The Tibet Express Blogs ལི་ཕྲུག་ཉི་མ། བོད་མིའི་སེམས་ཀྱི་ལྷ་སྐལ།

The Tibet Express

Select Language

བོད་ཡིག繁體中文English
  • Create an account
    *
    *
    *
    *
    *
    Fields marked with an asterisk (*) are required.
  • Search
2011.12.04 13:19:14
བོད་མིའི་སེམས་ཀྱི་ལྷ་སྐལ།
There are no translations available.

སྟེང་ཕྱོགས་ལྷ་ཡི་གྲོང་གི།
ཡབ་གཅིག་ཕྱག་ན་པད་མོ།།
བོད་མིའི་སེམས་ཀྱི་ལྷ་སྐལ།།
མགོན་པོ་ཁྱེད་ཉིད་ཡིན་ནོ།།


 

ཁོར་ཡུག་གངས་ཀྱིས་བསྐོར་བའི།།
གདོང་དམར་བོད་ཀྱི་ཡུལ་འདིར།།
བརྩེ་ཆེན་ཐུགས་རྗེ་རྒྱ་མཚོས།།
ནམ་ཡང་གཟིགས་པ་མ་ཆུང༌།།

 

ས་ལའི་ལྗོངས་ཞེས་གྲགས་པའི།།

ཁ་བའི་འཇིག་རྟེན་འདི་ན།།
རང་བྱུང་ཁོར་ཡུག་བཀོད་པ།།
ལྷ་ཡུལ་ལས་ཀྱང་མཛེས་མོད།།

 

འོན་ཀྱང་གང་ཉིད་མེད་པས།།
མི་བཟོད་སེམས་ཀྱི་གདུང་བ།།
ད་དུང་གངས་རིའི་སུལ་ལ།།
ངོམ་ངོམ་ངང་གི་ཐིམ་ཡོད།།

 

ཁྱེད་ཀྱི་གདུལ་བྱར་གྱུར་བའི།།
བྱང་ཕྱོགས་ཁ་བ་ཅན་རྣམས།།
མཚན་དཔེའི་ཉི་མའི་དཀྱིལ་འཁོར།།
མངོན་པར་འཆར་ན་འདོད་ཡོད།།

 

ཡབ་རྗེའི་གོང་མའི་གཅེས་ནོར།།
ལུགས་ཟུང་གསེར་གྱི་འཁོར་ལོ།།
ཡང་དག་ཕྱག་གིས་བཞེས་ནས།།
གངས་རིའི་རྒྱན་དུ་ཕེབས་དང༌།།

 

གདོད་མའི་ཁ་བའི་ཁྲོད་ན།།
ཁེར་རྐྱང་འཚོ་བ་བསྐྱལ་བའི།།
མཐོ་སྒང་མི་རིགས་ཤིག་གི།
བླ་སྲོག་ཁྱེད་ལ་ཐིམ་ཡོད།།

 

འཕགས་པའི་ཚོགས་འཁོར་དབུས་ཀྱི།།
སྔོན་ཚེ་དམ་བཅའ་བཟང་པོ།།
ཐུགས་དགོངས་ཟབ་མོའི་དབྱིངས་ནས།།
ནམ་ཡང་དོར་བ་མ་གནང༌།།

 

འཛམ་གླིང་སྐྱེ་འགྲོའི་མགོན་པོ།།
ལྗོངས་འདིའི་ཁྲི་ལ་བཞུགས་ནས།།
བསྐལ་བ་རྒྱལ་མཚོའི་བར་དུ།།
ཆོས་ཀྱི་འཁོར་ལོ་སྐོར་རོགས།།