་རྒྱུད་ཀྱི་ལུགས་སྲོལ་གྱིས་རྐྱེན་པས་གཞན་ལས་གཟུགས་ཕུང་ཆེ་ཞིང་ལུས་སྦྱོང་ལ་དགའ་བས་ཡིན།

གཉིས་པ། གཤིས་ཀ་གུ་ཡངས་དང་དྲང་པོ་ཡོད་པ།གཏམ་གླེང་ལ་མཚར་གཏམ་དང་འབྲེལ་བ།བྱ་བྱེད་བག་དང་ལྡན་པ། གཞན་ལ་གུས་ཞབས་ཆེ་བ།

གསུམ་པ། སློབ་གསོའི་ཚད་གཞི་མཐོ་བ།མང་ཆེར་ལ་ཆེད་ལས་ཀྱི་སྦྱོང་འབྲས་ཡོད་པ།

བཞི་པ། རིག་གནས་ཆུ་ཚད་དང་སྒྱུ་རྩལ་གྱི་སློབ་གསོ་ཐོབ་ཅིང་རོལ་དབྱངས་དཀྲོལ་རྡུང་ཤེས་མཁན་མང་བ།

ལྔ་པ། རང་སྒོ་རང་ཐོན་། སྤོབས་པ་དང་རང་གི་ཐོབ་ཐང་ལ་བརྩི་མཐོང་ཆེ་བ།

དྲུག་པ། མི་གཤིས་ཀྱི་རྣམ་པ་གསལ་བ། གཞན་གྱི་གསང་བ་དང་སྒེར་གྱི་གདམ་ཁར་བརྩི་འཇོག་བྱེད་ཅིང་ལུགས་བཟང་དང་ལྡན་པ།

བདུན་པ། བུད་མེད་ཚོའི་དགོས་འདུན་ལ་དོ་སྣང་ཆེན་པོ་བྱེད་ཅིང། འཆར་ཡན་གྱི་ཁོར་ཡུག་དང་བེད་སྤྱོད་ཐད་ནས་བརྩེ་དགའ་ལ་རོལ་མཁས་པ།

བརྒྱད་ པ། ཕྱི་ཚུལ་ལམ་གྱོན་ཆས་དང་སྐྲའི་བཟོ་ལྟ། གདོང་མདོག་ལེགས་ གསོ་བཅས་ལ་དོ་སྣང་བྱེད་པ། དཔེར་ན་ཉིན་ལྟར་གཟུགས་པོ་འཕྲུ་ཞིང་གྱོན་ཆས་བརྗེ་ བ།

དགུ་པ། གང་སར་ཁ་ལུད་སྣ་ལུད་གཏོར་གྱི་མེད་ལ།ཐ་མག་གི་རོ་དང་ངར་སྐད་ཀྱི་ཅ་ཅོ་སོགས་མེད་ཅིང་ལུགས་བཟང་དང་ལྡན་པ།

བཅུ་ པ། སྤྱི་ཚོགས་སྤྱི་ཡོངས་ཀྱི་སྒྲིག་སྲོལ་དང་ལམ་ལུགས་ལ་བརྩི་ སྲུང་བྱེད་པ། དཔེར་ན་དུས་ཚོད་ལ་དམ་འཛིན་དང་ལ་རྒྱར་བརྩི་བ།རྫུན་གཏམ་མི་ སྨྲ་བ།

བཅུ་གཅིག འཚོ་བའི་སྤུས་ཚད་དང་ལས་ཞོར་གྱི་དགའ་ཕྱོགས་རྩེད་རིགས་ལའང་དོ་སྣང་དང་མཉམ་ཞུགས་བྱེད་པ།

བཅུ་གཉིས། ཁྱོ་ཤུག་དབར་ནས་ཀྱང་རང་ཚུགས་དང་སྒེར་ངོས་ཀྱི་ཡར་རྒྱས་གཏོང་ཕྱོགས་ཐད་ལ་ཁོར་ཡུག་འཐུས་ཚང་སྟེར་བའི་བྱ་བར་དོ་སྣང་ཆེ་བ་བཅསོ།




2011.07.16 14:52:22
བཀུར་འོས་བོད་མི་མང་སྤྱི་འཐུས་ལགས། ཡང་གཅིག་ཞུ་འདོད་བྱུང་བར་ཐུགས་མ་སུན་ལགས།
ཟ་ལེ་རྒྱལ་གྱི་དོན་ངས་མི་ཤེས། སྤྱིར་བོད་པའི་ཕོ་སར་ཚོ་དབྱིན་མོའི་རྗེས་སུ་རྒུྱག་པ་ནི་དབྱིན་མོ་ཚོ་ལྷ་མོ་འདྲ་བ་མཐོང་བ་མ་ཡིན་ལ་བོད་མོ་ཚོ་འདྲེ་མོ་འདྲ་བས་ཀྱང་མ་ཡིན། ཁྱེད་ཀྱིས་གཤམ་དུ་བཀོད་པའི་དབྱིན་མོ་ཚོའི་ཡོན་ཏན་ལ་སེམས་པ་ཡང་གཏན་ནས་མིན། ཡིན་པ་དངོས་ནི་དབྱིན་མོ་ཚོར་བོད་ཕོ་ཚོ་ཕྱིར་གླིང་ལ་འདྲེན་པའི་ནུས་པ་ཡོད་པས་ཡིན། བོད་མོ་ཚོའི་བྱ་སྤྱོད་ཀྱང་འདི་ལས་མ་འདས། རྒྱུ་མཚན་ནི་ཕྱི་གླིང་ཡུལ་གྲུ་ཁག་དུ་ཕྱི་གླིང་པར་གཉེན་སྒྲིག་བྱས་པའི་བོད་མི་དག་གི་བཟའ་ཟླ་ལ་ཁྱེད་ཀྱིས་བརྗོད་པའི་ཡོན་ཏན་དེ་དག་དང་ལྡན་པ་ནི་བརྒྱ་ཆའི་གཅིག་རེད། མདོ་ན་བོད་པས་ཕྱི་རྒྱལ་གྱི་གད་སྙིག་སྒྲུབ་པའི་དུས་རེད། ཕོ་མོ་ལ་ཁྱད་མེད།།

 
2011.07.16 20:58:09
ཀྱེ་དྲ་གྲོགས་བཀྲ་རྣམ་ལགས།ཟིན་བྲིས་འབྲི་སྐབས་བོད་མི་མང་སྤྱི་འཐུས་མ་ཟེར་ན་མི་འགྲིག་ལེ་ཨེ་རེད།སྐྱ་སིང་བ་ལ།ཧཧཧཧཧཧཧཧཧཀུ་རེ་ཡིན།
འོན་ཀྱང་ཁྱེད་ཀྱིས་གསུང་པའི་ཕྱི་ཡུལ་སྤོ་ཐབས་ཆེད་དུ་གཉེན་བསྒྲིག་ཐབས་བྱེད་ པ་དེ་ནི་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད་འདོད།དེའང་རྡ་ས་ནས་གད་སྙིགས་སྒྲུབ་ པ་ལས་ཕྱི་གླིང་ནས་གད་སྙིག་སྒྲུབ་པར་སྒོར་མོ་མང་བ་རག་གི་ཡོད་པས་མ་རེད་དམ། ཧཧཧཧ

 
2011.07.16 16:54:19
ག་རེ་ལབ་གྱིན་ཡོད་རིན་ཐང་ག་རེ་ཡོད་ནི་རེད།

 
2011.07.16 20:57:10
རབ་བྱུང་དྲ་གྲོགས་བསོད་ནམས་ལགས།འབྲི་མཁན་ཡོངས་ཀྱིས་ཟིན་བྲིས་ནམ་འབྲི་ལ་རིན་ཐང་རྐྱང་རྐྱང་འཁྱོང་མཁན་དཀོན་པོ་རེད།ཕོ་མོའི་དབར་གྱི་དོན་དག་གླེང་བ་ནི་འཇིག་རྟེན་པའི་འགྲོ་ལུགས་ཡིན་བཟོ་འདུག་ལགས།

 
2011.07.17 11:55:34
ཐུགས་མ་སུན་རོགས་ཞུས་ན་ཡང་སྐྱ་སེང་ལ་ཟེར། དེང་ཕྱིན་ཆད་མོ་རེ་གངས་ལྷ་མོ་ཞེས་འབོད་བགྱིད་ཡིན།།
གས་སྙིད་ཟེར་བ་དེ་མི་གད་སྙིད་ལ་གོ་དགོས་པ་ཡིན། དངོས་པོ་ཛར་ཛོར་གྱི་གད་སྙིད་ལ་གོ་བ་མིན།

 
2011.07.20 19:18:53

དྲ་གྲོགས་བཀྲ་རྣམ་ལགས།མོ་རེ་གངས་ལྷ་མོ་ཟེར་ན་དངོས་གནས་དགའ་པོ་ཡོད།འགྲོགས་འབྲེལ་མང་ཙམ་ཡོད་པ་ཚོས་ཕན་ཚུན་མིང་ནས་ཐད་ཀར་འབོད་པ་དེ་སེམས་ཐག་ཉེ་བར་ཚོར་ཞིང།དེ་མིན་གང་ཡིན་མི་ཤེས་སྐུ་ངོ་དང་བོད་མི་མང་སྤྱི་འཐུས་འདྲ་ཟེར་དུས་མི་བདེ་བ་འདྲ་འདུག་ཧེཧེཧེ


 
2011.07.18 01:34:53
འདིར་རྡ་སའི་ཕོ་གསེབ་ཀྱི་སྐོར་ནས་སྡང་བརྗོད་བྱས་པ་ལས། སྙོམས་གླེང་གི་ཐོག་ནས་མོ་གསེབ་སྐོར་ཞེན་སྦས་བྱས་འདུག རྡ་སར་བསྡད་མྱོང་མཁན་ཞིག་གི་ངོས་ནས་བཤད་པ་ཡིན། ཧཧཧ། ད་ཤོད་དང་། མོ་རྒོད་མ།

 
2011.07.20 19:22:52
ཨ་ཕོ་དྲི་མེད་འདིའང་ཕོ་ཞེན་ཅན་ཞིག་མིན་པར་སྨོན།ཧཧཧཧ་རྩེད་མོ་ཡིན།
ཞིབ་ཏུ་གཟིགས་རོགས།ངས་ཕོ་མོ་སུ་ལའང་ཕྱོགས་མེད།ངས་ཕོ་མོ་དབར་ཕན་ཚུན་མི་དགའ་བའི་རྒྱུ་མཚན་འགའ་འཚོལ་བའི་ཁུལ་ཡིན།
འདི་ལྟར་ལྟ་ཡོང་དུས་ཨ་ཕོ་དྲི་མེད་རྡ་སར་བསྡོད་རིང་བོད་མོ་འགའི་ངན་སྤྱོད་མཐོང་ཡོད་ས་རེད།ག་རེ་མཐོང་སོང་གཅིག་བཤད་ན་འགྲིག་གམ།ལགས།

 
2011.08.10 01:23:59
དེ་རིང་ངས་མཆན་ཡོད་ཚོད་ལ་རེ་རེ་བཞིན་བལྟ་བཀློབ་བྱས་བ་བརྒྱུད་ནས་མཐར་འདི་ལ་ཚིག་སྐང་འགའ་ཞིག་བྲིས་ན་འདོད་མོད།དེ་ཡང་རྡ་ས་ཕོ་གསར་ཚོའམ་ཟ་ལ་རྒྱལ་ཚོ་དབྱིན་མོ་ཚོའི་རྐུབ་ལ་རྒྱུགས་དགོས་བའི་རྒྱུ་མཚན་མང་དག་ཅིག་གོང་དུ་མཆན་ཟིན་ནཡང་།ད་དུང་ཁ་ཇེ་གསལ་དུ་གཏོང་ན་འདོད་དྲན་བྱུང་།དེ་ཡང་གལ་སྲིད་ཁྱེད་ཀྱིས་བོད་ཀྱི་བུ་མོ་ཞིག་དགའ་གྲོགས་འཚལ་ན།༼དང་པོ༽བོད་ཀྱི་བུད་མོ་ཚོ་ལ་དགའ་གྲོགས་བསྒྲིག་པ་ལས་ཆ་རྐྱེན་མང་བ་དགོས་ཀྱི་ཡོད་བ་རེད་ལ།༼གཉིས་པ༽དགའ་རོགས་བསྒྲིག་བ་ཙམ་གྱིས་ཆང་ས་ངེས་བ་དུ་བརྒྱག་དགོས་པའི་ལྟ་བ་བཟུང་བ་དང་།༼གསུམ་པ༽བོད་ཀྱི་བུད་མེད་ཚོ་དང་མཉམ་དུ་འཁྲུག་སྤྱོད་བྱ་ཚད་དུས་རབས་དབྱིན་མོ་ཚོ་ནང་བཞིན་སྐྱེས་པ་་ཚོ་ལ་ཚོར་བ་སྤྲོད་ཐུབ་ཀྱི་མེད་པ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་བོད་ཕོ་ཚོའམ་ཟ་ལ་རྒྱལ་ཚོ་དབྱིན་མོ་ཚོའི་རྐུབ་ལ་རྒྱུགས་ན་གོང་གི་དཀལ་ངལ་དེ་དག་འཕྲད་ཀྱི་མེད་བ་རེད་་་་་་་་་་་་་་་་་་་་་