The Tibet Express Blogs berijigme བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།

The Tibet Express

Select Language

བོད་ཡིག繁體中文English
  • Create an account
    *
    *
    *
    *
    *
    Fields marked with an asterisk (*) are required.
  • Search
2009.01.18 20:44:54
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།
There are no translations available.

སྤྱི་ཚོགས་འདིའི་ལྟད་མོ་མང་པོ་ཞིག་མཐོང་རྗེས།

 

བླ་ཆེན་འགའ་ཞིག་ཨ་རིེར་ཕེབས་དུས།།

རྒྱལ་བའི་སྐུ་ལ་མཚན་སྨད་ཞུ་དུས།།

འཛམ་བུ་གླིང་ལ་སྔོ་ལོ་འཕྱར་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།


 སྤྱི་པའི་རྐུབ་ཀྱགས་འཚང་ཀ་བྱེད་དུས།།

སྤྱི་པའི་ལས་ཀ་འཐུས་ཤོར་གཏོང་དུས།།

སྤྱི་པའི་རྒྱུ་ནོར་ཧམ་ཟོས་བྱེད་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

སྐུ་དྲག་མཐོན་པོས་རྒྱལ་ཁབ་བཙོང་དུས།།

ཚོང་པ་རྒྱག་པས་གསེར་སྐུ་བཙོང་དུས།།

ལྷ་ལྕམ་མཛེས་མས་རང་ལུས་བཙོང་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

སློབ་དགེ་མཁས་པས་ར་གཟི་བྱེད་དུས།།

སློབ་ཕྲུག་བུ་མོས་བྱི་ཕྲུག་ལེན་དུས།།

སློབ་གྲྭའི་ཡིག་ཚད་དངུལ་གྱིས་ཉོ་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

ཨ་ལགས་སྤྲུལ་སྐུ་མག་པ་འགྲོ་དུས།།

ཨ་ཁུ་དགེ་བཤེས་སྐྱ་སར་བབ་དུས།།

ཨ་ནེ་མཛེས་མའི་ནུ་མ་འབུར་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

ཨ་རིའི་ཝི་ས་དངུལ་གྱིས་ཉོ་དུས།།

ཨ་རིའི་རྒྱལ་ཁབ་ལྷ་ཡུལ་རྩི་དུས།།

ཨ་རིའི་ཌོ་ལར་ནོར་བུར་རྩི་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

རྨོངས་དད་བྲག་གི་རྫོང་གོག་བརྩིགས་དུས།།

ཉིན་མཚན་མེད་པར་གཉིད་ལ་ཡུར་དུས།།

རྨི་ལམ་ནང་དུ་ལྷ་ཡུལ་སླེབས་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

མངོན་སུམ་བསྟན་ན་མིག་ཟུང་བཙུམས་དུས།།

ལྐོག་གྱུར་བཤད་ན་རྣ་བ་བཀབ་དུས།།

རྫུན་གྱི་ཁུང་བུ་བདེན་པར་འཛིན་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

དངོས་ཡོད་གནས་ལུགས་ཁྱད་བསད་བྱེད་དུས།།

དངོས་མེད་ལྷ་མཆོད་འདྲེ་རྡུང་བྱེད་དུས།།

རྗེས་ལུས་ཐེབས་ཀྱང་སྔོན་འཐོན་རློམ་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

དབང་ཆེན་དཔོན་པོས་ལྐོག་བརྔན་ཟ་དུས།།

དབང་ཆ་བེད་སྤྱོད་ལོག་པར་གཏང་དུས།།

དབང་མེད་ཉམ་ཆུང་རྡོག་རྫིས་གཏོང་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

ཁྱོ་ག་ཤི་ནས་ཞག་གསུམ་ལེན་དུས།།

ཁྱོ་ཡན་འཚོལ་ནས་ཆང་ས་རྒྱག་དུས།།

ཁྱོ་དགུ་འགྲིམས་པའི་ལྟད་མོ་མཐོང་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

ལོ་བརྒྱད་བྱིས་པས་མ་ཅང་རྩེ་དུས།།

ལོ་བཅུ་བུ་མོས་དགའ་རོགས་སྒྲིག་དུས།།

གསེར་སྐུ་བཙོང་ནས་སྦག་སྦག་ཞོན་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

བུ་སྤུན་ནངཁུལ་ལག་འཛིངས་བྱེད་དུས།།

ཕ་མའི་རྒྱུ་ནོར་ཧ་ཐོབ་བྱེད་དུས།།

སྤུན་མཆེད་ནང་མིའི་བརྩེ་བ་བརླགས་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

སྦི་ཨར་མང་པོ་ཞབས་ཏག་རྒྱག་དུས།།

ཆང་ཁང་བུ་མོ་པང་ལ་ཉལ་དུས།།

བཟའ་ཟླ་བུ་ཕྲུག་སེམས་ལ་བརྗེད་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

ཝི་སི་ཀི་ཡི་ཨ་རག་བཏུང་དུས།།

མ་ཧྥོ་རོ་ཡི་ཐ་མག་འཐེན་དུས།།

ནང་འཁྲོལ་གློ་བ་ནག་པོ་ཆགས་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

ཀ་ཁ་མི་ཤེས་བརྒྱད་སྟོང་ཀློག་དུས།།

གོས་ཐུང་གོན་ནས་གྲོང་ཆོག་འགྲོ་དུས།།

ཕྲེང་བ་བགྲང་ནས་མོ་ལུང་གནང་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

ཤིང་ནགས་གསེབ་ནས་རང་བཙན་འབོད་དུས།།

ཆང་ཁང་ནང་དུ་ལ་རྒྱ་བཤད་དུས།།

བཟའ་ཟླའི་སྟེང་ལ་དཔའ་རྟགས་བཞག་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

དབྱིན་སྐད་ཤེས་ན་མཁས་པ་རྩི་དུས།།

རྒྱ་སྐད་བཤད་ན་འཇོན་པོ་རྩི་དུ།།

རང་སྐད་རྒྱག་ན་ལྐུགས་པ་རྩི་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

བྱ་ཤ་ཉ་ཤའི་གསོལ་སྟོན་ཕེབས་དུས།།

གཞུང་སྒོ་རྒྱབ་ནས་ལྟག་སྒོ་ཕྱེ་དུས།།

རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འཆག་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

ཆོས་ཁྲིའི་ཐོག་ནས་ཆོས་མིན་གསུང་དུས།།

ཆོས་གོས་གོན་ནས་ཆང་རག་འཐུང་དུས།།

ཆོས་ཁྲིམས་དར་གྱི་མདུད་པ་ཞིག་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

ལྷ་རམས་དགེ་བཤེས་ལག་ཁྱེར་བཞེས་དུས།།

རྣམ་དབྱེ་གཉིས་བཞིའི་ཁྱད་པར་རྨོངས་དུས།།

གཏོང་ཡིག་ཙམ་ཡང་འབྲི་ཤེས་མེད་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

གཞུང་ལས་ཁང་དུ་གཉིད་ཀྱོག་རྒྱག་དུས།།

གཞུང་གི་ལས་ཀ་འཐུས་ཤོར་གཏོང་དུས།།

གཞུང་གི་ཟླ་ཕོག་ཆད་མེད་ལེན་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

དམངས་གཙོའི་རྩ་ཁྲིམས་ཁ་ལ་ཁུར་དུས།།

དམངས་ཀྱི་ཐོབ་ཐང་རྩིས་མེད་གཏང་དུས།།

དམངས་ཀྱིརེ་བ་རླུང་ལ་བསྐུར་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

ཁ་ནས་དམངས་གཙོའི་བཀའ་སློབ་གནང་དུས།།

ཁོག་ཏུ་རང་གཙོ་ལྟ་བ་འཛིན་དུས།།

ཁ་ཞེ་འགལ་བ་ལྟག་སྤྲོད་བྱེད་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

ཉིན་མོར་ལྷ་ཁང་མཇལ་ཁ་འགྲོ་དུས།།

མཚན་མོ་སྒེ་ཁུངས་ནང་ནས་འཛུལ་དུས།།

རྩ་ཆེན་གསེར་སྐུ་རྐུ་མ་ཤོར་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

ཕ་ཡུལ་བཞག་ནས་མི་ཡུལ་འཁྱམས་དུས།།

དབུ་སྐྲ་བཞག་ནས་དྷ་ས་ཉུལ་དུས།།

བོད་མོ་བཞག་ནས་དབྱིན་མོ་དེད་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

རང་བཙན་གཙང་མ་མེད་ཀྱང་འགྲིགས་དུས།།

སྤྲོད་མཁན་མེད་ཀྱང་གདམས་ཁ་བསྐོར་དུས།།

གཞུང་དམངས་གཉིས་ཀ་གཉིད་ལ་ཡུར་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

ཆོས་སྡེ་ཆེན་པོར་དགེ་བཤེས་གཏོང་དུས།།

ཆོས་པ་བྱས་ནས་བྱ་བྲལ་ཕེབས་དུས།།

ཆོས་ཚོགས་བཙུགས་ནས་ཆོས་ལོག་བཤད་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

སྐྲ་ནག་བུ་མོའི་ལང་ཚོ་རྒྱས་དུས།།

སྐྲ་སཻར་རྒན་པོའི་རྐུབ་རྩར་རྒྱུག་དུས།།

ཨེ་ཚི་ན་ཚས་རང་སྲོག་ཕུང་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

ཆོས་དང་རིག་གཞུང་ཁ་ནས་བཤད་དུས།།

ཆོས་མིན་བྱ་བ་ལྐོག་ནས་བྱེད་དུས།།

ཆོས་དང་འཇིག་རྟེན་གཉིས་ཀར་འགལ་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

ཆོས་གོས་གོན་ནས་ཆོས་པ་རྫུས་དུས།།

ནག་ཚོང་རྒྱབ་ནས་ནག་མོ་འཛག་དུས།།

རང་བཙན་བཤད་ནས་རང་དོན་སྒྲུབ་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

རང་ཡུལ་དགྲ་བོའི་ལག་ཏུ་ཤོར་དུས།།

རང་ཡུལ་བཞག་ནས་མི་ཡུལ་འཁྱམས་དུས།།

རང་ཡུལ་བརྗེད་ནས་མི་ཡུལ་བསྡད་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

མཐོ་སློབ་ལག་འཁྱེར་ཕྱག་ལ་བསྣམས་དུས།།

གཞུང་ཞབས་བསྡད་ནས་གཞུང་ལས་གནང་དུས།།

དག་ཆ་མེད་པའི་ཕྱག་བྲིས་འབྲི་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

སྐྱབས་རྟེན་བསྔོ་རྟེན་རྐུ་མ་བྱེད་དུས།།

འབྱོར་ལན་རྫུན་མས་མགོ་བསྐོར་གཏོང་དུས།།

གཞུང་དམངས་གཉིས་ལ་ཞབས་འདྲེན་ཞུས་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

ཨ་མདོ་མཁས་པས་སྟོང་བཤད་བྱེད་དུས།།

ཨ་རེ་ཁམས་པས་ཁུ་ཚུར་འཕྱར་དུས།།

ཨ་ཇོ་དབུས་པས་སྟོང་བསམ་གཏོང་དུས།།

བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

 

༢༠༠༠ལོ་ཡས་མས་ལ་བྲིས། ༼གཉན་ཆེན་ཐོག་ལྷ༽ གསར་ཤོག་ཐོག་བཀོད། མ་ཟིན་ཐ་ཐོར་ཞིག་འདུག་པ་དེར་ཉེ་ཆར་ཚིགས་བཅད་ཁ་ཤས་གསར་དུ་བསྣན་ནས་གངས་ལྷ་སྒེག་མོའི་ངུ་རྒྱང་ཐོག་བཀོད།

 




1999.11.29 18:30:00
quest
མཁས་ལ་བཀུར་བ་ཡ་རབས་ལུགས་བཟང་རེད། དམན་ལ་བརྩེ་བ་བྱམས་བརྩེའི་སྲོལ་བཟང་རེད། ཡོད་ཚད་རང་ལ་རེ་བ་ང་རྒྱལ་རེད། ང་རྒྱལ་ཅན་དེས་ཡོད་ཚད་ཕུང་ལ་སྦྱོར།

 
1999.11.29 18:30:00
quest
མཁས་ལ་བཀུར་བ་ཡ་རབས་ལུགས་བཟང་རེད། དམན་ལ་བརྩེ་བ་བྱམས་བརྩེའི་སྲོལ་བཟང་རེད། ཡོད་ཚད་རང་ལ་རེ་བ་ང་རྒྱལ་རེད། ང་རྒྱལ་ཅན་དེས་ཡོད་ཚད་ཕུང་ལ་སྦྱོར།

 
2009.01.18 21:50:47
quest
བེ་རི་སྨྱོན་པ་སྨྱོ་རླུང་ལངས་ནས༎
དྲ་ངོས་འདི་རུ་སྨྱོ་བཤད་རྒྱག་དུས༎
བེ་རི་སྨྱོན་པ་དངོས་གནས་སྨྱོ་བའི༎
སྨྱོ་རྟགས་ཡང་ནས་ཡང་དུ་བསྟན་སོང༌༎

 
2009.01.18 22:26:38
ཕྲག་དོག་དུག་གི་སྡོང་པོ་ལས།
ང་རྒྱལ་འཆལ་གཏམ་མང་དུ་སྤེལ།
ཡོན་ཏན་ལྡན་པའི་དགེ་བཤེས་ལ།
ཕྲག་དོགས་བསྐུར་བ་མང་དུ་འདེབས།

 
2009.01.18 22:37:55
quest
ཕྲག་དོག་ཟེར་བ་ངས་མི་ཤེས༎
དྲང་གཏམ་སྨྲ་ལ་ང་རང་དགའ༎
ཡོན་ཏན་ཅན་ཞེས་བཀུར་བ་ན༎
སྐྱོན་རྣམས་ཡོན་ཏན་མི་འགྱུར་རམ༎


 
2009.01.19 00:11:25
quest
སྐྱོན་ཡང་ཡོན་ཏན་ཡིན་པ་ངས་མི་ཤེས།
ཕྲག་དོགས་དྲང་པོར་ཡིན་པ་ངས་མི་ཤེས།
སྨྱོན་པར་ཁ་ཡ་བྱེད་མཁན་སྨྱོན་པ་རུ།
འདོད་པར་སྔོན་བྱོན་མེས་པོས་གསུངས།

 
2009.01.19 01:46:54
quest
ཧ་ཧ། ཁྱོད་ཀྱིས་གོང་དུ་བཀུར་བའི་བེ་རི་དེར༎
བསྟོད་པ་མ་ཤེས་དོན་ལ་སྨྱོན་པར་བསྒྲུབས༎
ང་ནི་ཁྱོད་ཀྱི་ཚིག་དུམ་འཁྱར་འཁྱོར་དེ༎
མཐོང་ནས་གད་མོ་སེམས་ཀྱི་གཏིང་ནས་ཤོར༎

 
2009.01.18 22:07:01
quest
སྨྱོན་པ་ས་སྨྱོན་རྡོ་སྨྱོན༎
སྨྱོ་གཏམ་ལ་བཤད་ལུང་བཤད༎
སྨྱོ་རྩོམ་ལ་འབྲི་ལུང་འབྲི༎
དག་ཆ་སྨྱོན་པ་ལངས་ཤོར༎

 
2009.01.18 22:34:33
ཡོན་ཏན་ཐོག་མེད་བེ་རི་དགེ་བཤེས་ལ།
ཕྲག་དོགས་དུག་གཟིར་ཀླད་ཆུང་འགས།
འགྲན་འདོད་འགྲམ་ཆུ་འཁོར་བ་ནི།
སྨྱོ་རྟགས་ངོ་མ་མ་ཡིན་ནམ།

 
2009.01.18 22:42:03
quest
ཐོར་རྩོམ་ཤོ་ལོ་ཀ་གཅིག་ནང༌༎
ཡིག་ནོར་འཁྱར་འཁྱོར་མང་པོ་འགའ༎
ང་ཡི་མིག་ལ་ཚེར་མ་འདྲ༎
བེ་རིའི་ཚབ་ཏུ་ལོངས་རྒྱུ་ཞོག

 
2009.01.19 00:18:17
quest
མཁས་ལ་བཀུར་བ་ཡ་རབས་ལུགས་བཟང་རེད།
དམན་ལ་བརྩེ་བ་བྱམས་བརྩེའི་སྲོལ་བཟང་རེད།
ཡོད་ཚད་རང་ལ་རེ་བ་བ་རྒྱལ་རེད།
ང་རྒྱལ་ཅན་དེས་ཡོད་ཚད་ཕུང་ལ་སྦྱོར།

 
2009.01.18 22:32:20
quest
སྨྱོན་པའི་སྨྱོ་རྩོམ་ལ་ལུང་ཀུན་ལ་ཁྱབ༎
སྨྱོན་པའི་སྨྱོ་རྟགས་དྲ་ངོས་འདི་ལ་བསྟན༎
བོད་ཀྱི་སྙན་ངག་ཅེས་པའི་རླབས་ཆེན་དེ༎
སྨྱོན་པའི་སྨྱོ་གཏམ་ཙམ་དུ་འགྱུར་ལ་ཉེ༎


 
2009.01.18 23:27:08
quest
བེ་རི་སྨྱོན་པའི་སྨྱོ་རྟགས་ཡིན་ན་འདྲ༎
ཡིག་ནོར་ཐར་ཐོར་མཐོང་རྒྱུ་ཡོད་ན་འདྲ༎
སྙན་ངག་ཅེས་པ་སྨྱོ་གཏམ་འགྱུར་ན་འདྲ༎
སྨྱོན་པ་འདི་ལ་དོ་ཟླ་མི་འདུག་ཀོ།

 
2009.01.18 23:53:13
quest
དོ་ཟླ་ཡོད་མེད་ང་ལ་འབྲེལ་བ་མེད༎
སྐྱོན་ཆ་ཡོད་སར་མཛུབ་མོ་བཙུགས་པ་དང༌༎
རྣག་གསོག་ཡོད་སར་ཁབ་རྩེ་བཙུགས་པ་ཡིན༎
དེ་ནི་ང་ཡི་དྲང་བདེན་རྣམ་ཐར་ཡིན༎

 
2009.01.19 19:04:03
སྐྱོན་ལ་མཛུབ་བཙུགས་བྱས་ན་མཁས་པ་རེད༎
རྣག་ལ་ཁབ་བཙུགས་མཛད་ན་བྱམས་སེམས་རེད༎
གཞན་གྱི་ཕུན་ཚོགས་སྡང་ན་ང་རྒྱལ་རེད༎
དྲང་བདེན་རྣམ་ཐར་ཡིན་ན་ལོས་ཡག་རེད༎

 
2009.01.19 19:48:02
quest
སྐྱོན་ལ་མཛུབ་བཙུགས་བྱས་ན་མཁས་པ་ཅི་ལ་ཆགས༎
རྣག་ལ་ཁབ་བཙུགས་བྱས་ན་བྱམས་སེམས་ཡིན་དོན་མེད༎
གཞན་གྱི་ཕུན་ཚོགས་སྡང་ན་ང་རྒྱལ་ག་ལ་འགྱུར༎
དེ་དག་སྔ་ཕྱི་འགལ་བ་ཁྱོད་ཀྱིས་ཤེས་པར་གྱིས༎

 
2009.01.19 21:32:38
སྐྱོན་ལ་སྐྱོན་དུ་མཐོང་ན་མཁས་པ་མི་ཟེར་ན༎ སྐྱོན་ལ་ཡོན་ཏན་མཐོང་དུས་མཁས་པ་ཟེར་དགོས་སམ༎
རྣག་ལ་ཁབ་བཙུགས་བྱས་པ་བྱམས་པས་མ་ཡིན་ན༎ རྣག་ཆུ་ཕྱིར་རུ་འདོན་པ་དགའ་ནས་ཡིན་རྒྱུ་མའ།

 
2009.01.19 21:57:35
quest
སྐྱོན་ལ་སྐྱོན་དུ་མཐོང་ཚད་མཁས་པ་མིན༎
སྐྱོན་ལ་སྐྱོན་དུ་མཐོང་ན་དྲང་པོ་ཟེར༎
རྣག་ལ་གཏར་ཁས་རྟོལ་བ་བྱམས་པ་མིན༎
རྣག་ཆུ་ཕྱི་རུ་འདོན་པ་སྨན་བཅོས་ཟེར༎
དེ་འདྲ་ཙམ་གྱི་དབྱེ་འབྱེད་མ་ཤེས་ན༎
གཞན་ལ་དགག་རྒྱག་བྱེད་རྒྱུ་བཞག་ན་དགའ༎

 
2009.01.19 23:39:39
quest
བྱམས་པ་མ་རེད་སྨན་བཅོས་རེད་གསུངས་ན།།
སྨན་བཅོས་བྱེད་པ་རོགས་རམ་མ་རེད་དམ༎
རོགས་རམ་དེ་ཡང་གཞན་ཕན་མ་རེད་དམ༎
གཞན་ཕན་དེ་ཡང་བྱམས་པ་མ་རེད་དམ༎
དེ་འདྲ་ཙམ་གྱི་དབྱེ་འབྱེད་མ་ཤེས་ན༎
སྦོབ་ཤོབ་དེ་ཙམ་བཤད་ན་མི་མཛེས་འདུག།

 
2009.01.20 00:31:11
quest
སྨན་བཅོས་ཟེར་བ་ཀུན་གྱི་ལུགས་སྲོལ་ཙམ༎
སྨན་བཅོས་བྱས་ཚད་བྱམས་པ་རེད་ཟེར་ན༎
བྱམས་པ་མེད་ས་གཅིག་ཀྱང་སྟོན་རྒྱུ་དཀའ༎
དེས་ན་བྱམས་པ་ཟེར་བའི་རླབས་པོ་ཆེ༎
ཧ་ཅང་བྱབ་ཆུང་ཞིག་ཏུ་མི་འགྱུར་གྲང༌༎

བྱམས་དང་སྙིང་རྗེ་ཟེར་བ༎
ཁ་ནས་ཤོད་སྟབས་བདེ་ཡང༌༎
དོན་ལ་ལག་ལེན་མེད་ན༎
བྱམས་པའི་མཚན་ཉིད་མི་ཚང༌༎

 
2009.01.19 00:19:18
quest
མཁས་ལ་བཀུར་བ་ཡ་རབས་ལུགས་བཟང་རེད། དམན་ལ་བརྩེ་བ་བྱམས་བརྩེའི་སྲོལ་བཟང་རེད། ཡོད་ཚད་རང་ལ་རེ་བ་ང་རྒྱལ་རེད། ང་རྒྱལ་ཅན་དེས་ཡོད་ཚད་ཕུང་ལ་སྦྱོར།

 
2009.01.19 01:51:59
quest
སྐྱོན་ལ་སྐྱོན་དུ་སྨྲ་བ་ང་ཡི་གཤིས༎
གཡག་ཞར་རྩྭ་ཟའི་རྗེས་འབྲང་ཁྱོད་ཀྱི་གཤིས༎
ཡ་རབས་བྱམས་བརྩེ་ཟེར་བ་ཐ་སྙད་ཙམ༎
ང་ནི་ཁྱོད་ལ་བལྟས་ན་སྣང་བ་སྐྱོ༎


 
2009.01.19 10:39:32
མཐོན་པོ་མ་བཀུར་བསམ་པ་མེད་ཀྱང་རྡོག་ཁྲེས་བཞིན་དུ་གནོན་རྐྱང་རེད། །འོག་མ་མ་བསྐྱངས་བསམ་པ་མེད་ཀྱང་སྲིན་འབུ་བཞིན་དུ་ཟ་རྐྱང་རེད། །མཁས་ལ་བཀུར་དང་དམན་པ་སྐྱོང་ཞེས་གཡོ་རྒྱུའི་ཁ་དེ་ཐལ་བས་ཆོད། །རང་མགོ་རང་གིས་ཐོན་ཙམ་བྱུང་ན་སྐལ་བཟང་ནང་གི་ཡང་བཟང་རེད། །